དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས“རྒན་གྲས་གསུམ”དང་། རིགས་གཅིག་མཁས་ཅན། ཤེས་ཡོན་ཅན་བཅས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-05

     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཚེས་3ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར“རྒན་གྲས་གསུམ”དང་། རིགས་གཅིག་མཁས་ཅན། ཤེས་ཡོན་ཅན་བཅས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

    ཏང་ཡོན་རྒན་གྲས་བྱམས་པ་ཡོན་ཏན་དང་བསོད་ནམས་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས་སྐབས། བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོར་དཀར་གཙང་གི་མཇལ་དར་བསྒྲོན་པ་མ་ཟད། དུས་ཆེན་གྱི་སྨོན་འདུན་ཡང་ཞུས་ཤིང་། ཚང་མའི་འཚོ་བ་དང་ཁྱིམ་ཚང་གི་གནས་ཚུལ་ལ་དོ་ཁུར་དང་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཁོང་ཚོའི་དཀའ་ངལ་དང་དགོས་མཁོར་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྱིམ་དུ་ལོ་གསར་གྱི་འཚམས་འདྲིར་ཕེབས་པ་མཐོང་སྐབས། ཚང་མའི་སེམས་པ་དགའ་བས་མྱོས་ཏེ་ཏང་དང་སྲིད་གཞུང་གིས་ཏང་ཡོན་རྒན་གྲས་ལ་ཐུགས་ཁུར་གཟབ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    རང་སྐྱོང་ལྗོངས་ཀྱི་རིགས་གཅིག་མཁས་ཅན་དང་ཤེས་ཡོན་ཅན་གྱི་འཐུས་མི་རྡོ་རྗེ་དང་། ཝང་ཁྲུན་ཧོན། ཧོ་ཙུང་དབྱིང་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས། བློ་བཟང་རྒྱལ་མཚན་གྱིས་ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་དུས་ཡུན་རིང་པོའི་ནང་རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་གཡུར་ཟའི་གྲུབ་འབྲས་ཐོབ་པའི་ལས་དོན་འབོར་ཆེན་སྤེལ་བར་ཕན་འབྲས་ཆེན་པོ་ཐོན་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཕུལ་བའི་ལེགས་སྐྱེས་ལ་བློ་བཟང་རྒྱལ་མཚན་གྱིས་བླ་ན་མེད་པའི་གུས་འདུད་དང་ཐུགས་རྗེ་ཆེ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།