དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་བོད་ལྗོངས་མཁའ་འགྲུལ་ཀུང་སིར(ལྷ་སའི་རྟེན་གཞི)བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-05

    ཚེས་2ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བོད་ལྗོངས་མཁའ་འགྲུལ་ཀུང་སིར(ལྷ་སའི་རྟེན་གཞི)ཕེབས་ཏེ་བདེ་འཇགས་ཐོན་སྐྱེད་ཐད་ཆེད་དོན་བརྟག་ཞིབ་གནང་བ་དང་འབྲེལ་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་ལས་བྱེད་པ་དང་ལས་བཟོའི་འཐུས་མི་ཚོ་དང་བཞུགས་མོལ་ཡང་གནང་བ་རེད།

    ཚོགས་འདུའི་ཐོག་མཁའ་འགྲུལ་བདེ་འཇགས་ལས་དོན་སྐོར་གྱི་བོད་ལྗོངས་མཁའ་འགྲུལ་ཀུང་སི་དང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད། བོད་ལྗོངས་མཁའ་འགྲུལ་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་སྡེ་ཚན་ཁག་གིས་དེ་བས་རྣམ་འགྱུར་ནན་པོའི་སྒོ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐར་པར་མི་གཏོང་བའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྩ་ལག་མཉམ་བཅོས་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་བཅས་བྱས་ཏེ་དུས་གཏན་གནམ་གྲུ་རེ་རེ་བཞིན་དང་ལྷུ་ཚིགས་རེ་རེ་བཞིན་དམ་འཛིན་བྱས་ནས་བདེ་འཇགས་འགན་འཁྲི་ལས་གནས་དང་མིའི་ཐོག་ཏུ་འཁྱོལ་བ་བྱས་ཏེ་བདེ་འཇགས་བརྟན་པོ་དང་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་དགོས་པ་སྟེ།

    གཅིག་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས། བོད་ལྗོངས་མཁའ་འགྲུལ་ཀུང་སིས་འདི་ལོ་འཕུར་སྐྱོད་ཀྱི་བདེ་འཇགས་ལོར་བརྩི་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་དགོས་པ་དང་། ཀུང་སིའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དེང་རབས་ཁེ་ལས་ཀྱི་ལམ་ལུགས་བཙུགས་ཏེ་འགན་འཁྲི་ཁ་གསལ་དང་། རང་འགན་གཙང་སྒྲུབ། མཉམ་ཤུགས་ཆགས་པ་བཅས་བྱེད་དགོས་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྟ་འདོམས་ནན་པོ་དང་དགའ་གཅེས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་དུས་རྒྱུན་གྱི་སློབ་གསོའི་གསོ་སྦྱོང་དམ་འཛིན་ཡག་པོ་བྱེད་དགོས་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས་ཏང་འཛུགས་སྐྱོང་བོད་ལྗོངས་མཁའ་འགྲུལ་གཉེར་སྐྱོང་དོ་དམ་གྱི་ལས་དོན་ཁག་གི་འགོ་ནས་མཇུག་བར་ཁྱབ་པར་བྱས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བདེ་འཇགས་དམ་འཛིན་བྱེད་དགོས།

    གཉིས་ནས་ལྟ་འདོམས་ཀྱི་འགན་འཁྲི་ལག་ལེན་མཐའ་གཅིག་ཏུ་བྱེད་དགོས། ལས་རིགས་ཀྱི་ལྟ་འདོམས་སྡེ་ཚན་གྱིས་ལས་དོན་ཧུར་ཐག་སྒྲུབ་པའི་འགན་འཁུར་གྱི་སྙིང་སྟོབས་བཅངས་ནས་ལས་གནས་ཀྱི་འགན་འཁྲི་བརྟན་པོ་སྲུང་བ་དང་། བོད་ལྗོངས་མཁའ་འགྲུལ་གྱི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ནན་པོ་དང་། ཏན་ཏིག ཞིབ་ཚགས་བཅས་མེད་པའི་ལས་ཀའི་སྤྱོད་ཚུལ་མཐའ་གཅིག་ཏུ་ཡོ་བསྲང་བཅས་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།

    གསུམ་ནས་ཞབས་ཞུ་འགན་ལེན་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། བརྩེ་བ་ཟབ་མོའི་ཞབས་ཞུའི་འདུ་ཤེས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་ལ་ཞིབ་འཇུག སྐྱེལ་འདྲེན་གྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འགྲུལ་པར་སེམས་རྩ་འཁོལ་པོས་ཞབས་འདེཌ་ཞུ་བ་བཅས་བྱས་ཏེ་བོད་ཀྱི་མཁའ་འགྲུལ་མཁའ་དབྱིངས་ཀྱི་ཚེ་སྲོག་ལམ་དང་། སྐྱེལ་འདྲེན་འགན་ལེན་གྱི་ལམ། མི་རིགས་མཐུན་སྒྲིལ་གྱི་ལམ། སྤྱི་ཚོགས་ཡར་ཐོན་གྱི་ལམ་བཅས་སུ་འགྱུར་བར་བྱེད་དགོས་པ་དང་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་སྒུལ་ཤུཌ་གསར་པ་དང་རམ་འདེཌ་བྱེད་ཐབས་སུ་འགྱུར་བར་བྱེད་དགོས།

    བཞི་ནས་རྣམ་གཡེང་དང་བག་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་དང་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།