དབུ་ཤོག>སྲིད་དོན།
  • ཅང་ཅེ་རྒྱལ་ཡོངས་ཀྱི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-02

     ཟླ་3ཚེས་28ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ལས་དོན་ལ་ཕྱོགས་སྡོམ་དང་ཉམས་མྱོང་སྤེལ་རེས་བྱས་པ་དང་འབྲེལ། སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་སྐུལ་སློང་བཀོད་སྒྲིག་མགྱོགས་པོ་དང་གཟབ་ནན་ངང་སྐུལ་འདེད་ཧུར་ཐག་བཏང་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་དེ་ལས་གྲྭ་དང་རྣམ་གྲངས་འཛུགས་སྐྲུན་ལ་ཕན་འབྲས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་འགན་ལེན་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བོད་ལྗོངས་ཡན་ལག་ཚོགས་རར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཅེས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ནི་ཆ་ལག་ཚང་བའི་འདུ་འགོད་ཅིག་ཡིན་པས། གྲོང་ཁྱེར་དང་ས་ཁུལ་ཁག་དང་། རྫོང་ཆུས། སྡེ་ཚན་ཁག་བཅས་ཀྱིས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། གོ་སྐབས་དམ་འཛིན། དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས། ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་གཏོང་། ཞིབ་མཆན་འགོད་པའི་ལས་ཆོད་ཆེར་གཏོང་། ཞིབ་མཆན་འགོད་པའི་དུས་ཚོད་ཐུང་དུ་གཏོང་བ། ཚོང་གཉེར་གྱི་ཁོར་ཡུག་ལེགས་གཏོང་། སྒྱུར་བཅོས་ཀྱི་ཁེ་སྤོགས་རག་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར། སྒྱུར་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་ལས་གྲྭ་འཛུགས་སྐྲུན་གྱི་ཞིབ་མཆན་འགོད་པའི་ལམ་ལུགས་ཀྱི་མ་ལག་ཧུར་ཐག་བཙུགས་ཏེ། ཁྲོམ་རའི་བྱེད་པོའི་བློ་ཡིད་ཚིམ་ཚད་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་ཕྱག་རྟགས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།