དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་28པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-13

    ཚེས་11ཉིན་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་28པ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《ཕྱི་ཚུལ་རིང་ལུགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2019ལོའི་ལྟ་སྐུལ་ལས་དོན་འཆར་གཞི་ལེགས་སྒྲིག་གི་ཇུས་གཞིར་ཞིབ་འཇུག་བྱས་པ་དང་འབྲེལ་མིག་སྔའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཁག་སླར་ཡང་བཀོད་སྒྲིག་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》ཀྱི་ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཇུས་གཞིར་ཞིབ་འཇུག་བྱས་པ་དང་འབྲེལ་རང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཁྲིམས་བསྟར་ཞིབ་བཤེར་དང་2019ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད་བོད་ཀྱི་བྱ་སྤྱོད་བྱེད་སྒོ་དངོས་སུ་སྤེལ་རྒྱུའི་གཏན་འབེབས་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཀྲུའུ་རེན་ཚོགས་འདུའི་ཐོག་འདི་ལོ་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞིབ་བཤེར་སྲོལ་ཡིག་གི་ཁྲིམས་བསྟར་ཞིབ་བཤེར་དང་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱས་ཚུལ་དང་། ས་མཚམས་ནས་འགྲོ་འོང་བྱེད་མཁན་ལ་དོ་དམ་བྱེད་པའི་ལས་དོན་གནས་ཚུལ། འཐུས་མིའི་ཚོགས་ཆུང་འཛུགས་པ་དང་དེ་བཞིན་བྱེད་སྒོ་སྤེལ་ཚུལ་བཅས་སྐོར་གྱི་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་སླར་ཡང་མི་སྤེལ་བར་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཁྲིམས་བསྟར་ཞིབ་བཤེར་དང་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་དུས་རབས་བྱ་སྤྱོད་བོད་ཀྱི་བྱ་སྤྱོད་བྱེད་སྒོ་མཉམ་དུ་ཟླ་སྒྲིལ་བཏང་ནས་སྤེལ་རྒྱུ་དང་། དཔལ་འབྱོར་འཁོར་སྐྱོད་བྱ་ཚུལ་དང་ལྗོངས་ཐད་གཏོགས་སྡེ་ཚན་གྱི་སྔོན་རྩིས་ལག་བསྟར་བྱ་ཚུལ་གྱི་ཆེད་དོན་བརྟག་ཞིབ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་ཚུལ་གྱི་ཆེད་དོན་བརྟག་ཞིབ། “ལག་བསྟར་བྱེད་དཀའ་བའི”གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཁྲིམས་ཁང་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་གནས་ཚུལ་སྐོར་གྱི་ཞིབ་དཔྱོད་ཁང་གི་ཆེད་དོན་བརྟག་ཞིབ་བཅས་ཟླ་སྒྲིལ་བཏང་ནས་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།

    ཚོགས་འདུའི་ཐོག་ད་དུང《མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་ཞིབ་ཀྱི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་རྒྱ་སྐྱེད་དུ་འཇོག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར(མ་ཟིན)》དང་དེ་མིན་བྱ་བར་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།