དབུ་ཤོག>སྲིད་དོན།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན(གནད་བསྡུས)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-06

    གྲངས་གཞིའི་ཐོག་ནས་2018 ལོའི་གྲུབ་འབྲས་མངོན་པ། 

    དཔལ་འབྱོར་གྱི་འཕེལ་ཕྱོགས་ལེགས་པ། 

    རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.6%འཕར་བ་དང་། བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་90ལས་བརྒལ་བ། 

    དཔལ་འབྱོར་གྱི་གྲུབ་ཆ་བཟང་སྒྲིག་བྱུང་བ།

    ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་60%ཟིན་པ།

    འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོཌ་མྱུར་འཕེལ་བ།

    ཉིན་རེར་ཆ་སྙོམས་ཁེ་ལས་གསར་འཛུགས་བྱེད་ཚད་ཁྲི་1.8ལྷག་ཙམ་ཟིན་པ་དང་། ཚོང་རའི་བྱེད་པོའི་གྲངས་འབོར་དུང་ཕྱུར་1ལྷག་ཙམ་ཟིན་པ། 

    སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ལེགས་པ།

    དངོས་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་30ལྷག་ཙམ་ཟིན་ཞིང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་དུང་ཕྱུར་1383ཟིན་པ།

    འགག་སྒྲོལ་དམག་འཐབ་གསུམ་ལེགས་པར་བརྒྱབ་པ།

    གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ཁྲི་1386ཙམ་ཉུང་དུ་སོང་བ་དང་། གནས་སྤོས་དབུལ་སྐྱོར་མི་གྲངས་ཁྲི་280ཟིན་པ།

    དམངས་ཀྱི་འཚོ་བ་ཉིན་བཞིན་ལེགས་སུ་སོང་བ།

    ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.5%དངོས་སུ་འཕར་བ།

    གསར་གཏོད་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་དོད་པ།

    གསར་གཏོད་གཉིས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་གཏན་ལ་ཕབ་པ་དང་། ལག་རྩལ་གན་རྒྱ་ཚོང་འགྲིག་ཐུབ་ཚད་30%ཡན་འཕར་བ།

    དམངས་འཚོ་ལེགས་གཏོང་གི་འདུ་འགོད་རྒྱུན་མཐུད་སྤེལ་བ།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་དམའ་ཤོས་ཟླ་རེར་སྒོར་70ནས་88སྤར་བ། 

    གྲུབ་འབྲས་གཡུར་དུ་ཟ་བའི་2018 ལོ། 

    འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། བརྟན་པོའི་ངང་ནས་འཕར་བ། སྒྱུར་བཅོས་ལ་སྐུལ་སྤེལ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉམས་ཉེན་འགོག་པ་བཅས་གཅིག་གྱུར་འཆར་འགོད་བྱས་ཤིང་། ཀྲུང་གོ་དང་ཨ་རི་བར་གྱི་དཔལ་འབྱོར་ཉོ་ཚོང་གི་ཕོག་ཐུག་ལ་ཁ་གཏད་བརྟན་པོར་བཅལ་བ། ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ། དངུལ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་གང་ཐུབ་བྱས་ཡོད།

    དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་སྟོང་དུ་རྒྱུན་མཐུད་ཐུབ་ཡོད།

    ▲ རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6.6ཟིན་པ་དང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་90ལས་བརྒལ་ཡོད།

    ▲ དཔལ་འབྱོར་འཕེལ་བའི་མྱུར་ཚད་དེ་གློག་སྤྱོད་དང་དངོས་ཟོག་སྐྱེལ་འདྲེན་སོགས་པའི་དངོས་པོའི་འབོར་གྲངས་ཀྱི་དམིགས་ཚད་དང་ཆ་མཐུན་བྱུང་ཡོད།

    ▲ གྲོང་མིའི་འཛད་སྤྱོད་རིན་གོང་2.1%འཕར་བ་དང་། རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆ་ནས་དོ་མཉམ་བྱུང་ཡོད། 

    ▲ གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་འཕར་ཚད་མི་གྲངས་ཁྲི་1361ཟིན་པ་དང་། བརྟག་དཔྱད་བྱས་འབྲས་ལས་ལས་ཀ་ཤོར་ཚད་5%ཡས་མས་ཀྱི་ཚད་གཞི་ཅུང་དམའ་པོར་བརྟན་གནས་ཐུབ་ཡོད།

    དཔལ་འབྱོར་གྲུབ་ཚུལ་རྒྱུན་ཆད་མེད་པར་བཟང་པོར་གྱུར་ཡོད། 

    ▲ འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཕུལ་བའི་ནུས་པ་ཇེ་ཆེར་ཕྱིན་ཡོད།

    ▲ ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕེལ་བར་ལེགས་སྐྱེས་འབུལ་ཚད་60%ཟིན་པ་དང་། ཚན་རྩལ་མཐོ་གྲས་ཀྱི་ཐོན་ལས་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་ཚད་ནི་ལས་རིགས་གཞན་དག་ལས་མངོན་གསལ་གྱིས་མྱུར་ཅིང་། ཞིང་ལས་ལ་ཡང་བསྐྱར་ལོ་ལེགས་བྱུང་ཡོད། 

    ▲ རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་གི་ནུས་ཁུངས་ཟད་གྲོན་3.1%ཆག་ཡོད་པ་དང་། སྤུས་ཚད་དང་ཕན་འབྲས་མུ་མཐུད་ལེགས་སུ་ཕྱིན་ཡོད།

    སྒུལ་ནུས་གསར་པ་འཕེལ་ཚུལ་མགྱོགས་སུ་ཕྱིན་ཡོད། 

    ▲ གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་ཡོད། 

    ▲ དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱེད་པ་ཁྱབ་སྤེལ་ཟབ་མོ་བཏང་ཡོད། 

    ▲ ཉིན་རེར་ཆ་སྙོམས་ཁེ་ལས་གསར་འཛུགས་བྱེད་ཚད་ཁྲི་1.8ལས་བརྒལ་བ་དང་། ཚོང་རའི་བྱེད་པོའི་གྲངས་འབོར་དུང་ཕྱུར་1ལས་བརྒལ་ཡོད། 

    ▲ སྒུལ་ནུས་གསར་པས་ཐོན་སྐྱེད་བྱེད་སྟངས་ལ་འཕོ་འགྱུར་ཟབ་མོ་བྱུང་སྟེ། ཀྲུང་གོ་འཕེལ་རྒྱས་ཀྱི་བཟང་ཆ་གསར་པ་སྐྲུན་བཞིན་ཡོད། 

    སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འགག་གནད་གསར་པ་སྒྲོལ་ཐུབ་ཡོད།

    ▲ རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་བདེ་བླག་ངང་བྱས་ཡོད། 

    ▲ ཁྱབ་ཁོངས་གལ་ཆེན་གྱི་སྒྱུར་བཅོས་གོམ་སྟབས་གསར་པ་སྤོས་པ་དང་། ཚོང་རར་འཇུག་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ཡོད། 

    ▲ གློད་སྡོམ་ཟུང་འབྲེལ། ཞབས་ཞུ་བཟང་བསྒྱུར་བཅས་ཀྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་བས། ཚོང་གཉེར་ཁོར་ཡུག་གི་རྒྱལ་སྤྱིའི་རིམ་གྲལ་ཇེ་ཆེར་འཕར་ཡོད། 

    ▲ ཕྱོགས་གང་ཅིར་སྒོ་འབྱེད་ཁྱོན་ཆེ་རུ་བཏང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་འགངས་ཆེན་ཐོབ་ཡོད། 

    ▲ ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ་ལམ་ལྷོངས་བྱུང་བ་དང་། ཧའེ་ནན་གྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།

    ▲ དངོས་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་30ལས་བརྒལ་ཞིང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་དུང་ཕྱུར་1383ཟིན་ཏེ། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་བརྟན་པོར་གནས་ཡོད། 

    འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་འགོ་ཡག་པོ་ཚུགས་ཐུབ་ཡོད།

    ▲ ཉམས་ཉེན་གལ་ཆེན་འགོག་སེལ་བྱས་པ་དང་། སྤྱི་ཁོག་གི་བཀན་ཤིང་ཚོད་འཛིན་བརྟན་པོ་བྱུང་ཞིང་། དངུལ་རྩའི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།

    ▲ དབུལ་བྲལ་གནད་འཁེལ་སྐུལ་སྤེལ་ཤུགས་ཆེན་བྱས་པས། གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་1386ཙམ་ཉུང་དུ་སོང་བ་དང་། གནས་སྤོས་དབུལ་སྐྱོར་མི་གྲངས་ཁྲི་280ཟིན་ཡོད། 

    ▲ སྦགས་བཙོག་འགོག་བཅོས་བྱེད་ཤུཌ་ཆེ་རུ་གཏོང་ཐུབ་པ་དང་། ཕྲ་རྡུལ(PM2.5)མཐུག་ཚད་མུ་མཐུད་ཆག་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    མི་དམངས་ཀྱི་འཚོ་བ་ལེགས་བཅོས་རྒྱུན་མཐུད་བྱུང་ཡོད། 

    ▲ ཡུལ་མི་མི་རེའི་ཆ་སྙོམས་སྤྱད་འཐུས་ཡོང་སྒོ་6.5%དངོས་སུ་འཕར་ཡོད། 

    ▲ སྒེར་གྱི་ཐོབ་ཁྲལ་བསྡུ་གཞི་ཆེ་རུ་བཏང་བ་དང་། ཆེད་དམིགས་ཟུར་སྣོན་འཕྲི་འཐེན་ཁག་6བཙུགས་ཡོད། 

    ▲ མ་མཐའི་རྒན་གསོ་དང་མ་མཐའི་སྨན་བཅོས་སོགས་པའི་འགན་བཅོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སློབ་གྲྭ་རིགས་ཁག་གི་ཁྱིམ་ཚང་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་ཚད་མི་ཐེངས་གྲངས་དུང་ཕྱུར་1ལ་ཉེ་བ་ཟིན་ཡོད། 

    ▲ སྡོད་ཁང་ཐེབས་ཆག་ཁུལ་གྱི་ཁང་པ་ཆ་འགྲིག་ཁྲི་620ལྷག་ཙམ་བསྒྱུར་བཀོད་བྱས་པ་དང་། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་ཁྲི་190བསྒྱུར་བཀོད་བྱས་ཡོད། 

    ▲ གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆུ་ཚད་མུ་མཐུད་འཕེལ་རྒྱས་བསྐྱར་མ་བྱུང་ཡོད། 

    འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་མཐའ་འཁྱོངས་བྱས་པ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ལ་སྔར་བས་མང་ལ་དྲང་སྙོམས་ཀྱི་ཕན་པ་ཐོབ་ཡོད། 

    ▲ དུས་ཐོག་ཏུ་ལས་ཞུགས་བརྟན་པོ་ཡོང་ཐབས་བཏོན་ཡོད། 

    ▲ འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་སྲིད་ཇུས་ཁྱབ་སྤེལ་དོན་འཁྱོལ་ཤུགས་ཆེན་བྱས་པ་དང་། གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་སློབ་གྲྭ་འཛུཌ་ཤུཌ་ཆེ་རུ་བཏང་ཡོད།

    ▲ ཁེ་ལས་ཀྱི་ལས་བཟོའི་མ་མཐའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཀྲུང་དབྱང་གིས་སྙོམ་སྒྲིག་བྱེད་པའི་ལམ་ལུགས་བཙུགས་པ་དང་། རྒན་ཡོལ་ཞུ་མཁན་གྱི་མ་མཐའི་རྒན་གསོའི་འཚོ་དངུལ་མང་དུ་བཏང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་དམའ་ཤོས་ཟླ་རེར་སྒོར་70ནས་88བར་སྤར་ཡོད། 

    ▲ གཟིགས་སྐྱོང་དང་འགན་སྲུང་དམའ་ཤོས་སོགས་པའི་ཚད་གཞི་མུ་མཐུད་མཐོ་རུ་བཏང་སྟེ། དབང་པོ་སྐྱོན་ཅན་པར“ཁ་གསབ་རིགས་གཉིས”བྱེད་ཁྱོན་ཆ་རྐྱེན་ལོན་མི་ཚང་མར་ཕན་པར་བྱས་ཡོད། 

    ▲ དམག་ལོག་དམག་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད། 

    ▲ སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རིགས་དང་སྨན་པ་བཅས་མཉམ་སྒུལ་སྒྱུར་བཅོས་ཟབ་ཏུ་སྤེལ་ཡོད། 

    ▲ རིམ་དབྱེའི་ནད་བརྟག་སྨན་བཅོས་ཁྱབ་སྤེལ་བརྟན་པོར་བྱས་ཡོད། 

    ▲ སྡོད་དམངས་ཀྱི་མ་མཐའི་སྨན་བཅོས་འགན་བཅོལ་གྱི་འཚོ་སྣོན་ཚད་གཞི་དང་ནད་ཆེན་འགན་བཅོལ་ཐོག་ནས་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ཆེ་རུ་བཏང་ཡོད། 

    ▲ སྐྲན་ནད་འགོག་སྨན་རིགས་17གྱི་གོང་ཚད་ཆེས་ཆེར་བཅག་པ་མ་ཟད། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་ཏུའང་བཅུག་ཡོད། 

    ▲ གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུར་བསྟུད་མར་ཤུགས་སྣོན་བརྒྱབ་ཡོད། 

    ▲ དམངས་ཡོངས་ཀྱི་གཟུགས་གཞི་བདེ་ཐང་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། ལུས་རྩལ་ཕོ་རྒོད་ཀྱིས་རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོའི་ནང་གྲུབ་འབྲས་གཡུར་ཟ་བསྐྱར་མར་བླངས་ཡོད། 

    གསར་གཏོད་ལ་བརྟེན་ནས་གོང་འཕེལ་ཡོང་བར་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་གསར་གཏོད་བྱེད་ནུས་དང་ཕན་འབྲས་ཇེ་ཆེར་བཏང་ཡོད།

    ▲ སྐྱེ་ཁམས་བཟང་སྒྱུར་གསར་གཏོད་ཤུགས་ཆེན་བྱས་པ་དང་། གསར་གཏོད་ཀྱི་བྱེད་པོ་ཁག་གི་ཧུར་སེམས་སྐུལ་སློང་བྱས་ཡོད། 

    ▲ ཚན་རྩལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ཁྱབ་སྤེལ་བྱས་པ་དང་། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། ཚན་རྩལ་གསར་གཏོད་ལྟེ་གནས་སོགས་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། 

    ▲ ཁེ་ལས་ཀྱི་ལག་རྩལ་གསར་དུ་གཏོད་པའི་བྱེད་པོའི་གོ་གནས་ཆེ་རུ་བཏང་སྟེ། ཞིབ་འཇུག་གསར་སྤེལ་བྱེད་གྲོན་སྣོན་རྩིས་འཕྲི་འཐེན་གྱི་བསྡུར་ཚད་མཐོ་རུ་གཏོང་བའི་སྲིད་ཇུས་ཁེ་ལས་ཡོངས་སུ་མཆེད་པར་བྱས་ཡོད། 

    ▲ གསར་གཏོད་གཉིས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་གཏན་ལ་ཕབ་ཡོད།

    ▲ ལག་རྩལ་གན་རྒྱ་ཚོང་འགྲིག་ཐུབ་གྲངས་30%ཡན་འཕར་ཡོད།

    རེ་བས་ཁེངས་པའི་2019 ལོ། 

    2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6%ནས་6.5%བར་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1100ཡན་འཕར་བར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་5.5%ཡས་མས་ཟིན་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་4.5%ནང་ཚུན་ལས་མི་བརྒལ་བ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་དུ་ཚོད་འཛིན། རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆ་ནས་དོ་མཉམ། ཕྱིར་གཏོང་ནང་འདྲེན་བརྟན་ཞིང་སྤུས་ཀ་ལེགས་སུ་གཏོང་བ། སྤྱི་ཁོག་གི་བཀན་ཤིང་ནུས་ཚད་གཞི་རྩའི་ཆ་ནས་བརྟན་པོ། དངུལ་རྩའི་ནོར་སྲིད་ཀྱི་ཉམས་ཉེན་ཚོད་འཛིན་ནུས་ལྡན། གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་1000ཡན་ཉུང་དུ་གཏོང་བ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་རྩ་བའི་ཆ་ནས་གཅིག་མཚུངས། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་བཅོས། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་གི་ནུས་ཁུངས་ཟད་གྲོན་3%ཡས་མས་སུ་ཆག་པ། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཆག་པ་བཅས་བྱ་རྒྱུ་རེད།

    ལས་ཞུགས་སྔོན་ལ་བྱེད་པའི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་རྒྱུ།

    ▲ ད་ལོ་ལས་ཞུགས་སྔོན་ལ་བྱེད་པའི་སྲིད་ཇུས་དེ་ཐོག་མར་སྤྱི་ཁོག་སྲིད་ཇུས་ཀྱི་རིམ་པར་འཇོག་དོན་ནི་ལས་ཞུགས་ལ་ཕྱོགས་གང་ཅིས་མཐོང་ཆེན་དང་། ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་ཁྲིད་ཕྱོགས་སྔར་བས་ཇེ་ཆེར་གཏོང་ཕྱིར་ཡིན།

    ▲ རང་རྒྱལ་གྱི་ལས་ཞུགས་བསྡོམས་འབོར་གྱི་གནོན་ཤུགས་ཆུང་དུ་མི་འགྲོ་ལ་གྲུབ་ཚུལ་རང་བཞིན་གྱི་འགལ་བ་འབུར་དུ་ཐོན་པ་དང་། ཤུགས་རྐྱེན་གསར་པའི་རྒྱུ་རྐྱེན་ད་དུང་མང་དུ་འགྲོ་བཞིན་ཡོད་པས། ངེས་པར་དུ་ལས་ཞུགས་སྔར་ལས་འབུར་ཐོན་གྱི་གནས་བབ་ལ་འཇོག་རྒྱུ།

    ▲ གྲོང་མིའི་འཛད་སྤྱོད་རིན་གོང་2.1%འཕར་བ་དང་། རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆ་ནས་དོ་མཉམ་ཡོང་བ་བྱ་རྒྱུ། 

    ▲ གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་འཕར་སྣོན་བྱུང་བའི་ལས་ཞུགས་ཀྱི་སྔོན་དཔག་དམིགས་འབེན་གྱི་རྨང་གཞིའི་ཐོག ཉེ་བའི་ལོ་འགའི་ལས་ཞུགས་གྲངས་འབོར་ཚད་གཞི་དངོས་སུ་སླེབས་པའི་འབད་བརྩོན་བྱེད་དོན་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འགན་སྲུང་བྱས་པ་ཡིན་ལ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སྤོ་སྒྱུར་གྱིས་ལས་ཞུགས་བྱེད་པར་བར་མཐོངས་འཇོག་པའི་ཆེད་དུའང་ཡིན་པས། ལས་ཞུགས་བརྟན་པོ་དང་། ཡོང་འབབ་འཕར་ན། ང་ཚོར་གདེང་ཚོད་དེ་བས་ཆེ་བ་ཡོང་ཐུབ། 

    གཞི་ཁྱོན་ཆེ་བའི་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུ།

    ▲ 2019ལོར་ཁེ་ལས་སྤྱི་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་ཀྱི་སྤྱི་ཚོགས་འགན་བཅོལ་བྱེད་གྲོན་འཇལ་བའི་ཁུར་པོ་ནུས་ཤུགས་ཡོད་རྒུས་དངོས་སུ་ཆག་པར་བྱ་རྒྱུ།

    ▲ རྒན་གསོའི་འགན་བཅོལ་ཞིང་ཆེན་རིམ་པ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་སྟེ། ཁེ་ལས་ཀྱི་ལས་བཟོའི་མ་མཐའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཀྲུང་དབྱང་གིས་སྙོམ་སྒྲིག་བྱེད་པའི་བསྡུར་ཚད་མུ་མཐུད་ཇེ་མཐོར་གཏོང་རྒྱུ། 

    ▲ ཁེ་ལས་ཀྱི་ཁྲལ་གྲོན་འཇལ་བའི་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན་ལ། ལས་བཟོའི་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ལ་འགྱུར་བ་མི་གཏོང་བ་དང་། རྒན་གསོའི་འཚོ་དངུལ་ལུགས་མཐུན་ལྟར་སྤོར་རྒྱུ། 

    ▲ ཁྲལ་གྲོན་གཅོག་རྒྱུ་དོན་ཐོག་ཏུ་གནད་འཁེལ་ཐུབ་པའི་འགན་ལེན་བྱེད་རྒྱུ། ལོ་ཧྲིལ་པོར་ཁེ་ལས་ཀྱི་དཔྱ་ཁྲལ་དང་སྤྱི་ཚོགས་འགན་བཅོལ་བྱེད་གྲོན་གྱི་ཁུར་པོ་སྒོར་དུང་ཕྱུར་ཁྲི་2ཡང་དུ་གཏོང་རྒྱུ་ཡིན་པ་འདིའི་དབང་གིས་ནོར་སྲིད་རིམ་པ་ཁག་ལ་གནོན་ཤུགས་ཆེན་པོ་ཡོང་ངེས་ཡིན་པས། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རོགས་བྱེད་པའི་ཆེད་དུ། སྲིད་གཞུང་རིམ་པ་ཁག་གིས་བཟའ་མཁས་སྤྱོད་མཁས་དང་། ཐབས་བརྒྱ་ཇུས་སྟོང་ཐོག་ནས་མ་དངུལ་གསོག་འཇོག་བྱེད་དགོས།

    འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གང་ལེགས་རྒྱག་རྒྱུ།

    ▲ འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ལེགས་པར་བརྒྱབ་སྟེ། ཤུགས་འདོན་གནད་འཁེལ་དང་དངོས་ཕན་དོན་གཉེར་བྱ་རྒྱུ།

    ▲ ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་ཐབས་བྱེད་པའི་གཞི་ཐིག་གི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲུབ་ཚུལ་རང་བཞིན་གྱི་བཀན་ཤིང་མེད་པར་བཟོ་བ་མཐའ་འཁྱོངས། དངུལ་རྩའི་ཚོང་ར་རྒྱུན་གཏན་མིན་པར་གཡོ་འགུལ་ཐེབས་པར་འགོག་ཟོན། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ཐག་གཅོད་འཚམ་པོ། ནང་འཛུལ་རང་བཞིན་གྱི་ཉམས་ཉེན་འགོག་ཟོན་བཅས་བྱ་རྒྱུ། 

    ▲ གནད་སྨིན་དབུལ་སྒྲོལ་ཡོང་བར་ད་སྤྱོད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཤིན་ཏུ་དབུལ་ཁུལ་དང་དམིགས་བསལ་དབུལ་ཕོངས་ཚོགས་པར་རྩེ་གཅིག་ཏུ་དམིགས་ཏེ། དབུལ་སྒྲོལ་བྱེད་ཤུགས་ཇེ་ཆེ་དང་དབུལ་སྒྲོལ་སྤུས་ཚད་ཇེ་མཐོར་གཏོང་རྒྱུ།

    ▲ སྦགས་བཙོག་བཅོས་སྐྱོང་བྱེད་སྐབས་གནམ་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་ལས་འགན་ལྟེ་བར་དམིགས་ནས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག རྩ་ལག་མཉམ་བཅོས་བཅས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་བཅོས་བྱ་རྒྱུ།

    ལས་གཞི་གཙོ་བོ་ཁག་གཅིག་ལག་བསྟར་མགྱོགས་པོ་བྱ་རྒྱུ། 

    ▲ ལྕགས་ལམ་ལ་མ་འཇོག་སྒོར་དུང་ཕྱུར་8000དང་། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་ལ་མ་འཇོག་སྒོར་དུང་ཕྱུར་ཁྲི་1.8ལེགས་སྒྲུབ་དང་ཆུ་བེད་ལས་གྲྭ་འགངས་ཆེན་ཁག་གཅིག་ཡང་བསྐྱར་ལས་འགོ་བརྩམ་རྒྱུ། 

    ▲ ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། 

    ▲ གྲོང་ཁྱེར་དབར་གྱི་འགྲིམ་འགྲུལ་དང་། དངོས་ཟོག་སྐྱེལ་འདྲེན། གྲོང་ཁྱེར་དོ་དམ། གནོད་འཚེ་སྔོན་འགོག དམངས་སྤྱོད་དང་ཀུན་སྤྱོད་མཁའ་འགྲུལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་རྒྱུ། 

    ▲ ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་རབས་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། 

    ▲ ཀྲུང་དབྱང་གི་སྔོན་རྩིས་ནང་དུ་མ་འཇོག་བཀོད་སྒྲིག་སྒོར་དུང་ཕྱུར་5776བྱ་རྒྱུ་ཡིན་པས། སྔ་ལོ་ལས་སྒོར་དུང་ཕྱུར་400འཕར་རྒྱུ་རེད།

    སྤྱི་ཚོགས་བཅོས་སྐྱོང་དང་གསར་གཏོད་བྱེད་ཤུཌ་ཆེ་རུ་གཏོང་རྒྱུ། 

    ▲ སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ལ་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ། 

    ▲ ཡིག་བསྐུར་ངོ་བཅར་གྱི་ལས་དོན་ལེགས་བཅོས་བྱས་ནས། མང་ཚོགས་ཀྱི་ལུགས་མཐུན་བདེ་སྡུག་ཞུ་རིགས་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ། 

    ▲ནག་སེལ་གཤེད་བཅོམ་གྱི་ཆེད་དམིགས་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས། རྐུ་འཕྲོག་མགོ་སྐོར་གཡོ་ལེན་དང་འཆལ་རྒྱན་དུག་གསུམ་སོགས་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཁྲིམས་དང་འགལ་ཏེ་དངུལ་བསྡུ་དང་། བརྒྱུད་འཚོང་སོགས་པའི་དཔལ་འབྱོར་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བ། སྤྱི་དམངས་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བྱེད་པ་སོགས་པའི་གནད་དོན་མངོན་གསལ་དོད་རིགས་བཅོས་སྒྲིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་བགེགས་མེད་འཚོ་བ་སྲུང་སྐྱོང་མཐའ་གཅིག་ཏུ་ཡག་པོ་བྱ་རྒྱུ། 

    དམངས་འཚོ་འགན་ལེན་དང་ལེགས་བཅོས་སྔར་ལས་ལྷག་པ་བྱ་རྒྱུ།

    ▲ ནོར་ཤུགས་ཆུང་ཙམ་ཡིན་རུང་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་མུ་མཐུད་4%ཡན་ཟིན་པ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ་བཀོད་སྒྲིག་བྱ་རྒྱུ། 

    ▲ མ་མཐའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འགན་ལེན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་འགན་ལེན་བྱེད་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་མི་རེར་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་ཆ་སྙོམས་སྒོར་30མང་དུ་བཏང་ནས་ཕྱེད་ཀ་ནད་ཆེན་འགན་བཅོལ་ཐད་སྤྱོད་རྒྱུ། 

    ▲ ནད་ཆེན་འགན་བཅོལ་གྱི་ཚད་གཞི་གཅོག་པ་མ་ཟད་གཅིག་གྱུར་ཡང་བྱ་རྒྱུ་དང་སྨན་རིན་རྩིས་ཞུའི་བསྡུར་ཚད་50%ནས་60%བར་སྤོར་རྒྱུ། 

    ▲ རིམ་མང་རྒན་གསོའི་འགན་སྲུང་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། རྒན་ཡོལ་ཞུ་མཁན་གྱི་མ་མཐའི་རྒན་གསོའི་འཚོ་དངུལ་མུ་མཐུད་མང་དུ་གཏོང་རྒྱུ། དམག་ལོག་དམག་མིའི་ཐོབ་ཐང་འགན་སྲུང་དོན་འཁྱོལ་དང་། དམག་ལོག་དམག་མིའི་མ་མཐའི་རྒན་གསོ་དང་། མ་མཐའི་སྨན་བཅོས་འགན་བཅོལ་རྒྱུན་མཐུད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ཞིང་ལས་སྤྱི་དང་ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱ་རྒྱུ། 

    ▲ འབྲུ་རིགས་ཐོན་འབོར་བརྟན་པོ་ཡོང་བར་བྱས་ནས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་8000ཡན་མང་དུ་གཏོང་རྒྱུ། 

    ▲ ཕག་པ་སོགས་ཕྱུགས་ཟོག་དང་ཁྱིམ་བྱ་ཐོན་སྐྱེད་བརྟན་པོ་ཡོང་བ་དང་། ཨ་ཧྥེ་རི་ཁའི་ཕག་པའི་ནད་ཡམས་སོགས་རིམས་ནད་འགོག་ཟོན་ཡག་པོ་བྱ་རྒྱུ།

    ▲ ཞིང་ལས་ཚན་རྩལ་སྒྱུར་བཅོས་གསར་གཏོད་མགྱོགས་སུ་བཏང་ནས། དེང་རབས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ།

    ▲ ཞིང་ལས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་སྐུལ་འདེད་གཏོང་རྒྱུ། 

    ▲ ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་དཔེ་གསར་སྐྱེད་སྲིང་བྱས་ཏེ་ཞིང་དུད་ཆུང་གྲས་ལ་ཕྱོགས་པའི་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་། གཞི་ཁྱོན་ལྡན་པའི་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་འཕེལ་རྒྱས་གཏོང་རྒྱུ། 

    ▲ ཕ་ཡུལ་དུ་ལོག་ནས་ལས་གཏོད་གསར་གཏོད་བྱེད་པར་རྒྱབ་སྐྱོར་དང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བྱ་རྒྱུ། 

    ▲ ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་བཅོས་སྒྲིག་བྱ་རྒྱུ།

    ▲ ད་ལོ་དང་སང་ལོ་གཉིས་ཀྱི་རིང་འཐུང་ཆུར་དཀའ་ངལ་ཡོད་པའི་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་མི་འབོར་ཁྲི་6000ལ་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་མཐོ་རུ་གཏོང་རྒྱུ། 

    2019ལོའི་བྱ་བ་བཟང་པོ། 

    གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1100ཡན་འཕར་བར་བྱ་རྒྱུ།

    ལོ་ཧྲིལ་པོར་ཁེ་ལས་ཀྱི་དཔྱ་ཁྲལ་དང་སྤྱི་ཚོགས་འགན་བཅོལ་འགྲོ་གྲོན་གྱི་ཁུར་པོ་སྒོར་དུང་ཕྱུར་ཁྲི་2ཡང་དུ་གཏོང་རྒྱུ།

    གཞུང་ཁོངས་ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ཁེ་ལས་ཆུང་གྲས་ལ་དངུལ་བུན་གཏོང་ཚད་30%ཡན་མཐོ་རུ་གཏོང་རྒྱུ།

    མཐོ་རིམ་ལས་རིཌ་སློབ་གླིང་ལ་མི་ཁྲི་100བསྡུ་ཁྱོན་ཆེ་རུ་གཏོང་རྒྱུ།

    བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་མ་གནས་ཆུང་དུ་གཏོང་བ་དང་། བཟོ་ཚོང་ལས་རིགས་སྤྱིར་བཏང་གི་ཆ་སྙོམས་གློག་རིན་མུ་མཐུད་10%གཅོག་རྒྱུ།

    ལོ་གཉིས་ནང་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞིང་ཆེན་ལས་བརྒལ་བའི་དངུལ་བསྡུའི་ས་ཚིགས་རྩ་བའི་ཆ་ནས་མེད་པར་བཟོ་རྒྱུ།

    དྲ་སྦྲེལ་མྱུར་ཚད་མགྱོཌ་སུ་གཏོང་བའི་རིན་དངུལ་བསྟུད་མར་བཅག་ནས་གྲོང་ཁྱེར་གྱི་ཐེར་འབུམ་ཟིན་པའི་གཤོང་ཆེའི་དྲ་སྦྲེལ་ཁྱིམ་ཚང་དུ་འཛུགས་པའི་ཚོད་ལྟ་བྱ་རྒྱུ།

    སྒུལ་བདེའི་དྲ་སྦྲེལ་གྱི་རྒྱུག་འབོར་གྱི་གླ་རིན་ཆ་སྙོམས་མུ་མཐུད་20%ཡན་གཅོག་རྒྱུ།

    ནུས་ཁུངས་གསར་པའི་རླངས་འཁོར་ཉོ་བར་གཟིགས་སྐྱོང་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ། 

    ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་རྩ་བ་ནས་བཅོས་སྒྲིག་བྱ་རྒྱུ།

    གྲོང་གསེབ་ཀྱི་མི་འབོར་ཁྲི་6000ལ་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་མཐོ་རུ་གཏོང་རྒྱུ།

    གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གྲྭའི“སློབ་མ་མང་ཐལ་ཆེ་བའི”དཀའ་ངལ་སེལ་གང་ཐུབ་དང་། གྲོང་ཁྱེར་དུ་གླ་པ་རྒྱུག་མཁན་གྱི་ཞོར་ཁྲིད་བུ་ཕྲུག་ཚོའི་སློབ་གསོ་འགན་ལེན་བྱ་རྒྱུ།

    གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་མི་རེར་ནོར་སྲིད་ཀྱི་ཁ་གསབ་རོཌ་དངུལ་ཚད་གཞི་ཆ་སྙོམས་སྒོར་30མང་དུ་བཏང་ནས་ཕྱེད་ཀ་ནད་ཆེན་འགན་བཅོལ་ཐད་སྤྱོད་རྒྱུ།

    ནད་ཆེན་འགན་བཅོལ་གྱི་ཚད་གཞི་གཅོག་པ་དང་སྨན་རིན་རྩིས་ཞུའི་བསྡུར་ཚད་50%ནས་60%བར་སྤོར་རྒྱུ།

    ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་ནད་རིགས་སོགས་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིགས་དག་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁོངས་སུ་འཇུག་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།