དབུ་ཤོག>སྲིད་དོན།
  • ཅང་ཅེས་ཉིང་ཁྲི་གྲོང་ཁྱེར་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-05

     ཟླ་3ཚེས་30དང་31ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཉིང་ཁྲི་གྲོང་ཁྱེར་དུ་ཕེབས་ནས་སྨན་གླིང་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཆེད་དོན་སྙན་ཞུ་གསན་ནས་འབྲེལ་ཡོད་ལས་དོན་ལ་མཐུན་སྦྱོར་དང་ཞིབ་འཇུག་ཀྱང་གནང་བ་རེད།

    ཆེད་དོན་སྙན་ཞུ་གསན་པ་དང་འབྲེལ་སྨན་གླིང་གྲོང་རྡལ་སྦམས་གྲོང་གྲོང་ཚོའི་རྣམ་པ་དང་། བཙོག་ཆུ་གཙང་གསིང་། ཆབ་ནག་ཤང་ཞེས་དཀར་མོན་པ་གྲོང་ཚོའི་ཡུལ་སྐོར། བོད་ཤོག སྤོས། སྣོད་བཅུད་ཞིང་ལས་སོགས་ཀྱི་ཐོན་ལས་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་རྗེས། ཅང་ཅེས་ཉིང་ཁྲི་གྲོང་ཁྱེར་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་གྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་ཉིང་ཁྲི་གྲོང་ཁྱེར་ལ་ལྗོངས་ཡོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་གྱི་མདུན་གྲལ་དུ་མུ་མཐུད་སྐྱོད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

    ཅང་ཅེས་ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྔ་ཕྱི་བར་གསུམ་དུ་དམག་དཔུང་འདུས་སྡོད་དང་དམངས་བདེ་མཉམ་དུ་སྤེལ་བ་དང་མཐའ་སྲ་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐའ་མཚམས་སྲ་བརྟན་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་བཅས་འགན་ལེན་བྱེད་དགོས། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས“མཐའ་སྲ་མཐའ་བརྟན་མཐའ་དར”གྱི་ལས་ཀའི་བསམ་ཕྱོགས་ལ་མུ་མཐུད་ཤུགས་སྣོན་དང་། མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་ཡོད་པའི་མང་ཚོགས་ལ་གནད་སྨིན་དབུལ་སྐྱོར། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བརྟན་པོ་བཅས་བྱས་ཏེ་ཁོང་ཚོ་སྡོད་ཁང་ཡག་པོར་སྡོད་ཐུབ་པ་དང་། སེམས་གནས་ཐུབ་པ། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས། སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་དང་ལྷག་པར་དུ་གད་སྙིགས་གཙང་སེལ་དང་བཙོག་ཆུ་གཙང་གསིང་སྒྲིག་ཆས་ཀྱི་རྣམ་གྲངས་ཀྱི་འཆར་འགོད་དང་འཁོར་རྒྱུག་ལ་མཐོང་ཆེན་དང་མ་གནས་དམའ་བ་དང་། ཟད་གྲོན་ཆུང་བ། བདག་གཅེས་བྱེད་བདེ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་བཟོ་རྩལ་ལ་སྣང་ཆེན་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་མི་སྡོད་ཁོར་ཡུག་རྒྱུན་མཐུད་བཟང་པོ་དང་ཡུན་རིང་མཛེས་པོ་ཡོང་བར་བྱེད་དགོས། སྲིད་ཇུས་ཡང་དག་པ་དང་ཁ་གསལ་པོའི་ངང་ཁོང་དུ་ཆུད་པར་བྱས་ཏེ་འཆར་གཞི་ལག་ལེན་བསྟར་རིང་ཚད་ལས་མཐའ་གཅིག་ཏུ་མི་བརྒལ་བ་དང་། མང་ཚོགས་ཀྱི་ཁུར་པོ་ཆེ་རུ་མི་གཏོང་བ། མ་དངུལ་དོན་འཁྱོལ་བཅས་བྱས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་དུས་བཀག་ལྟར་ཕྱོགས་ཡོངས་ནས་འཆར་འགོད་ཀྱི་དམིགས་ཚད་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།