དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2019ལོའི་ཚོགས་འདུ་ཐེངས་དང་པོ་དང་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-04

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2019ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། 2018ལོའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཕྱོགས་སྡོམ་བྱས་པ་དང་འབྲེལ་ཡོད་སྲིད་ཇུས་ཀྱི་ཡིག་ཆར་ཞིབ་འཇུག་བྱས་པ་དང་འབྲེལ་2019ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ཏེ།“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་གཞི་རྩའི་བྱ་ཐབས་སུ་བྱེད་པ་དང་། ཐབས་ཇུས་ལག་བསྟར་དང་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་གཙོ་གནད་དུ་བྱེད་པ། ཞབས་ཞུ་ལེགས་སུ་གཏོང་བ་དང་ལས་ཕྱོད་མཐོ་རུ་གཏོང་རྒྱུ་ཚད་བརྒལ་སར་བཅས་བྱས་ནས། ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་གྱུར་དང་སྟོབས་ཤུགས་གཅིག་ཏུ་འདུས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་གི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་རའི་བྱེད་པོ་20%ཡན་འཕར་བ་དང་། དམངས་ཁྲོད་མ་འཇོག་15%ཡན་འཕར་བ། ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་300ཡན་གནས་སར་འབྱོར་བ། ཁེ་ལས་ཀྱི་ཁྲལ་དངུལ་10%ཡན་ཆག་པ། ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་གཡར་ཚད་10%ཡན་འཕར་བ་བཅས་ཀྱི་འགན་ལེན་བྱེད་དགོས། སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དམངས་གཉེར་ཁེ་ལས་ལ་ཞབས་ཞུ་བྱེད་པའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ཚོང་འགུག་མ་འདྲེན་ལ་དམ་འཛིན་ནན་པོ་བྱས་ཏེ་དམངས་ཁྲོད་མ་འཇོག་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ། ནོར་སྲིད་ཀྱི་དངུལ་རྩའི་རྒྱབ་སྐྱོར་ལ་དམ་འཛིན་ནན་པོ་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་བྱ་རྒྱུར་རོགས་རམ་བྱེད་པ། སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་འཛུགས་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་དུས་ཐོག་ཏུ་དམངས་གཉེར་ཁེ་ལས་ཀྱི་རེ་འབོད་དང་ལེན་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་2019ལོ་དེ“སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་ལག་བསྟར་གྱི་ལོ་ཞིག་དང་སྲིད་ཇུས་དོན་འཁྱོལ་གྱི་ལོ་ཞིག”ཏུ་འགྱུར་བ་དང་། རང་ལྗོངས་འདི་ཉིད་རྒྱ་ཆེའི་དམངས་གཉེར་ཁེ་ལས་པས་འཇོན་ཐང་ངོམས་སའི་གར་སྟེགས་དང་གྲུབ་འབྲས་ཆེན་པོ་ཐོབ་སའི་ས་གཤིན་པོར་འགྱུར་བ་བྱས་ཏེ། དུས་རབས་ཀྱི་ལེའུ་གསར་བསྐྱར་རྩོམ་པ་དང་དུས་རབས་ཀྱི་བྱས་རྗེས་གསར་པ་བསྐྱར་འཇོག་གིས་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།