དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-04

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཚེས་2ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ཏེ་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་། དེང་གི་དུས་བབ་ལ་དབྱེ་ཞིབ་བྱས་པ། ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གཙོ་བོ་དང་ལྷག་པར་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུང་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཞིབ་ཕྲའི་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ཁག་ནན་དུ་བཏང་ནས་འགན་འཁྲི་འཁུར་བ་དང་ལྟེ་བའི་སྤྱི་ཡོངས་གཅིག་གྱུར་དང་། དེང་གི་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་གཅིག་གྱུར། དོགས་ཟོན་ནན་པོར་ཤུགས་སྣོན་དང་ཞབས་འདེགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་གཅིག་གྱུར། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་གཅིག་གྱུར། ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་མི་སེམས་ཐོབ་པ་གཅིག་གྱུར་བཅས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན། “རང་འགུལ་བརྟན་ལྷིང”གི་སྤྱི་ཚོགས་རྩ་བ་བརྟན་དུ་གཏོང་བ། མང་ཚོགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་ཐོན་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བཅས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་མིག་མངས་སྒྲིག་སྐོར་གཅིག་དང་ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བཅས་ཐུབ་པར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཤོག་སྦག་སོགས་འབར་གས་སླ་བའི་དངོས་ཟོག་དང་། བཟའ་བཅའི་བདེ་འཇགས། འགྲིམ་འགྲུལ་བདེ་འཇགས། མེ་ཟོན་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་བདེ་འཇགས་ཀྱི་ལས་འཛོལ་སྔོན་འགོག་ནན་ཏན་བྱེད་དགོས། འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་། སེལ་བ། ཐག་གཅོད་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་འགལ་ཟླ་ཆེན་པོར་མ་གྱུར་གོང་ནས་སེལ་དགོས། གཙོ་གནད་མི་སྣའི་ལྟ་འདོམས་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་འབྱུང་རྩ་བཅོས་སྒྲིག་གི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་སྐོང་དགོས། གླེང་ཕྱོགས་ཁྲིད་སྟོན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་འཕེལ་བར་བྱས་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་གཏོད་དགོས། དུས་ཆེན་གྱི་འཚམས་འདྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོར་བར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།