དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-04

    ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་དག་ཐེར་ཇུས་གཞིའི་བླང་བྱ་གཞིར་བཟུང་། ཚེས་1ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྣེ་ཁྲིད་དེ་འགན་འཁུར་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་དག་ཐེར་ལས་འགན་བསྒྲུབ་ཚུལ་གསན་པ་མ་ཟད། དག་ཐེར་གྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཀྱང་བཏང་གནང་བ་རེད། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་ཐད་ཀྱི་རྣམ་བཤད་གལ་ཆེན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ། ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་དག་ཐེར་ལས་དོན་གྱི་སྐུལ་སློང་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན། འགན་འཁྲི་ཁག་བགོས་དང་ལས་ཀའི་བརྒྱུད་རིམ་ཁ་གསལ་བཟོ་བ། དག་ཐེར་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་དག་ཐེར་བྱེད་ཐབས་གནད་སྨིན་དང་། དག་ཐེར་བྱ་སྤྱོད་ནུས་ལྡན། དག་ཐེར་གྱི་སྤྱོད་ཚུལ་ལེགས་པ་བཅས་བྱས་ནས་ནས་དག་ཐེར་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།