དབུ་ཤོག>སྲིད་དོན།
  • དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་དུས་མཚམས་ཀྱི་གཙོ་གནད་དམིགས་ཚད་གང་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-08

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གནད་སྨིན་དབུལ་སྒྲོལ་ཐུབ་པ་བྱེད་པར་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞི་མཐའ་འཁྱོངས་དང་ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དོ་ཁུར་གྱིས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲན་ཤིས་ཞིང་ཆེན་ཡིའུ་ཡུས་རྫོང་ཝུའེ་ཡོན་གྲོང་རྡལ་ཀྲང་ཆན་ཧུའུ་ལིན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཧུང་ཤང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་བའི་དམིགས་ཚད་བཏོན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་དུས་མཚམས་སུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གཅིག་སྡུད་འགག་སྒྲོལ་ལ་དམིགས་དགོས་ལ། དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་མང་ཚོགས་དབུལ་པོའི་ནང་གནས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། དེ་དང་ཆབས་ཅིག དཔྱད་ཞིབ་ལྟ་སྐུལ་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་ལ་མང་ཚོགས་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་པའི་འགན་ལེན་བྱེད་དགོས་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།