དབུ་ཤོག>སྲིད་དོན།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-02-03

    ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་2019ལོའི་ཟླ་1ཚེས་30ཉིན་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན་34དང་ཟུར་ཞུགས་མི་སྣ་112ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚང་འཛོམས་གྲོས་ཚོགས་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ནོར་བུ་དོན་གྲུབ། ཝང་གཡུང་ཅུན། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། 2018ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱིར་མིག་བལྟས་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་གི་རང་ལྗོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་གཞི་རྩའི་ཉམས་མྱོང་ལ་ཕྱོགས་སྡོམ། 2019ལོའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་དང་འབྲེལ་བློ་མཐུན་ཝང་གཡུང་ཅུན་གྱིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་དང་སྒྱུར་བཅོས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་བློ་མཐུན་ཀྲའོ་ལེ་ཅིས་གནང་བའི་ལས་དོན་སྙན་སྒྲོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཤིང་། ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་འགོ་འདོམས་སུ་བྱས་ཏེ་ཏང་གི་འཛུགས་སྐྲུན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་། ཟབ་གཏོང་། རྒྱ་སྐྱེད་བཅས་བྱས་པས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་བླངས་པ་དང་། ཏང་སེམས་དང་དམངས་སེམས་ལ་སྐུལ་མ་ཐེབས་པ། “ཏང་གི་རླབས་ཆེན་གྱི་རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་པའི”ཏང་ཡོངས་ཀྱི་གོང་འོག་ཚང་མའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་རྒྱུས་དང་དངོས་ཡོད་ཕན་ཚུན་འབྲེལ་མཐུད་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཕན་ཚུན་ཟུང་འབྲེལ། གནས་ལུགས་ཤོད་པ་དང་གྱོད་དཔེ་འདྲེན་རྒྱུ་ཕན་ཚུན་ར་སྤྲོད་བཅས་བྱས་ཏེ་ལོ་རྒྱུས་དངོས་གཙོ་རིང་ལུགས་དང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྣང་འཕྲོ་བ་དང་། དུས་རབས་གསར་པའི་གུང་ཁྲན་ཏང་མིའི་རང་ངོས་གསར་བརྗེ་དང་རྒྱུན་མཐུད་དམ་ནན་གྱི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་འཐབ་ཇུས་ཀྱི་ངེས་ཤུགས་མངོན་པ་བཅས་ཡིན་པས་བསམ་བློའི་རང་བཞིན་དང་། དུས་རབས་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་པ་དང་དེ་ནི་དུས་རབས་གསར་པར་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་དེ་བས་ཆེ་བ་བརྩོན་ལེན་བྱེད་པའི་རྩ་གནས་རང་བཞིན་གྱི་ཚད་ལྡན་ཡིག་ཆ་དང་རྩ་བའི་གཞི་འཛིན་ས་ཞིག་རེད། བློ་མཐུན་ཀྲའོ་ལེ་ཅིས་གནང་བའི་ལས་དོན་སྙན་སྒྲོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གཅིག་རྒྱུན་གཅིག་འཛིན་བྱུང་ནས་ཆབ་སྲིད་ཀྱི་དམར་ཐིག་ཡིན་པའི“སྲུང་སྐྱོང་གཉིས”ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་པ་དེ་ཐོག་ནས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཐོག་མའི་འགན་འཁྲི་མངོན་པ་དང་། འཐབ་རྩོད་བྱེད་མཁས་པའི་ཆབ་སྲིད་ཀྱི་གཞི་རྒྱུ་མངོན་གསལ་དོད་པོ་མངོན་པ། ནད་བཅོས་སྲོག་སྐྱོབ་ཀྱི་སྲིད་ཇུས་ཀྱི་ཕན་བདེ་བརྒྱུད་སྤྲོད་བཅས་བྱས་པས་དེ་ནི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལམ་རིས་དང་ཨར་ལས་ཀྱི་འཆར་འགོད་རེའུ་མིག་ལྟར་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ“སྲུང་སྐྱོང་གཉིས”བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ཏེ། དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་གནང་དོན། བློ་མཐུན་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་གྱི་ནང་དོན་ཧྲིལ་པོར་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡོངས་སུ་ཁྱབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་གསལ་འགྲེལ་གནང་བ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་གསར་པ་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ། དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ལག་བསྟར་བྱ་རྒྱུར་བླང་བྱ་ཁ་གསལ་བཏོན་གནང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྙིང་སྟོབས་ཆེར་སྐྱེད་ཀྱིས་སླར་ཡང་རྡོག་ཐོན་བྱས་ནས་དུས་རབས་གསར་པར་བོད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དེ་བས་ཆེ་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་ནས་ང་ཚོས་རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུར་ཞིབ་ཕྲའི་བླང་བྱ་བཏོན་པ་དང་ཐབས་ཤེས་དང་ཐབས་ལམ་ཁ་གསལ་བཏོན་གནང་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་གནང་དོན། 2018ལོར་ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། “སྲུང་སྐྱོང་གཉིས”ཀྱི་དམིགས་བསལ་ལོ་རྒྱུས་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལྷག་བསམ་རྣམ་དག་ངང་འཁུར་བ། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཆབ་སྲིད་ཀྱི་བཀའ་རྒྱ་ལུང་དུ་འགྲོ་བའི་འགན་ལེན་བྱས་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ལམ་སྲོལ་སྒྱུར་བཅོས་དང་། ལྟ་ཞིབ་ལམ་སྲོལ་སྒྱུར་བཅོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནང་ཁུལ་གྱི་སྒྲིག་གཞི་སྒྱུར་བཅོས་བཅས་སྤྱི་འདོམས་བྱ་རྒྱུ་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། ལྟ་སྐུལ་གྱི་འགན་འཁྲི་ཨང་དང་པོ་ཏན་ཏིག་ངང་འཁུར་བ་དང་། རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་སྒྲིག་སྐྱོང་གི“རྣམ་པ་བཞི”གནད་སྨིན་ངང་སྤྱོད་པ་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནུས་ལྡན་ངང་བཅོས་སྒྲིག་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད། ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ཏེ་ཆབ་སྲིད་སྐོར་གཟིགས་བྱེད་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྤུ་གྲིའི་ནུས་པ་གང་ལེགས་མངོན་ཡོད། རུལ་སུངས་ལ་ངོ་རྒོལ་དང་ནག་གཤེད་ལ་ཆད་གཅོད་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང“སྟག་སྦྲང་མཉམ་རྡུང”མཐའ་འཁྱོངས་བྱས་ཏེ་རུལ་སུངས་བྱེད་མི་ནུས་པའི་ཟིལ་ཤུགས་ཆེ་རུ་བཏང་ཡོད། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད། ངེས་པར་དུ་ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་པ་མཐའ་འཁྱོངས་བྱས་ཏེ“སྒྲོན་འོག་མུན་ནག”ནན་སེལ་བྱས་ཡོད། གྲུབ་འབྲས་ལ་ཁས་ལེན་གནང་བ་མ་ཟད་ཚང་འཛོམས་གྲོས་ཚོགས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་འཕྲད་པའི་དུས་བབ་དང་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱོད་པ་དང་ཐག་གཅོད་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། རང་ལྗོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་གཞི་རྩའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་སྟེ། གཅིག་ནི་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་རང་རྟོགས་ངང“སྲུང་སྐྱོང་གཉིས”ཀྱི་རྩ་བའི་ཆབ་སྲིད་ལས་འགན་བློ་བརྟན་འགྱུར་མེད་ངང་བསྒྲུབས་ནས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་བོད་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད་པ་དང་། གཉིས་ནི་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཐག་གཅོད་ནན་ཏན་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་ཟབ་ཏུ་བཏང་ཡོད། གསུམ་ནི་ངེས་པར་དུ་ཏང་ཨུད་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རོགས་བྱེད་པའི་འགན་འཁྲིའི་ངེས་གནས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ་ཏང་ནང་ཁུལ་གྱི་ལྟ་སྐུལ་ཆེད་འགན་འཁུར་མཁན་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་བཏང་ཡོད། བཞི་ནི་ངེས་པར་དུ་དམིགས་བསལ་རང་བཞིན་གཏན་ནས་མེད་པའི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དངོས་འབྲེལ་དོ་དམ་དང་དངོས་འབྲེལ་ནན་པོ་དང་། དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་དང་ཡུན་རིང་ནན་པོ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དེ་བས་ཆེ་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་ཡོད། ལྔ་ནི་ངེས་པར་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་འགན་ལེན་བྱས་ཡོད། དྲུག་ནི་ངེས་པར་དུ་རྩ་ལག་མཉམ་བཅོས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཐོག་སྐུལ་འདེད་བཏང་ནས་བོད་ཀྱི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྲུང་སྐྱོང་བྱས་ཡོད། བདུན་ནི་ངེས་པར་དུ་ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་ཡག་པོ་ཞིག་བྱས་ཏེ་རང་ངོས་འཛུགས་སྐྱོང་ལ་བརྟེན་ནས་ཡིད་ཆེས་དང་དབང་གྲགས་བཏོད་ཡོད་པ་བཅས་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་བཏོན་གནང་དོན། 2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་བཅས་ཡིན། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་འཁུར་བ། “བརྟན་པོ་འཛུགས་དགོས་པ་གསུམ”ལ་ཤུགས་སྣོན་རྒྱག་པ། ཏང་ཨུད་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རོགས་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཐོག་སྐུལ་འདེད་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཙན་ཞིང་ནན་པའི་དཔུང་ཁག་གཏོད་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་དགོས།

    དང་པོ། གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས་ཤིང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཏེ“འདུ་ཤེས་བཞི”བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ་བྱས་ཐོག་མགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་མཚོན་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ལ་བརྟེན་ནས་གནད་དོན་ལྟ་ཞིབ་དང་། དབྱེ་ཞིབ། ཐག་གཅོད་བཅས་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་ལག་བསྟར་ནན་ཏན་བྱེད་དགོས་པ། ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཛད་ཕྱོགས་བླང་བྱ་དོན་འཁྱོལ་བྱས་ཏེ་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    གཉིས་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པ་བཟོ་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་དམ་ནན་དང་ཁ་གསལ་བཟོས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི“མགོ་གཉིས་མ”དབྱེ་འབྱེད་དང་མེད་པ་ཧུར་ཐག་བཟོ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་སྡུད་བཅོས་སྒྲིག་བྱེད་པ་དང་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ནན་པོ་མེད་པ་དང་སྐྱོན་ལྡན་གྱི་གནད་དོན་ཡོ་བསྲང་ཧུར་ཐག་བྱེད་དགོས།

    གསུམ་པ། སྒྲིག་བཤེར་ལྟ་ཞིབ་ལམ་སྲོལ་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཏང་གིས་རུལ་རྒོལ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཅིག་གྱུར་ཐབས་ཇུས་དང་གཞི་གཅིག་ཅན་གཉེར་སྐྱོང་བྱེད་པའི་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྟ་ཞིབ་ལས་དོན་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིགས་དབྱེའི་ཇུས་འདོན་བྱས་ཏེ་བཅའ་སྡོད་སྒྲིག་གཞིའི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་བཅའ་སྡོད་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས། གནད་དོན་ཤེས་པ་དང་དག་ཐེར་དོན་འཁྱོལ་བྱེད་རྒྱུ་གལ་ཆེ་མཉམ་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་སྐོར་གཟིགས་སྐོར་ཞིབ་བྱེད་ཟབ་ཏུ་གཏོང་དགོས།

    བཞི་པ། ལྟ་སྐུལ་འགན་འཁྲི་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་ཚད་ཤིང་འཛུགས་པ་དང་ནན་དུ་གཏོང་དགོས་ཤིང་། རྒྱུན་གཏན་ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ཏེ་ལྟ་སྐུལ་གྱི་གནད་སྨིན་ཚད་གཞི་མཐོ་རུ་གཏོང་དགོས། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དག་ཐེར་བྱེད་པའི་ལས་དོན་ལ་དམ་འཛིན་ནན་ཏན་བྱས་ཏེ་སྣེ་ཁྲིད་ནས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་གནད་དོན་ཕྱོགས་ཡོངས་ནས་དག་ཐེར་བྱེད་དགོས་པ་མ་ཟད་དག་ཐེར་གྱི་རྒྱུན་གཏན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། གོ་རིམ་ལྡན་པའི་སྒོ་ནས“རྣམ་པ་བཞི”སྤྱད་དེ་དམ་ལྷོད་ཟུང་འབྲེལ་དང་གནད་སྨིན་འོས་འཚམ་བྱེད་དགོས། འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་བདའ་འདེད་ནན་པོ་དང་འགན་འཁྲི་དོན་འཁྱོལ་ལ་ལྡོག་སྐུལ་བྱེད་དགོས།

    ལྔ་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་མཐུད་དམག་འཐབ་ཡག་པོ་རྒྱག་དགོས་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཤིང་། སྤྱོད་ཚུལ་འཛུགས་སྐྱོང་གི་བར་མཐོངས་དང་ལས་སྟེགས་རྒྱ་ཆེར་བཏང་ཐོག་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པ་དང་ཐོན་མ་ཐག་རྡུང་རྡེག་བཏང་ནས་བསྐྱར་ཐོན་ནན་འགོག་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་ཚང་བཙུགས་ཏེ་ཏང་གི་སྤྱོད་ཚུལ་བཟང་པོ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    དྲུག་པ། རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཤིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོ་བཙུགས་ནས་ཆད་གཅོད་བྱ་རྒྱུ་དམ་འཛིན་བྱས་ཏེ་ལྷོད་གཡེང་མི་གཏོང་བ་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་རུལ་སུངས་ལ་ཆད་གཅོད་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། བརྟག་དཔྱད་བྱེད་ཐབས་ཀྱི་བེད་སྤྱོད་དབང་ཚད་དང་ཞིབ་མཆན་གོ་རིམ་ནན་པོ་བཟོས་ཏེ་གྱོད་གཞིའི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། ཞིབ་བཤེར་དང་བརྟག་དཔྱད་ཀྱི་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་བདེ་འཇགས་ལྡན་པའི་སྒོ་ནས་གྱོད་གཞི་སྒྲུབ་པའི་མཐའ་ཚད་དམ་པོར་སྲུང་བ་དང་གྱོད་གཞི་གཅིག་ལ་ཕྱོགས་སྡོམ་གཅིག་བྱེད་པ་དང་གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།

    བདུན་པ། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་བཙུགས་ཏེ་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་ཤིང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་བྱས་ནས་ཐོན་ལས་རྣམ་གྲངས་ཀྱི་དབུལ་སྐྱོར་དང་ཁ་གཏད་རོགས་སྐྱོར་དང་དེ་བཞིན་དབུལ་སྐྱོར་ལས་གྲྭར་སྐུལ་འདེད་གཏོང་བར་ཤུགས་རྐྱེན་བཟོ་བ་སོགས་ཀྱི་གནད་དོན་ཤེས་རྟོགས་དང་ཡོ་བསྲང་ཧུར་ཐག་བྱེད་པ་དང་དབུལ་སྐྱོར་མ་དངུལ་དང་རྒྱུ་ནོར་ཧམ་ཟའི་བྱེད་སྤྱོད་ལ་ཉེས་ཆད་དྲག་པོ་གཅོད་པ་ལས་གུ་ཡངས་སུ་གཏོང་མི་རུང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་བྱས་ཏེ་ནག་གཤེད་ཕྱོགས་གཏོགས་ལ་སྲུང་སྐྱོབ་བྱེད་མཁན་ཞིབ་བཤེར་ནན་པོ་བྱས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།

    བརྒྱད་པ། ངེས་པར་དུ་ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་པ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཆེ་བའི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་དགོས་ཤིང་། “གཞན་སྒྱུར་གསུམ”རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་གོང་རིམ་སྒྲིག་ཨུད་ཀྱིས་གཤམ་འོག་སྒྲིག་ཨུད་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་དགོས། ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དོ་དམ་ནན་པོ་དང་དོ་ཁུར་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་ཐོག་ཏུ་སྒོ་ར་གཙང་འཕྱག་དང་ཕྱི་ནང་གཙང་སེལ་བྱས་ཏེ་ལྷག་བསམ་རྣམ་དག་དང་། བློ་རྩ་བརྟན་པོ། འགན་འཁྲི་གཙང་སྒྲུབ། སྒྲིག་བཀུར་ཁྲིམས་སྲུང་། སྤྱོད་གཙང་གཞུང་དྲང་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་བཙན་ཞིང་ནན་པའི་དཔུང་ཁག་ཅིག་གཏོད་དགོས་པ་བཅས་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་བོད་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།