དབུ་ཤོག>སྲིད་དོན།
  • མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུཌ་སྐྲུན་གྱི་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-03

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལས་དོན་སྐོར་གྱི་མཐའ་མཚམས་གྲོང་ཁྱེར་དང་ས་ཁུལ་4དང་ཆེད་དོན་ཚོགས་ཚུང་ཁག་གི་སྙན་སེང་གསན་པ་མ་ཟད། གོམས་སྟབས་རྗེས་མའི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་། བོད་དམག་ཁུལ་ཁང་གི་སི་ལིན་ཡོན་གཞོན་པ་ཐུབ་བསྟན་འཕྲིན་ལས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཅང་ཅེས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ལས་འགན་ལྕི་ལ་དུས་ཚོད་ཛ་དྲག་པོ་ཡོད། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་འབྲེལ་མཐུད་ཧུར་ཐག་བྱེད་པ། སྲིད་ཇུས་སྔར་བས་གསེད་དཀྲོལ་དང་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཛུགས་སྐྲུན་བསྐྱར་ཟློས་དང་མ་དངུལ་བསྐྱར་འཇོག་མི་བྱེད་པ་དང་། འཆར་གཞི་ལག་བསྟར་ནན་ཏན་བྱས་ཏེ་རྩིས་ཐོ་ཞིབ་ཚགས་སུ་གཏོང་བ་དང་། ལས་ཡུན་ལྡོག་སྒྲིག་བྱེད་པ། ལས་བགོས་འགན་འཁུར་བྱེད་པ། མཉམ་ཤུགས་ཆགས་པར་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་མཐོང་ཆེན་བཅས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་འཆར་བཀོད་ལག་བསྟར་གནད་སྨིན་ཐུབ་པ་དང་། གྲོང་ཚོར་གནད་སྨིན་དོན་འཁྱོལ་ཐུབ་པ། དུད་ཚང་ལ་གནད་སྨིན་དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ཏེ་ཟླ་རེར་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་གནས་ས་ཐོག་གི་ལྟ་སྐུལ་ཞིབ་བཤེར་དུས་བསྟུན་སྒྲིག་འཛུགས་ཀྱིས་སྤེལ་ནས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།