དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྐབས་བཅུ་གཅིག་པའི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་བཅུ་བཞི་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-22

    ཚེས་20ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངག་ལྟར་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་14པ་འཚོཌ་ཏེ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི《ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་བཏང་ནས་ཆོས་དད་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་བྱེད་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་གནས་ཚུལ་སྙན་སྒྲོན》གསན་པ་དང་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གཙོ་གནད་གྲོས་གཞིའི་གྲོས་འགོར་ཞིབ་འཇུག་དང་གྲོས་བསྡུར་གནང་བ་དང་འབྲེལ་ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། 

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་བཏང་ནས་ཆོས་དད་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་བྱེད་པའི་དོན་སྙིང་ནི་མཐུན་སྒྲིལ་བྱ་རྒྱུར་གཞི་ཚུགས་ཏེ་ཆེས་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱིས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་བསྐྲུན་རྒྱུའི་བརྩོན་ལེན་བྱ་རྒྱུ་དེ་ཡིན་ཞིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་པོ་བྱེད་ཀྱི་ཡོད། བརྟག་དཔྱད་སྙན་ཞུའི་ནང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་རྩ་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཏེ་དེང་སྐབས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཡོད་དགོས་ལ་ཕུགས་ཀྱི་རྩ་བའི་གནད་དོན་ཐག་གཅོད་བྱེད་པའི་གྲོས་འགོ་དང་བསམ་འཆར་ཡང་ཡོད་དགོས། སློབ་གསོ་དང་རིག་གནས་སོགས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་སྤྱིའི་བསམ་ཕྱོགས་ཆགས་པ་བྱས་ཏེ་ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་བྱ་སྤྱོད་དེ་བས་དཔྱོད་ཤེས་ལྡན་པ་དང་། ཆོས་ལུགས་བྱེད་སྒོ་དེ་བས་སྒྲིག་ལམ་ལྡན་པ། ཆོས་ལུགས་ཀྱི་འདུལ་ཁྲིམས་དེ་བས་འཐུས་སྒོ་ཚང་བ། ཆོས་ལུགས་དོ་དམ་དེ་བས་ཚད་དང་ལྡན་པ་བཅས་ཡོང་བ་བྱས་ཐོག་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།