དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཟླ་དང་པོ་དང་གཉིས་པའི་རིང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-15

    སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་12ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཟླ་དང་པོ་དང་གཉིས་པའི་རིང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ཟླ་དང་པོ་དང་གཉིས་པའི་རིང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་གནང་བ་དང་སྦྲགས་ཉེ་དུས་ཀྱི་གཙོ་གནད་ལས་དོན་ཁག་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་ཟབ་ཏུ་བཏང་ཐོག་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་བརྩོན་དང་། ལེགས་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་རྩ་བའི་བྱེད་ཐབས་སུ་བྱས་ནས། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། “འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”མུ་མཐུད་ཡག་པོ་རྒྱག་པ། “ཐོན་ལས་ཆེན་པོ་བདུན”ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ། ཡིད་ཆེས་བརྟན་དུ་བཏང་ནས་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། དུས་ཚིགས་དང་པོའི་ནང་གྲུབ་འབྲས་ཡག་པོ་ཐོབ་པར་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་ཏེ།

    གཅིག་ནས“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་བརྒྱབ་ནས་རྒྱལ་ཁ་ལེན་རྒྱུ་དམ་འཛིན་བྱེད་དགོས། གཉིས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འབབ་འཕར་དང་སློབ་ཆེན་སློབ་མའི་ལས་ཞུགས་གཙོ་གནད་དུ་བྱས་པའི་དམངས་འཚོ་ལེགས་གཏོང་ལ་དམ་འཛིན་བྱེད་དགོས། གསུམ་ནས་གཏན་འཇགས་རྒྱུ་ནོར་ལ་མ་རྩ་གཏོང་རྒྱུ་དམ་འཛིན་བྱེད་དགོས། བཞི་ནས“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱེད་དགོས། ལྔ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དམ་འཛིན་བྱེད་དགོས། དྲུག་ནས་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་འགན་ལེན་ལ་དམ་འཛིན་བྱེད་དགོས། བདུན་ནས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱེད་དགོས། བརྒྱད་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།