དབུ་ཤོག>སྲིད་དོན།
  • ཇི་ལྟར་བྱས་ནས“རྒས་དུས་འཚོ་རྟེན་ཡོད་པའི”འགན་ལེན་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-09

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་གི་སྙོམས་སྒྲིག་བསྡུར་གྲངས་མུ་མཐུད་མཐོ་རུ་གཏོང་བ་དང་འཐེན་སྒྱུར་གྱི་གཞུང་ཁོངས་མ་དངུལ་ཁག་གཅིག་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་སྣོན་དགོས། རྒན་གསོ་དང་ལྷག་དོན་དུ་སྤྱི་ཚོགས་རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྡེ་ཁུལ་ལ་ཉིན་མོའི་ལྟ་སྐྱོང་དང་། དྲག་སྐྱེད་ནད་སྐྱོང་། ཟ་སྐྱོད་རོགས་སྐྱོར་སོགས་ཞབས་ཞུའི་སྒྲིག་གཞིར་ཁྲལ་གྲོན་རྩ་ཆག་དང་། མ་དངུལ་གྱི་རྒྱབ་སྐྱོར། ཆུ་གློག་རླངས་དྲོད་རིན་གོང་གཟིགས་སྐྱོང་སོགས་ཀྱི་ཐད་ནས་རོགས་སྐྱོར་བྱེད་དགོས་ཞེས་བཏོན་ཡོད།

    རང་རྒྱལ་ལ་ལོ་60ཡན་གྱི་མི་འབོར་དུང་ཕྱུར་2.5ཡོད་ཅིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེན་ཀྲུང་ཧུང་གིས་རྒན་གསོའི་དངུལ་ལུགས་མཐུན་ངང་སྤོར་བ་དང་འདང་སྤྲོད་རྒྱུ་འགན་ལེན་དང་“རྒས་དུས་འཚོ་རྟེན་ཡོད་པའི”དངོས་པོའི་རྨང་གཞི་མཁོ་འདོན་བྱས་ཡོད་པས་སྲིད་ཇུས་ཀྱི་ནང་དོན་དོན་ཐོག་ཏུ་སྨིན་པ་ཞིག་ཡོད། རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཆབས་ཅིག་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ན་མིག་སྔའི་རྒན་གསོའི་ཞབས་ཞུའི་ཞན་ཆ་དང་སྤུས་ཚད་མཐོ་པོ་མེད་པའི་གནས་ཚུལ་ལེགས་བཅོས་བྱེད་ཐུབ། དེ་ནི་གལ་ཆེ་ལ་ཕན་པ་ཆེ་བའི་གཏམ་བཟང་ཞིག་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།