དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡིས་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གནས་ཚུལ་བརྡ་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-28

     ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་25ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡིས་2018ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་གནས་ཚུལ་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཆེ་དགྲ་ལྷའི་བཀའ་མངགས་ལྟར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་བརྡ་ཁྱབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མོའུ་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་དམངས་གཙོའི་འཚོ་བའི་ཚོགས་འདུའི་གཞི་རྩའི་གནས་ཚུལ་དང་། གནད་དོན་གཙོ་བོ་དང་རྒྱུ་རྐྱེན་ལ་དབྱེ་ཞིབ། དག་ཐེར་བྱེད་ཐབས་དང་འབད་བརྩོན་བྱེད་ཕྱོགས་བཅས་ཕྱོགས་གསུམ་ནས་བརྡ་ཁྱབ་བཏང་བ་རེད། ཚོགས་འདུའི་ཐོག་ལྗོངས་སྲིད་གཞུང་ཏང་ཙུའི་2018ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་ལྗོངས་ཏང་ཨུད་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཚད་ཤིང་དུ་བྱས་པ་དང་། “གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ‘འདུ་ཤེས་བཞི’ཟབ་ཏུ་གཏོང་རྒྱུ། ‘གདེང་ཚོད་བཞི’བརྟན་དུ་གཏོང་རྒྱུ། ‘སྲུང་སྐྱོང་གཉིས’ཐུབ་པ་བྱ་རྒྱུ། འགན་འཁྲི་ཁུར་ནས་བྱས་རྗེས་འཇོག་ཕོད་པ་བྱ་རྒྱུ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ”བཅས་བརྗོད་དོན་གཙོ་བོར་བཟུང་སྟེ། “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱ་ཚུལ”དང་།“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་གསར་གཏོད་རང་བཞིན་གྱིས་ལས་དོན་སྤེལ་ཚུལ” “ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་། ལག་བསྟར་ཞིབ་སྲོལ། ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ་སྣེ་ཁྲིད་ནས་སྤྱོད་ཚུལ་ལེགས་སུ་གཏོང་ཚུལ”བཅས་ཕྱོགས་གསུམ་ནས་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་དང་ཁོངས་མིའི་བསམ་བློ་ཆབ་སྲིད་དང་། བསམ་བློའི་འཁྱེར་སོ། ལས་ཀའི་སྤྱོད་ཚུལ་སོགས་ལ་ལྷག་པའི་གནད་དོན་དང་ཧེ་བག་ཏན་ཏིག་བཙལ་བ་དང་། ལེགས་བཅོས་བྱེད་ཕྱོགས་དང་བྱེད་ཐབས་ཁ་གསལ་བཟོས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱས་པ། སྔར་བས་འགན་འཁུར་དང་བྱས་རྗེས་འཇོག་པའི་སེམས་ལ་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ཡོད། དམངས་གཙོའི་འཚོ་བའི་ཚོགས་འདུར་གྲ་སྒྲིག་ཡག་པོ་དང་། བརྗོད་དོན་མངོན་གསལ་དོད་པོ། ངོས་འཛིན་གཏིང་ཟབ་པོ། བཏོན་པའི་བསམ་འཆར་དང་གྲོས་འགོ་ཟོལ་མེད་དང་གཏིང་ཟབ་པོ། ལས་དོན་ལྷུ་ཚིགས་ཁག་ལེགས་གྲུབ་ཏན་ཏིག་བཅས་བྱུང་ནས་བསམ་བློ་གཅིག་གྱུར་དང་། ཁ་ཕྱོགས་གསལ་པོ། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་དམིགས་ཚད་དུ་སླེབས་ཡོད་པ་ལས། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་མཚོན་གྱི་ཡོད་ལ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་ཡང་ལན་བཏབ་ཡོད། དེ་ནི་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཞིག་རེད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་ཆེད། སྲིད་གཞུང་གི་ཏང་ཙུས་ཏང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་འགོ་ཁྲིད་མཉམ་སྡེབ་ཅིག་གཏོད་དགོས་ཞེས་ནན་བཤད་བྱས་པ་རེད། གཅིག་ནས་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་དགོས། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ་དང་། གཉིས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་མཐའ་གཅིག་ཏུ་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱེད་དགོས་པ། གསུམ་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་ཏན་ཏིག་གཏོང་བ་དང་། བསམ་འཆར་རྒྱ་ཁྱབ་ཉན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་བཅས་ཀྱིས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པ། བཞི་ནས་འཐབ་རྩོད་ཀྱི་སྙིང་སྟོབས་མཐའ་གཅིག་ཏུ་དར་སྤེལ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་སྲ་བརྟན། འཐབ་རྩོད་བྱེད་ཕོད་པ། རལ་གྲི་འཕྱར་ཕོད་པ་བཅས་བྱེད་དགོས་པ། ལྔ་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་དགོས། “སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པར་མུ་མཐུད་བཅོས་སྒྲིག་བྱེད་པ། ཚོགས་འདུའི་ཚད་གཞི་དང་། གྲངས་འབོར། དུས་ཚོད་བཅས་ལ་ཚོད་འཛིན་ནན་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།