དབུ་ཤོག>སྲིད་དོན།
  • མི་དམངས་ཀྱི་མངགས་བཅོལ་ཟབ་མོ་སེམས་ནང་བརྟན་པོར་ངེས་པ་དང་ནུས་ཤུཌ་ཡོད་རྒུས་འགན་འཁྲི་གཙང་སྒྲུབ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིཌ་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་རང་ཁྱིམ་རང་བདག་གི་དབང་ཆ་བེད་སྤྱོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-03-02

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་དང་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོཌ་འདུ་ཐེངས་གཉིས་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ལ་རང་ལྗོངས་ཀྱི་2018ལོའི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་གྱིས་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་དང་འབྲེལ་འཐུས་མི་ཚོགས་པར《གྲོས་འགོ》དང《གྲོས་གཞི》རྩིས་སྤྲད་གནང་བ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འཐུས་མི་དང་ཨུ་ཡོན་རྣམ་པས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་ངེས་ཏེ་འགན་འཁྲི་དང་ལས་འགན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་330ལྷག་ཙམ་གྱི་རེ་སྒུག་དང་མངགས་བཅོལ་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་ངེས་ཏེ་ཐོབ་དཀའ་བའི་གོ་སྐབས་ལ་བརྟེན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གང་ལེགས་མཚོན་པ་དང་། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མཚོན་པ། ང་ཚོས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་ལུགས་གང་ལེགས་མཚོན་པ། ང་ཚོས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིཌ་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པའི་འགྱུར་མེད་ཀྱི་བློ་སྟོབས་གང་ལེཌ་མཚོན་པ་བཅས་བྱེད་དགོས།

    ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ནན་པོ་བསྲུངས་ཏེ་ཉམས་འགྱུར་བཟང་པོ་མངོན་དགོས་ཤིང་། ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་ཀྱི་གཏམ་བརྗོད། ཆབ་སྲིད་ཀྱི་བྱ་སྤྱོད་བཅས་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་དང་། ཚོགས་འདུའི་སྒྲིག་ཁྲིམས་དང་གསང་སྲུང་སྒྲིག་ལམ་ལ་བརྩི་སྲུང་ཞུས་ཏེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གཞན་དག་གི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཁེངས་སྐྱུང་ངང་སློབ་སྦྱོང་བྱས་ཐོག་འགན་འཁྲི་གཙང་སྒྲུབ་དང་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་། རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་བོད་ཀྱི་འཐུས་མི་དང་ཨུ་ཡོན་གྱི་གཟུགས་བརྙན་བཟང་པོ་གཏོད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།