དབུ་ཤོག>སྲིད་དོན།
  • སྦགས་བཙོག་འགོག་བཅོས་ལ་འདི་ལོ་ཇི་ལྟར་བྱས་ནས་སྐུལ་འདེད་གཏོང་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-08

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། སྦགས་བཙོག་འགོག་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། འདི་ལོ་དབྱང་གཉིས་ཐཱན་འགྱུར་དང་ཏན་དབྱང་འགྱུར་རྫས་འབུད་ཚད་3%མན་ཆག་པ་དང་། གཙོ་གནད་ས་ཁུལ་གྱི་ཕྲ་རྡུལ(PM2.5)གར་ཚད་མུ་མཐུད་ཆག་པ་བྱེད་དགོས། པེ་ཅིང་། ཐེན་ཅིན། ཧོ་པེ་གསུམ་དང་དེའི་ཉེ་འཁོར་དང་། འབྲི་ཆུའི་འགག་གསུམ། ཝུའེ་ཧྥེན་ཐང་གཤོངས་བཅས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་བཅོས་སྒྲིག་འགག་སྒྲོལ་མུ་མཐུད་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཐེན་ཅིན་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་དབུན་ཅོན་གྱིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་ཆོད་སེམས་བརྟན་པོ་མངོན་པ་དང་མཁའ་རླུང་དང་། ཆུ། ས་རྒྱུ་བཅས་བཅོས་སྒྲིག་དང་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ལུགས་གཙོ་གནད་ཐོག་བཏོན་ཡོད། དོ་སྣང་བྱེད་དགོས་པ་ཞིག་ནི། སྙན་སྒྲོན་ནང་། ཁོར་ཡུག་སྲུང་ཐབས་སྒྱུར་བཅོས་གསར་གཏོད་བརྒྱུད། ལྟ་སྐུལ་དོ་དམ་ཐད“རྒྱུག་པ་ལེབ་རྡུང”མི་ཡོང་བ་དང་། མཉམ་བཅོས་མཉམ་འདོམས་ཀྱི་མཉམ་ཤུགས་ཆགས་པ། ཁེ་ལས་ཀྱི་ནང་གནས་ཁོར་ཡུག་སྲུང་སྐྱོང་གི་སྒུལ་ཤུགས་ཆེར་གཏོང་བཅས་བཏོན་ཡོད་པས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་དངོས་འབྲེལ་ཐུབ་པ་དང་རྒྱུན་མཐུད་ཐུབ་རྒྱུར་ཕན་པ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།