དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-27

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། བློ་བཟང་རྒྱལ་མཚན། 

    འཐུས་མི་རྣམ་པ།

    ད་ལྟ། ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར། ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་གནང་།

    འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་གཙོ་བོ།

    2018ལོ་ནི་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་ལོ་དང་པོ་དེའང་ཡིན། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་གལ་ཆེའི་རྒྱས་བཤད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་བཅས་གསུམ་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལྗོངས་ཡོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་བསྒྲུབས་པར་བརྟེན། ཕྱོགས་གང་ཐད་ཀྱི་ལས་དོན་ལ་ཡར་རྒྱས་གསར་པ་བྱུང་བ་དང་ཕན་འབྲས་གསར་པ་ཐོན་ནས་བོད་ལྗོངས་འདི་ཉིད་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཁྱོན་ཐེངས་9སྐོང་འཚོག་བྱས་པ་དང་། ཁྲིམས་སྲོལ་གྲོས་གཞི་ཁག་12ལ་གྲོས་ཞིབ་བྱས་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་8ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་ལས་དོན་སྙན་ཞུ་ཁག་22དང་ཆེད་དོན་བརྟག་ཞིབ་སྙན་ཞུ་ཁག་4ཉན་ནས་གྲོས་ཞིབ་བྱས་པ། གྲོས་ཆོད་དང་གཏན་འབེབས་ཁག་6བཟོས་པ། ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་མི་ཐེངས་148བསྐོ་འཐེན་བཅས་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཀའ་མངགས་ལྟར་སྒྲིག་འཛུགས་བྱས་པའི་ཁྲིམས་སྒྱུར་ཞིབ་བཤེར་དང་། འཐུས་མིའི་རྟོག་ཞིབ། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཡོད། ལས་དོན་དེ་དག་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་ཐུབ་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བཏོན་པའི་ལས་འགན་ཁག་ལེགས་གྲུབ་ཅུང་ཡག་པོ་བྱུང་བ་དང་སྐབས་འདིའི་ལས་དོན་གྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད།

    གཅིག ཆབ་སྲིད་ཀྱིས་སྤྱི་འདོམས་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ།

    རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ནི་ཏང་གི་འགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་གལ་ཆེན་ཞིག་ཡིན། ང་ཚོས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་བཙུགས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་ཞིང་ཡང་དག་པ་ཡོང་རྒྱུར་འགན་ལེན་བྱས་ཡོད།

    གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། ཀྲུའུ་རེན་གྱི་ཚོགས་འདུ་བཅས་འཚོགས་རིམ་བཞིན་དུ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་ཞིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཤུགས་ཆེར་ཏན་ཏིག་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་དོན་འཁྱོལ་དམ་འཛིན་གང་ལེགས་བྱས་ཡོད། རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སློབ་སྦྱོང་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཚོགས་འདུ་དང་གལ་ཆེའི་ཡིག་ཆའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་མཉམ་སྡེབ་སློབ་སྦྱོང་ཐེངས་12བྱས་པ་དང་། “བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གླེང་སྟེགས”ཐེངས་5གཉེར་ཡོད། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ངེས་གནས་དང་ཁྱད་ཆོས་ལ་གཞིགས་ནས་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་གཙོ་བོའི་འགལ་བ་དང་དམིགས་བསལ་གྱི་འགལ་བར་དམིགས་ཏེ། བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན་པ་དང་། གོང་འཕེལ་ནི་དོན་ཆེན་ཨང་དང་པོ་ཡིན་པ། དམངས་འཚོ་ནི་ཁྲིད་སྟོན་ཨང་དང་པོ་ཡིན་པ། སྐྱེ་ཁམས་ནི་དམར་ཐིག་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་ཀྱིས་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱས་པ་དང་། བཀོད་སྒྲིག་བྱེད་རིམ་བཞིན་དང་བྱ་ཐབས་སྤྱོད་རིམ་བཞིན་ཚང་མ་རང་རྟོགས་ངང་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་བརྩི་བཀུར་ཞུ་ཐུབ་པ་དང་ཞབས་ཞུ་སྒྲུབ་ཐུབ་པ་བྱས་ཡོད། ང་ཚོས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོག་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ཆེད་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས“རྒྱུན་འཁྱོངས་བཅུའི”ནང་དོན་གཙོ་བོར་གོ་བ་ཡང་དག་ལོན་པ་དང་སྟངས་འཛིན་གནད་འཁེལ་བྱས་ཐོག རང་རྟོགས་ངང་དུས་རབས་གསར་པའི་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ཡོད།

    གཉིས་ནི་ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཐད་ལ་ཁྱབ་རྒྱུ་རྒྱུན་འཁྱོངས་བྱས་པ། ལྗོངས་ཏང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེ་གནང་བ་དང་སྦྲགས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་བྱེད་པའི་ཁྲོད་ཀྱི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་ཐེངས་མང་གནང་སྟེ་ལས་དོན་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་ནས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་བྱས་པ་དང་ཤུགས་ཆེའི་སྒུལ་ཤུགས་སྤྲད་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ལྗོངས་ཏང་ཨུད་ལ་ཁྱོན་ཡོངས་ཀྱི་ལས་དོན་སྙན་སེང་ནན་ཏན་ཞུས་ནས་མི་དམངས་འཐུས་ཚོགས་ཀྱི་གལ་ཆེའི་ཚོགས་འདུ་དང་། ལོ་ལྔའི་ཁྲིམས་བཟོའི་འཆར་འགོད། ལོ་འཁོར་གྱི་ཁྲིམས་བཟོའི་འཆར་གཞི། གལ་ཆེའི་ཁྲིམས་སྲོལ་འཆར་ཟིན། གལ་ཆེའི་ལྟ་སྐུལ་ལས་དོན། གལ་ཆེའི་གྲོས་ཆོད་དང་གཏན་འབེབས། སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་སོགས་ཀྱི་དོན་གནད་རིགས་ལྗོངས་ཏང་ཨུད་ལ་ཁྱོན་དགོངས་སྐོར་སྙན་སེང་ཐེངས་48ཞུས་ཡོད། ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་དམངས་གཙོའི་ཁྲིམས་ལུགས་ཁྱབ་ཁོངས་ལ་བསྒྱུར་བཅོས་བྱེད་པའི་འབྲེལ་ཡོད་ལས་འགན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་ལྗོངས་ཏང་ཨུད་ལ《མི་དམངས་འཐུས་ཚོགས་ཀྱིས་གལ་ཆེའི་དོན་གནད་ལ་གྲོས་བསྡུར་དང་གཏན་འབེབས་བྱེད་པའི་ལམ་ལུགས་ཚགས་ཚུད་བཟོ་རྒྱུ་དང་། རིམ་ཁག་སྲིད་གཞུང་ནས་གལ་ཆེའི་ཐབས་ཇུས་བཟོ་འདོན་མ་བྱས་གོང་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ལ་སྙན་ཞུ་འབུལ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱེད་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དགོངས་སྐོར་སྙན་སེང་ཞུས་ནས་པར་འགྲེམས་བྱས་པ་དང་། སྐབས་འདིའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བཟོའི་འཆར་འགོད་ཆོག་མཆན་ཞུས་ནས་བརྒྱུད་སྤེལ་བྱས་ཡོད།

    གསུམ་ནི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་འདོད་བཞེད་ཁྲིམས་བཞིན་ལམ་ལྷོངས་ངང་འགྲུབ་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བསྡུར་ཞིབ་བྱེད་པའི་རྩ་བའི་ཞིབ་དཔྱད་ཅིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་དམིགས་ཚད་ཁག་གཅིག་ལེགས་སྒྲིག་བྱེད་པ་དང་། ནོར་སྲིད་ངེས་རྩིས་ལ་ཆོག་མཆན་སྤྲོད་པ། སྔོན་རྩིས་ལེགས་སྒྲིག་བྱེད་པའི་ཇུས་གཞི་བཟོ་བ། ནག་ཆུ་ས་གནས་ནས་གྲོང་ཁྱེར་དུ་སྒྱུར་བ། སྒྲིག་གཞི་བསྒྱུར་བཅོས་བྱེད་སྐབས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱེད་རྒྱུ་དང་འབྲེལ་བའི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་ལེགས་སྒྲིག་བྱེད་པའི་གནད་དོན་སོགས་ལ་དམིགས་ཏེ་ཁྲིམས་བཞིན་གྲོས་ཆོད་བཟོས་པ་དང་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང་(ཆུད)བཅས་རིམ་པ་གསུམ་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དངོས་སུ་འཛུགས་རྒྱུར་ཁྲིམས་བཞིན་སྐུལ་འདེད་བཏང་ཡོད། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་རང་སྐྱོང་ལྗོངས་ཀྱི་སྐབས་གསར་པའི“གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱི་ཁོངས་མི་དང་དེ་བཞིན་སྒྲིག་གཞི་བསྒྱུར་བཅོས་བྱས་རྗེས་ཀྱི་སྲིད་གཞུང་གི་གྲུབ་ཁོངས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་ཁྲིམས་བཞིན་བསྐོ་བཞག་བྱས་པས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་གལ་ཆེའི་འགན་སྲུང་ཐུབ་ཡོད།

    གཉིས། ཁྲིམས་བཟོས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་ཁྲིམས་བཟང་སྐྱོང་མཁས་བྱེད་རྒྱུར་སྐུལ་འདེད་གང་ལེགས་བཏང་བ།

    ཁྲིམས་བཟོ་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་ལྗོངས་སྐྱོང་རྒྱུའི་སྔོན་འགྲོ་དང་རྨང་གཞི་ཡིན། ང་ཚོས་དུས་རབས་གསར་པ་དང་། འགྱུར་ལྡོག་གསར་པ། བླང་བྱ་གསར་པ་བཅས་ལ་ངོས་འཛིན་གང་ཟབ་བྱས་ཏེ་ཚན་རིག་ལ་བརྟེན་ནས་ཁྲིམས་བཟོ་བ་དང་། དམངས་གཙོར་བརྟེན་ནས་ཁྲིམས་བཟོ་བ། བཅའ་ཁྲིམས་ལ་བརྟེན་ནས་ཁྲིམས་བཟོ་བ་བཅས་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཁྲིམས་བཟང་གིས་གོང་འཕེལ་ལ་སྐུལ་འདེད་དང་སྐྱོང་མཁས་ལ་འགན་སྲུང་བྱེད་ཐུབ་རྒྱུར་ཤུགས་བརྒྱབ་ཡོད།

    གཅིག་ནི་རྩ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་རྩ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དེ་དམིགས་བསལ་གྱི་གནས་བབ་ཐོག་བཞག་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་བསམ་འཆར་བཟོས་པ་དང་། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུའི་བྱ་ཐབས་ལ་དག་བཅོས་བྱས་པ། ཁྲིམས་སྲོལ་བཟོ་སྐབས་རྩ་ཁྲིམས་ཀྱི་དགོངས་དོན་ལག་བསྟར་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་བསྐོ་བཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱ་མི་ཐེངས་116སྒྲིག་འཛུགས་བྱས་ཏེ་རྩ་ཁྲིམས་ལ་དམ་བཅའ་བཞག་པ། རྩ་ཁྲིམས་དྲིལ་བསྒྲགས་བྱེད་པའི་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བཅས་བྱས་པར་བརྟེན། རྒྱལ་ཁབ་ཀྱི་ལས་བྱ་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། དེ་བཞིན་མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་རྩ་ཁྲིམས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་སོང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་དད་ཞེན་པ་རྣམ་དག་ཅིག་དང་། རང་རྟོགས་ངང་བརྩི་སྲུང་ཞུ་མཁན་ཞིག བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་མཁན་ཞིག་བཅས་ཆགས་ཐུབ་པ་བྱུང་ཡོད། གཉིས་ནི་ལོ་ལྔའི་རིང་གི་ཁྲིམས་བཟོའི་འཆར་འགོད་ཞིབ་འཇུག་དང་བཟོ་སྒྲིག་བྱས་པ། “གཞུང་གཅིག་ཨུད་གཅིག་ཁང་གཉིས”དང་། སྤྱི་ཚོགས་ལས་རིགས་ཁག དེ་བཞིན་ས་གནས་གྲོང་ཁྱེར་ཁག་གི་མི་དམངས་འཐུས་ཚོགས་བཅས་ཀྱི་བསམ་འཆར་དང་གྲོས་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཤིང་། རིགས་པས་ཁུངས་སྐྱེལ་དང་གྲོས་མོལ་ཡང་ཡང་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་བཟོ་སྒྲིག་བྱས་ཁར། ཁྱོན་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བཅོས་སྐྱོང་། དཔལ་འབྱོར་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོའི་བྱ་གཞག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཟོའི་རྣམ་གྲངས་ཁག་77གཏན་འཁེལ་བྱས་ཡོད། དེའི་ནང་སྐབས་འདིའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁྲི་འཁུར་ཡུན་རིང་ལེགས་གྲུབ་བྱེད་དགོས་ངེས་ཀྱི་རིགས་དང་པོའི་ཁྲིམས་བཟོའི་རྣམ་གྲངས་ཁག་34ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བཟོའི་ལས་དོན་ཚོགས་འདུ་དུས་ཐོག་ཏུ་སྐོང་འཚོག་བྱས་ཏེ་སྐབས་འདིའི་འགན་འཁྲི་འཁུར་ཡུན་གྱི་ཁྲིམས་བཟོའི་ལས་ཀའི་དམིགས་ཚད་ལས་འགན་དང་། ལས་ཀའི་བླང་བྱ། དོན་འཁྱོལ་བྱེད་ཐབས་བཅས་སྔར་བས་ཁ་གསལ་བཟོས་ནས་ཁྲིམས་བཟོའི་འཆར་འགོད་དང་སྒྲིག་འཛུགས་ལག་བསྟར་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད།

    གསུམ་ནི་ཁྲིམས་བཟོའི་རྣམ་གྲངས་གལ་ཆེན་ཁག་གཅིག་ལེགས་གྲུབ་བྱས་པ། བཟོ་བཅོས་དོར་གསུམ་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ལོ་གཅིག་རིང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་9གསར་བཟོ་དང་བཟོ་བཅོས་བྱས་པ་དང་། ཁག་2མེད་པ་བཟོས་པ། ཆུད་བཙུགས་པའི་གྲོང་ཁྱེར་གྱི་ཁྲིམས་སྲོལ་ཁག་9ལ་ཆོག་མཆན་སྤྲད་པ་བཅས་བྱས་ཡོད། རླུང་ཁམས་ཀྱི་བཙོག་སྐྱོན་འགོག་བཅོས་སྲོལ་ཡིག་དང་ཁྲིམས་འཛིན་དཔྱད་སྡོམ་གྱི་དོ་དམ་སྲོལ་ཡིག་བཟོས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་ཡིག་དང་ཚན་རྩལ་འབྲས་བུ་དངོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་བཅའ་ཁྲིམས་ཀྱི་བྱ་ཐབས་དག་བཅོས་བྱས་པ། མི་དམངས་ཀྱི་འདུམ་འགྲིག་སྲོལ་ཡིག་ལ་གྲོས་ཞིབ་བྱེད་བཞིན་ཡོད་པ་བཅས་ཀྱི་ཐོག་ནས་ཁྲིམས་བཟོའི་ལས་དོན་དེ་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་དང་འཚམ་མཐུན་བྱུང་བ་དང་། བསྒྱུར་བཅོས་ཀྱི་ཐབས་ཇུས་དང་སྦྲེལ་མཐུད་བྱུང་ཡོད། རྒྱུན་ལས་ཨུ་ལྷན་གྱི་དོན་གྲོས་ལམ་སྲོལ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྒྲིག་སྲོལ་ནང་འཁོད་དངུལ་ཆད་བཅད་གྲངས་གཏན་འཁེལ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་སོགས་ཁྲིམས་སྲོལ་ཁག་5སྡེབ་གཅིག་ཏུ་བཟོ་བཅོས་བརྒྱབ་པ་དང་། དུས་བབ་གོང་འཕེལ་འགྲོ་བའི་དགོས་མཁོ་དང་མི་འཚམ་པའི་ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་སྐོར་གྱི་སྲོལ་ཡིག་དང་ཚོང་ཟོག་ཉོ་ཚོང་ཁྲོམ་རའི་དོ་དམ་སྲོལ་ཡིག་མེད་པ་བཟོས་ཡོད།

    བཞི་ནི་སྙན་དཔོད་ཞིབ་བཤེར་དང་ཆེད་དོན་གཙང་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། ལོ་ཧྲིལ་པོར་སྙན་དཔོད་ཞུ་རྒྱུར་ཕུལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་14ལ་ཞིབ་བཤེར་བྱས་ཤིང་། དེའི་ནང་གོང་ཁྲིམས་དང་འགལ་བའམ་ཡང་ན་གཅིག་གྱུར་བྱུང་མེད་པའི་སྲིད་འཛིན་སྒྲིག་སྲོལ་གྱི་ཡིག་ཆ་ཁག་4ཡོད་པར“ཡིག་ཆ་ཡོད་ཕྱིན་ངེས་པར་དུ་སྙན་དཔོད་ཞུ་བ་དང་། སྙན་དཔོད་ཞུས་ཕྱིན་ངེས་པར་དུ་ཞིབ་བཤེར་བྱེད་པ། ནོར་འཁྲུལ་ཡོད་ཕྱིན་ངེས་པར་དུ་ཡོ་བསྲང་བྱེད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་། བཟོ་འབེབས་བྱེད་མཁན་ལས་ཁུངས་ལ་ཡོ་བསྲང་བྱེད་རྒྱུའི་འགན་དཀྲིས་ཡོད། གཞན་ཡང་2018ལོའི་སྙན་དཔོད་ཞིབ་བཤེར་གྱི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཡོད། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཙང་བཤེར་བྱེད་པའི་ལས་ཀའི་གཏན་འབེབས་བཟོས་པ་དང་ལག་བསྟར་བྱས་ཏེ་རང་ལྗོངས་སུ་ད་ལྟ་ལག་བསྟར་བྱེད་མུས་ཡིན་པའི་ས་གནས་རང་བཞིན་གྱི་གོ་ཆོད་ཁྲིམས་སྲོལ་ཁག་113ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་དམག་དམངས་མཉམ་འདྲེས་ཡོང་རིགས་ཀྱི་ཁྲིམས་སྲོལ་ལ་ཆེད་དོན་གཙང་བཤེར་ཐེངས་4བྱེད་རྒྱུ་བཅས་ལེགས་གྲུབ་བྱུང་ཡོད།

    གསུམ། ལྟ་སྐུལ་གྱི་ངེས་གནས་སྟངས་འཛིན་གནད་འཁེལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལྟ་སྐུལ་དང་རྒྱབ་སྐྱོར་གཉིས་ཟུང་འབྲེལ་ནུས་ལྡན་ཡོང་བ་རྒྱུན་འཁྱོངས་བྱས་པ།

    མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནི་ཏང་གི་འགོ་ཁྲིད་འོག རྒྱལ་ཁབ་དང་མི་དམངས་ཀྱི་ཚབ་བྱས་ནས་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་ལྟ་སྐུལ་བྱེད་པ་ཞིག་ཡིན། ང་ཚོས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ཆབ་སྲིད་ངེས་གནས་དང་བཅའ་ཁྲིམས་ཀྱི་ངེས་གནས་སྟངས་འཛིན་ནན་པོ་བྱས་ཏེ“ཁྲིམས་ལྟར”ཞེས་པའི་ཡིག་འབྲུ་གཉིས་པོ་དེར་བརྩི་སྲུང་ནན་པོ་ཞུས་ཐོག ལྟ་སྐུལ་ཡང་དག་དང་ལྟ་སྐུལ་ནུས་ལྡན་བྱས་ཡོད།

    གཅིག་ནི་གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་བ། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ལག་བསྟར་བྱས་ཚུལ་གྱི་དུས་དཀྱིལ་ཚོད་སྐོར་དང་། ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི། ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སོགས་ཀྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། རིམ་པ་དེ་རང་གི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱེད་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་ཐེངས་དང་པོ་ཉན་ནས་གྲོས་ཞིབ་བྱས་ཡོད། གཞན་ཡང་ངེས་རྩིས་ཀྱི་སྙན་ཞུ་དང་རྩིས་བཤེར་ལས་དོན་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཏེ། རྩིས་བཤེར་གྱིས་བཅོས་སྒྲིག་དོན་འཁྱོལ་གྱི་ལྟ་སྐུལ་བྱེད་རྒྱུ་དེ་རྩིས་བཤེར་བྱ་ཡུལ་སྲིད་གཞུང་གི་འགན་ནུས་སྡེ་ཚན་ཁག་ནང་རྒྱ་སྐྱེད་བཏང་ཡོད། དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་དང་། གྲོང་གསེབ་ཀྱི་ས་ཆའི་བདག་དབང་གཏན་འཁེལ། ནས་ཀྱི་ཐོན་འབབ་འཕར་སྣོན་སོགས་ཐད་ལ་བརྟག་ཞིབ་བྱས་པ་དང་། དམངས་སྤྱོད་གནམ་ཐང་སྲུང་སྐྱོབ་སྲོལ་ཡིག་གི་ཁྲིམས་སྒྱུར་བྱེད་ཚུལ་ལ་རྒྱུན་མཐུད་མཇུག་འདེད་ཞིབ་བཤེར་བྱས་ཡོད། འབྲེལ་ཡོད་ཕྱོགས་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི”བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ཀྱི་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་བཟོ་སྒྲིག་བྱེད་རྒྱུ་ལེགས་གྲུབ་བྱས་ཡོད།

    གཉིས་ནི་དབུལ་གྲོལ་འགག་སྒྲོལ་དང་སྤྱི་ཚོགས་ཀྱི་བྱ་གཞག་ལ་སྐུལ་འདེད་ཤུགས་ཆེ་བཏང་བ། གནད་འཕིགས་དབུལ་གྲོལ་གྱི་འགག་སྒྲོལ་ལས་ཀ་ཡག་པོ་བསྒྲུབ་རྒྱུར་དམིགས་ཏེ་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་གྲོལ་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། གྲོས་ཞིབ་ཀྱི་བསམ་འཆར་སྒྲུབ་སྐུལ་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ལྷོད་མེད་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ཏེ་ནུས་ཤུགས་བཏོན་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་དབུལ་སྐྱོར་འབྲེལ་གཏུགས་བྱེད་གནས་སུ་ཟབ་འཇུག་བྱས་ཤིང་། ཤིན་ཏུ་དབུལ་བའི་རྫོང་ཁག་གིས་གནད་འཕིགས་བླང་བྱ་དོན་འཁྱོལ་བྱེད་རྒྱུ་དང་། རོགས་སྐྱོར་བྱེད་ཐབས་ཤུགས་ཆེར་གཏོང་རྒྱུ། ནང་ངོས་ཀྱི་སྒུལ་ཤུགས་སྐུལ་སློང་གཏོང་རྒྱུ་བཅས་ལ་མཛུབ་ཁྲིད་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། མི་དམངས་མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་འགན་སྲུང་བྱེད་རྒྱུར་དམིགས་ཏེ་འགོས་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་དང་སྦྲགས། ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཡོད། ན་ཚོད་མ་ལོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པར་ལན་སྤྲོད་གང་ལེགས་བྱས་ཡོད། དགེ་རྒན་གྱི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་མཇུག་འདེད་ཞིབ་བཤེར་བྱས་ནས་སློབ་གསོའི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    གསུམ་ནི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི《ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་ཡག་པོ་བསྒྲུབ་རྒྱུར་ཁྲིམས་བཞིན་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད》ལག་ལེན་བསྟར་ཏེ་རླུང་ཁམས་བཙོག་སྐྱོན་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ་སྒྲིག་འཛུགས་བྱས་ཡོད། “རི་སྔོན་ཆུ་དྭངས་སྲུང་སྐྱོབ་བྱེད་པ་དང་། སྐྱེ་ཁམས་སྲུང་བཅད་བརྟན་པོ་འཛུགས་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱིས་གོང་འོག་མཉམ་འགུལ་ཐོག་ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ལས་སྒོ་བོད་དུ་སྤེལ་བ་དང་། “བཅའ་ཁྲིམས་སྐོར་ཞིབ་བྱེད་པའི”ལྟ་སྐུལ་གྱི་སྤུ་གྲིའི་ནུས་པ་འདོན་སྤེལ་བྱས་ཡོད། ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་ཆེད་དོན་བརྟག་ཞིབ་དང་ལེགས་སྒྲིག་ལྟ་སྐུལ་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འདོན་བྱས་ཡོད།

    བཞི་ནི་མཐའ་མཚམས་ས་ཁུལ་གོང་འཕེལ་ཇེ་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་བ། མཐའ་མཚམས་ཀྱི་འཐབ་ས་མདུན་མར་ཟབ་འཇུག་བྱས་ནས་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཞིབ་བཤེར་བྱས་ཐོག ལྗོངས་ཡོངས་ཀྱི་མཐའ་མཚམས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཡོད། མཐའ་མཚམས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་ཁུལ་བདེ་འཇགས་ཡོང་བར་འགན་ལེན་བྱེད་རྒྱུར་དམིགས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་རྒྱུ་དེ་གཙོ་གནད་དུ་བཟུང་ནས་ཆེད་དོན་འདྲི་རྩད་ཀྱི་ལས་དོན་སྤེལ་བ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཡོད་ལ། ས་ཡུལ་དངོས་སུ་མཐའ་མཚམས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་འདྲི་རྩད་ཀྱི་ལས་དོན་སྤེལ་ནས་མཐའ་མཚམས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།

    ལྔ་ནི་དྲང་བཞག་དྲང་བདེན་ཡོང་རྒྱུར་སྲུང་སྐྱོང་ཤུགས་ཆེ་བྱས་པ། ཕྱོགས་ཡོངས་ནས་ཁྲིམས་འཛིན་བསྒྱུར་བཅོས་གཏིང་ཟབ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས“ཁང་གཉིས”ཀྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། ཁྲིམས་འཛིན་བསྒྱུར་བཅོས་ཀྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་གྱིས་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། འཐུས་མི་སྒྲིག་འཛུགས་བྱས་ནས“ཁང་གཉིས”ཀྱི་ལས་དོན་ལ་རྟོག་ཞིབ་བྱས་པ་དང་། ཁྲིམས་རར་གྱོད་གཞི་ཟུར་ཉན་བྱས་པ། འབྲེལ་ཡོད་བྱེད་སྒོའི་ནང་ཞུགས་པ་བཅས་བྱས་ཏེ་ཁྲིམས་འཛིན་ལས་ཁུངས་ཀྱི་ལས་དོན་སྤེལ་སྟངས་ཟམ་མི་ཆད་པར་ལེགས་སུ་འགྲོ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ཡོད།

    བཞི། འཐུས་མིའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་འཐུས་མིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་ཁོངས་མི་ཡིན་པས། མི་དམངས་ཀྱི་འདོད་བློའི་ཚབ་བྱས་ཏེ་འགན་དབང་སྤྱོད་ཀྱི་ཡོད། ང་ཚོས་ཟམ་མི་ཆད་པར་བྱ་ཐབས་གསར་གཏོད་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་སྟེགས་རྒྱ་ཆེར་གཏོད་པ་བཅས་བྱས་ཏེ་འཐུས་མིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུ་དང་ནུས་པ་གང་ལེགས་འདོན་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཡོད།

    གཅིག་ནི་འཐུས་མིའི་འགན་སྒྲུབ་ལས་སྟེགས་ཧུར་ཐག་གཏོད་པ། རྒྱུན་ལས་ཨུ་ལྷན་གྱིས་འཐུས་མི་དང་འབྲེལ་བ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ཐད་ཀར་འཐུས་མི་145ལ་འབྲེལ་གཏུགས་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བཞུགས་མོལ་ལམ་སྲོལ་བཙུགས་ཏེ་འཐུས་མིའི་བསམ་འཆར་དང་གྲོས་འཆར་ནན་ཏན་ཉན་ཡོད། འཐུས་མི་གདན་ཞུས་ཀྱིས་ཁྲིམས་སྒྱུར་ཞིབ་བཤེར་དང་ཁྲིམས་བཟོའི་བརྟག་ཞིབ་བྱེད་རྒྱུ་སོགས་ཀྱི་བྱེད་སྒོར་མི་ཐེངས་580ཞུགས་པ་དང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་འཐུས་མི་124ཟུར་ཞུགས་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་ཆུང་ཁག་52བཙུགས་ཤིང་། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང་”ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་སྟེ་འཐུས་མིའི་འགན་སྒྲུབ་ཀྱི་ཆ་འཕྲིན་ལས་སྟེགས་གསར་གཏོད་བྱས་པ་དང་། ཚོགས་འདུ་གྲོལ་རིང་གི་འཐུས་མིའི་བྱེད་སྒོ་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཐབས་ལམ་དང་བྱེད་ཐབས་གང་མང་སྤྱད་དེ་མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་ཉན་པ་དང་གསལ་ཞུ་བྱས་ཡོད།

    གཉིས་ནི་འཐུས་མིའི་འགན་འཁྲི་སྒྲུབ་ནུས་འཛུགས་སྐྱོང་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་བ། འཐུས་མིའི་སློབ་སྦྱོང་སྦྱོང་བརྡར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཅིག་སྡུད་དུ་སློབ་སྦྱོང་སྦྱོང་བརྡར་ཐེངས་6བྱས་པར་མི་ཐེངས་700ལ་ཉེ་བ་སྦྱོང་བརྡར་ནང་ཞུགས་ཡོད། བོད་རྒྱ་ཡིག་རིགས་གཉིས་ཀྱི《མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་ལག་དེབ》ཁྲི་7.5སྒྲིག་བཟོ་དང་པར་འདེབས་བྱས་ནས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་དེ་བཞིན་རིམ་ཁག་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་ཁྲི་3.5ལྷག་ཙམ་ལ་སྤྲད་ཡོད། འཐུས་མི་གདམ་ཐོན་བྱེད་རྒྱུ་དང་། གོ་རིམ་བརྒྱུད་རྒྱུ། ལྟ་སྐུལ་བྱེད་རྒྱུ་བཅས་ཀྱི་འགག་གནད་དམ་སྲུང་བྱས་ཏེ་འཐུས་མི་རེ་ཟུང་གི་འོས་ཐོབ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ་ཁག་5ལ་མོས་མཐུན་བྱས་ཡོད།

    གསུམ་ནི་འཐུས་མིའི་འགན་སྒྲུབ་ཀྱི་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུར་འགན་སྲུང་ཧུར་ཐག་བྱས་པ། འཐུས་མིའི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱས་ནས་འཐུས་མིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་སྐོང་འཚོག་བྱེད་རིང་འཐུས་མིས་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ཁག་293ཡོད་པ་ཚང་མ་གཉེར་སྒྲུབ་ཟིན་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཆེད་དོན་བརྟག་ཞིབ་དང་གཅིག་སྡུད་དུ་རྟོག་ཞིབ་ཐེངས་12བྱས་ནས་ཐབས་ཇུས་བསམ་འཆར་དང་གྲོས་འཆར་བཏོན་པར་བརྟེན། འཐུས་མིའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པའི་ཞབས་ཞུ་འགན་སྲུང་གི་ལས་དོན་ཁག་བདེ་བླག་ངང་ལེགས་གྲུབ་བྱས་ཡོད།

    ལྔ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་རྒྱུན་སྲིང་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་སྲུང་སྐྱོང་གང་ཐུབ་བྱས་པ།

    སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད། རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་བཅས་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ང་ཚོས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཀྲུང་དབྱང་གི་མཛད་ཕྱོཌ་མཐའ་གཅིག་ཏུ་ལག་བསྟར་བྱེད་རྒྱུ་དང་། ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོཌ་དུས་བབ་རྒྱུན་སྲིང་དང་། ཡུན་རིང་། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་རྒྱུར་ནུས་ཤུཌ་ལེཌ་སྐྱེས་སུ་ཕུལ་ཡོད།

    གཅིག་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པ། མི་དམངས་འཐུས་ཚོགས་ཀྱིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གཞི་རིམ་ལ་ཟབ་འཇུག་དང་མང་ཚོགས་ཁྲོད་ཟབ་འཇུག་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བོད་ཕུང་ཆོས་དཀྲུག་གི་ལོག་སྤྱོད་ངོ་བོར་ཐེར་འདོན་འགག་རྒྱག་གཏིང་ཟབ་བྱས་པ་དང་། གཙོ་གནད་ས་ཁུལ་དང་གཙོ་གནད་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལྟ་སྐུལ་ལས་དོན་ཏན་ཏིག་སྤེལ་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་གྱི་གཏོར་བཤིག་བྱེད་སྤྱོད་སྤེལ་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཡོད། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ལས་དོན་གཞན་དག་ནང་ཧུར་ཐག་ཞུགས་ནས་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་ཞུ་དེ་བས་ལེགས་པ་བསྒྲུབས་ཡོད།

    གཉིས་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བ། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་བཅུ་བདུན(ལྗོངས་དང་གྲོང་ཁྱེར)གྱི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་བཞུགས་མོལ་ཚོགས་འདུ་གཉེར་སྒྲུབ་བྱས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་སྐུ་གཞོན་ཚའོ་ཅན་མིང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རྣམ་གཉིས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་དང་སྤེལ་རེས་བྱས་ནས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་གང་ལེགས་མངོན་པར་བྱས་པ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་གྱི་རྩ་དོན་དང་། དམིགས་ཚད། བླང་བྱ་བཅས་སྔར་བས་གཏན་འཁེལ་ཁ་གསལ་བྱས་ཡོད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་སོགས་བྱེད་ཚུལ་ཐད་ཆེད་དོན་བརྟག་ཞིབ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་ཟམ་མི་ཆད་པར་ཇེ་ཟབ་དང་སྲ་བརྟན་དུ་བཏང་ཡོད།

    གསུམ་ནི་ཆོས་ལུགས་བྱ་བར་ཁྲིམས་བཞིན་དོ་དམ་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་བྱ་བར་ཁྲིམས་བཞིན་དོ་དམ་བྱེད་ཚུལ་གྱི་ཆེད་དོན་བརྟག་ཞིབ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི“མོས་སེམས་ལྔ”ཤུགས་ཆེར་གཏོང་རྒྱུ་དང་། རང་རྟོགས་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་དང་སྐུལ་ཁྲིད་གང་ལེཌ་བྱས་ནས་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་བཏང་བ་དང་ཚོད་འཛིན་བྱས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོཌ་དང་འཚམ་མཐུན་ཡོང་རྒྱུར་སྐུལ་སྤེལ་བཏང་ཡོད།

    བཞི་ནི་མི་དམངས་འཐུས་ཚོགས་ཀྱིས་ཕྱི་ཕྱོགས་དང་སྤེལ་རེས་བྱེད་པའི་ལས་དོན་ཏན་ཏིག་བསྒྲུབས་པ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་ཞབས་ཞུ་བསྒྲུབས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཁག་13དང་ཡོ་རོབ་གྲོས་ཚོགས་ལ་ཁྱོན་འཚམས་འདྲིར་ཐེངས་6བསྐྱོད་པ་དང་། བོད་དུ་འཚམས་འདྲིར་ཡོང་མཁན་ཕྱི་རྒྱལ་གྲོས་ཚོགས་ཀྱི་འཐུས་མི་ཚོགས་པ་ཁག་5ལ་སྣེ་ལེན་ཞུས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། ཏཱ་ལའི་རུ་ཚོགས་ཀྱིས་རྒྱལ་སྤྱིའི་ཐོག་བྱེད་སྤྱོད་སྤེལ་རིགས་ལ་བཙིར་གནོན་ནུས་ལྡན་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཤང་ཀང་དང་ཨའོ་མན་དུ་འཚམས་འདྲིར་བསྐྱོད་པ་དང་། བོད་དུ་འཚམས་འདྲིར་ཡོང་མཁན་ཨའོ་མན་ཁྲིམས་རྩོད་ལས་རིགས་གཅིག་པའི་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པ་དང་བཞུགས་མོལ་བྱས་ནས་ཀང་ཨའོ་དང་སྤེལ་རེས་ཧུར་ཐག་བྱས་ཡོད།

    དྲུག བློ་རྩ་བརྟན་པོས་ཡར་བརྩོན་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་དུས་བསྟུན་ཡར་རྒྱས་དང་འཐུས་ཚང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གང་ལེགས་བཏང་བ།

    ང་ཚོས་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་བཏིང་བའི་རྨང་གཞི་བཟང་པོའི་ཐོག ཕྱོགས་བསྡོམས་དང་། རྒྱུན་འཛིན། འཐུས་ཚང་། མཐོར་གཏོང་བཅས་ཀྱི་རྩ་དོན་གཞིར་བཟུང་། ཁྲིམས་བཞིན་ལས་ཀའི་ལམ་ལུགས་དང་ལས་ཀའི་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཐུས་ཚང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    གཅིག་ནི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ། དུས་བབ་གོང་འཕེལ་གྱི་དགོས་མཁོ་དང་འཚམ་པ་བྱས་ཏེ་རྒྱུན་ལས་ཨུ་ལྷན་དང་དེའི་ལས་ཁུངས་ཀྱི་སྒྲིག་སྲོལ་ལམ་ལུགས་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ནས་ལམ་ལུགས་ཁག་93བཟོས་པ་དང་བཟོ་བཅོས་བརྒྱབ་ཡོད། ཚོགས་འདུའི་དགོངས་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞུགས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས་བཟོས་ཐོག གྲོས་ཞིབ་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།

    གཉིས་ནི་ས་གནས་ཁྲིམས་བཟོའི་ལས་དོན་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ། ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་གིས་བརྟེན་ས་བྱེད་པ། སྤྱི་ཚོགས་ཀྱིས་ཐེ་ཞུགས་བྱེད་པ་བཅས་ཀྱི་ས་གནས་ཁྲིམས་བཟོའི་ལས་དོན་སྤེལ་ཕྱོགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ཐོག་ཁྲིམས་བཟོའི་ལས་ཀའི་ཁྲོད་གལ་ཆེའི་ཁེ་ཕན་ལེགས་སྒྲིག་བྱེད་རྒྱུ་དང་འབྲེལ་བ་ཡོད་པར་རིགས་པས་ཁུངས་སྐྱེལ་དང་བློ་འདྲི་བྱེད་པའི་ལས་ཀའི་ཚད་གཞི་བཟོས་ཏེ་པར་འགྲེམས་བྱས་ཡོད་ལ། གཞི་རིམ་གྱི་ཁྲིམས་བཟོའི་འབྲེལ་གཏུགས་བྱེད་གནས་ཁག་6ཐོག་མར་བཙུགས་པ་དང་། ཐོག་མར་གྲོས་ཞིབ་བྱས་རྗེས་ཀྱི་ཁྲིམས་སྲོལ་འཆར་ཟིན་ལ་ཡོངས་བསྒྲགས་སུ་སྤྱི་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ་ཁྲིམས་བཟོའི་དམངས་གཙོའི་ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་གང་ཐུབ་བྱས་ཡོད། ཆུད་བཙུགས་པའི་གྲོང་ཁྱེར་གྱི་ཁྲིམས་སྲོལ་ཞིབ་བཤེར་གྱི་ཆོག་མཆན་འགོད་རིམ་འཐུས་ཚང་དུ་བཏང་སྟེ་ཕྱོགས་ཚང་མའི་ཐོག་ནས་མཛུབ་ཁྲིད་དང་རོགས་རམ་བྱས་ཏེ། ཁྲིམས་བཟོ་བའི་ནུས་པ་དུས་གཅིག་ཏུ་ཆེ་རུ་བཏང་ཡོད།

    གསུམ་ནི་ལྟ་སྐུལ་གྱི་ལས་ཀ་སྤེལ་སྟངས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ། ལྟ་སྐུལ་གྱི་བརྗོད་གཞི་གལ་ཆེན་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་གནད་རིགས་ལ་རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང་(ཆུད)བཅས་རིམ་པ་གསུམ་གྱི་མི་དམངས་འཐུས་ཚོགས་ཀྱིས་སྤྱི་ཡོངས་ཐོག་མཉམ་འགུལ་དང་། གཞི་གཅིག་ཏུ་སྐུལ་སྤེལ། གཞི་གཅིག་ཏུ་དོན་འཁྱོལ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ཕན་འབྲས་དང་བག་ཆགས་འཇོག་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ཆེད་དོན་འདྲི་རྩད་ཀྱི་ལས་དོན་སྤེལ་སྐབས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགན་བགོས་འགོ་ཁྲིད་ཚོགས་ཞུགས་ཀྱིས་འདྲི་རྩད་དང་ལེན་ཞུས་ཐོག ཐུན་མོང་དུ་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། དེ་བཞིན་གྲོས་ཞིབ་ཀྱི་བསམ་འཆར་ཁག་16པར་འགྲེམས་བྱས་པ་དང་། མཇུག་འདེད་ཞིབ་བཤེར་དང་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ་ལྟ་སྐུལ་གྱི་གནོན་ཤུགས་དེ་འབྲེལ་ཡོད་ཕྱོགས་ཁག་གིས་ལས་དོན་ལེགས་བཅོས་གཏོང་བའི་སྒུལ་ཤུགས་སུ་འགྱུར་བ་བྱས་ཡོད།

    བཞི་ནི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ། རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལས་ཀའི་བཞུགས་མོལ་དང་། བརྟག་ཞིབ། ལྟ་བཤེར་བཅས་བྱས་པར་བརྟེན། རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ལམ་ལུགས་དང་། འགན་སྒྲུབ་ལམ་ལུགས། ལས་ཀའི་ཆ་རྐྱེན་བསྐྲུན་རྒྱུ་བཅས་ལ་སྐུལ་འདེད་ཐུབ་པ་དང་། ཤང་དང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི“ལོ་གཅིག་ཚོགས་འདུ་གཉིས་ཀྱི་ལམ་ལུགས”སོགས་ཀྱི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཐུབ་ཡོད། དེ་བཞིན་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ནུས་ཤུགས་ཆེ་རུ་གཏོང་རྒྱུ། འཇོན་ཐང་ཆེ་རུ་གཏོང་རྒྱུ་བཅས་ལ་མཛུབ་ཁྲིད་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་དང་ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག ལྗོངས་ཡོངས་ཀྱི་ས་གནས་རྒྱལ་ཁབ་དབང་འཛིན་ལས་ཁུངས་ལེགས་སྐྱོང་བྱེད་རྒྱུའི་ཐད་ཤུགས་སྣོན་མངོན་གསལ་དོད་པོ་ཐེབས་ཡོད།

    བདུན། ནུས་པ་དང་བྱང་ཚད་ཤུགས་ཆེར་ཏན་ཏིག་བཏང་སྟེ་ཕྱོགས་ཡོངས་ནས་རང་ངོས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ།

    ང་ཚོས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་རྒྱུ་དེ་དུས་བསྟུན་ཡར་རྒྱས་ཡོང་བ་དང་། འགན་འཁྲི་དང་ལས་འགན་གཙང་སྒྲུབ་སྔར་བས་ཡག་པོ་བྱེད་རྒྱུར་དམིགས་ཏེ་རང་ངོས་འཛུགས་སྐྱོང་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་ཡོད། ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་སྒྲིག་ཁྲིམས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། “ནན་ཞིབ་དངོས”གསུམ་གྱི་བླང་བྱ་གཞིར་བཟུང་སྤྱོད་ཚུལ་ལེགས་སྐྱོང་བྱས་ཏེ། ལས་ཀའི་སྤུས་ཚད་དང་ལས་ཆོད་མཐོ་རུ་བཏང་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། དེ་བཞིན་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་བཅས་ལག་ལེན་ནན་པོ་བསྟར་ཏེ་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་ལེགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བྱེད་ཐབས་ཁག་དངོས་འབྲེལ་དོན་འཁྱོལ་དང་དོན་འཁྱོལ་ཞིབ་ཚགས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མི་དམངས་འཐུས་ཚོགས་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱེད་པའི་ལས་དོན་ནན་ཏན་དང་ཡག་པོ་བསྒྲུབས་ཏེ་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་པའི་གྲུབ་ཆ་ལེགས་སུ་ཧུར་ཐག་བཏང་ཡོད། ཁྲིམས་བཟོ་དང་། སྔོན་རྩིས་ཞིབ་བཤེར། ཚན་སློབ་རིག་འཕྲོད། ནང་སྲིད་ཁྲིམས་འཛིན། ཁོར་ཡུག་ཐོན་ཁུངས་སོཌ་ཐད་ཀྱི་ལས་སྒོའི་སྦྱོང་བརྡར་འཛིན་གྲྭ་ཐེངས་7གཉེར་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་བཏོད་ཡོད།

    འཐུས་མི་རྣམ་པ།

    འདས་ཟིན་པའི་ལོ་གཅིག་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་པ་ལས་བྱུང་བ་ཞིག་དང་། ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རང་སྐྱོང་ལྗོངས་ཀྱི“གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་པ་ལས་བྱུང་བ་ཞིག མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་འགན་འཁྲི་གཙང་སྒྲུབ་བྱས་པ་ལས་བྱུང་བ་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་དང་ཐེ་ཞུགས་ཧུར་ཐག་བྱས་པ་ལས་བྱུང་བ་ཞིག་བཅས་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ལོ་གཅིག་རིང་གི་ལས་དོན་ལ་ཕྱིར་མིག་བལྟས་ཏེ་ཕྱོགས་བསྡོམས་བྱེད་སྐབས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་ནི།

    དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུར་རག་ལས་ཡོད།

    དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་འགག་རྩ་ནི་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་ཏང་གི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་དང་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་འགན་ལེན་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་བརྟེན་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གསུམ་གཅིག་གྱུར་ནུས་ལྡན་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུར་རག་ལས་ཡོད།

    དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་ངོ་བོ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་གྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་ཡོང་བ་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་གཙོ་རྐང་གནས་བབ་རྒྱུན་འཁྱོངས། དམངས་ཀྱི་རེ་འབོད་དང་ལེན་ཞུ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་རྒྱུར་འགན་ལེན་དང་གོང་འཕེལ་གཏོང་རྒྱུ་དང་། མི་དམངས་ཀྱི་ཁེ་ཕན་དང་འདོད་བློའི་འཐུས་ཚབ་པ་རྣམ་དག་ཅིག་བྱས་ཏེ་མི་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་རྒྱུ་དང་། མི་དམངས་ཀྱི་ཆེད་དུ་འགན་འཁྲི་བསྒྲུབ་རྒྱུ། མི་དམངས་ཀྱི་ཆེད་དུ་ཞབས་ཞུ་བསྒྲུབ་རྒྱུ་བཅས་ལ་རག་ལས་ཡོད།

    དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་འགན་འཁྲི་ནི་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་གལ་ཆེའི་རྒྱས་བཤད་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་ཀྱི་དོན་ཆེན་གསུམ་ལ་དམ་པོར་དམིགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་འཁུར་རྒྱུ་མ་ཟད། མི་དམངས་འཐུས་ཚོགས་ལས་དོན་གྱི་ལག་ལེན་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་རྒྱ་སྐྱེད་བཏང་སྟེ་མཐའ་མཚམས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་ཤུཌ་རྒྱག་རྒྱུ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་ཁུལ་བདེ་འཇགས་ཡོང་རྒྱུར་རག་ལས་ཡོད།

    ང་ཚོས་ལག་ལེན་དངོས་ཀྱི་ཁྲོད་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་དང་། མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་བཅས་དང་བསྡུར་ན་ད་དུང་ཧེ་བག་ཡོད་པ་ཡང་རིག་པ་དྭངས་གསལ་གྱིས་ངོས་འཛིན་གསལ་པོ་ཐུབ་བྱུང་། དེའང་ས་གནས་ཀྱི་ཁྲིམས་བཟོ་བའི་མིག་རྒྱང་རང་བཞིན་དང་ཁྲིད་སྟོན་བྱེད་པའི་ཐད་ད་དུང་དེ་ཙམ་ཤུཌ་མི་ལྡེང་བ་དང་། ལྟ་སྐུལ་ལས་ཀའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ། འཐུས་མིའི་འགན་འཁྲི་སྒྲུབ་ནུས་དང་ཞབས་ཞུ་འགན་སྲུང་བྱེད་ནུས་སྔར་བས་ཤུགས་ཆེར་གཏོང་དགོས་ཀྱི་ཡོད་པ། རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ཐད་སྔར་བས་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད་པ་བཅས་ཡིན། ང་ཚོས་འཐུས་མི་དང་ཕྱོགས་གང་ཐད་ཀྱི་བསམ་འཆར་ལ་ཚད་མཐོའི་མཐོང་ཆེན་དང་སེམས་ཆུང་ངང་ཉན་ལེན་བྱས་ཏེ་ནུས་ལྡན་བྱ་ཐབས་ཏན་ཏིག་སྤྱད་ཐོག ལེགས་བཅོས་ནན་ཏན་བྱེད་རྒྱུ་ཡིན།

    ཕྱིས་འབྱུང་ལོ་གཅིག་རིང་གི་

    ལས་འགན་གཙོ་བོ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་རྒྱུའི་ཐད་ལ་གལ་ཆེའི་རྒྱས་བཤད་རབ་དང་རིམ་པ་གནང་བ་དེས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཚན་རིག་དང་མཐུན་པའི་གོ་དོན་དང་། རྩ་བའི་ཁྱད་ཆོས། ངོ་བོའི་བླང་བྱ་བཅས་རྒྱ་ཆེར་བཏོད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་གྲུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གལ་ཆེའི་གྲུབ་ཆར་གྱུར་བ་བཅས་ལ་བརྟེན། ང་ཚོས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྗོངས་ཏང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་དམངས་གཙོ་ཁྲིམས་སྐྱོང་དར་སྤེལ་གཏོང་རྒྱུའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་པར་བརྟེན། ང་ཚོས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད། ཁྲིམས་བཞིན་བསྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་ཁྲིམས་སྐྱོང་དགོས་མཁོ་ཟམ་མི་ཆད་པར་བསྐོང་ཐུབ་པར་བརྟེན། ང་ཚོས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱ་ཆེ་བའི་བར་སྟོངས་བཏོད་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་གྱུར་ཡོང་བ་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་བཅས་ཀྱི་རླབས་ཆེན་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་གལ་ཆེའི་འགན་འཁྲི་འཁུར་ཡོད། ང་ཚོས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དུས་རབས་གསར་པའི་ཁ་ཕྱོགས་གསར་པར་གཞི་ཚུགས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུའི་ནང་ངོས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ཡང་དག་པར་ཁོང་དུ་ཆུད་ཐུབ་པ་བྱེད་རྒྱུ་དང་། འགལ་བ་གཉིས་མཉམ་གནས་ཡིན་པའི་དོན་དངོས་ལ་ཕྱོགས་ཡོངས་ནས་སྟངས་འཛིན་གནད་འཁེལ་ཐུབ་པ་བྱས་ཐོག མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ཁག་ཡག་པོ་བསྒྲུབས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་གལ་ཆེའི་རྒྱས་བཤད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གསུམ་གཅིག་གྱུར་ནུས་ལྡན་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ། གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་ཀྱི་དོན་ཆེན་གསུམ་དང་འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་བཅས་ལ་དམ་པོར་དམིགས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཟོ་རྒྱུར་སྐུལ་སྤེལ་བརྟན་པོ་གཏོང་དགོས། ལྟ་སྐུལ་གྱི་དངོས་ཕན་ཇེ་ཆེར་གཏོང་རྒྱུར་དེ་བས་མཐོང་ཆེན་བྱེད་རྒྱུ་དང་། འཐུས་མིའི་གཙོ་རྐང་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱེད་རྒྱུ། མི་དམངས་འཐུས་ཚོཌ་ཀྱི་ལས་ཀའི་ལམ་སྲོལ་ཚགས་ཚུད་དང་འཐུས་ཚང་དུ་གཏོང་རྒྱུ་བཅས་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ། ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་ཡག་པོ་བརྩམ་རྒྱུ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    གཅིག རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་བསམ་བློར་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་སྟེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་རྒྱུ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུ། ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་རྒྱུན་འཁྱོངས་ཀྱིས་མུ་མཐུད་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་རྒྱག་རྒྱུ་དང་། “འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་རྒྱུ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པར་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པ་བྱེད་རྒྱུ་དང་། ལག་བསྟར་བསམ་འཆར་བཟོས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུའི་ལས་དོན་དེ་སྔར་བས་གཏིང་ཟབ་ཏུ་སྤེལ་རྒྱུ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་དང་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ། ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་རང་རྟོགས་ངང་ཏང་གིས་འགོ་ཁྲིད་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཐད་ལ་ཁྱབ་པ་བྱས་ཐོག མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཏང་དང་མི་དམངས་བློ་ཡིད་ཚིམས་པའི་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་རྒྱུ་བཅས་ཡིན།

    གཉིས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་རྒྱུ།

    མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐོག་མའི་དམིགས་ས་དང་ཤུགས་རྒྱག་ས་འདིར་སྟངས་འཛིན་ནན་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་གྱིས་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཤུགས་ཆེར་བཏང་སྟེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ། མཐའ་མཚམས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་ཁུལ་བདེ་འཇགས་ཡོང་བའི་གཙོ་རྐང་དེར་དམ་པོར་དམིགས་ཏེ“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞིག་བྱེད་པའི”བརྗོད་དོན་གཙོ་བོ་དེ་དམ་བཟུང་བྱས་ཐོག སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་རྒྱུ་དེ་སྒྲུབ་དགོས་ངེས་ཀྱི་ལས་འགན་ཞིག་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱེད་རྒྱུ། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུར་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག་བཟོ་རྒྱུ་དང་། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་དང་ཚོད་འཛིན་བྱས་ཐོག ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་ཞབས་ཞུ་བསྒྲུབས་ཏེ་མི་དམངས་འཐུས་ཚོགས་ཀྱིས་ཕྱི་ཕྱོགས་དང་སྤེལ་རེས་ཡག་པོ་ཐུབ་པ་བྱེད་རྒྱུ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་དམིགས་ཏེ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་སྤེལ་རྒྱུ་བཅས་ཡིན།

    གསུམ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཁྲིམས་སྐྱོང་གི་བསམ་གཞི་ཤུགས་ཆེར་བཏང་སྟེ་རྩ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དང་ས་གནས་ཁྲིམས་བཟོའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩ་ཁྲིམས་སྐོར་གྱི་གལ་ཆེའི་རྒྱས་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྩ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བྱེད་སྒོ་ཏན་ཏིག་སྤེལ་རྒྱུ་དང་། རྩ་ཁྲིམས་ཀྱི་སྙིང་དོན་དར་སྤེལ་བཏང་ནས་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་རྒྱུ། ཁྲིམས་བཟོའི་ལས་དོན་གྱི་སྒྲིག་འཛུགས་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་གལ་ཆེའི་ཁྲིམས་བཟོའི་ལས་འགན་དོན་འཁྱོལ་ཐུབ་པ་བྱེད་རྒྱུ། སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་སྲོལ་ཡིག་དང་། ཞིང་འབྲོག་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་སྲོལ་ཡིག ཆུ་ལམ་གྱི་བྱེ་མ་བསྔོག་འདོན་བྱེད་པའི་དོ་དམ་སྲོལ་ཡིག་བཅས་བཟོ་རྒྱུ་དང་། ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག་དང་། གཞུང་ལམ་སྲོལ་ཡིག གལ་ཆེའི་དོན་གནད་ལ་གྲོས་བསྡུར་གཏན་འཁེལ་བྱེད་པའི་གཏན་འབེབས་སོགས་དག་བཅོས་བྱེད་རྒྱུ། སྔོན་རྩིས་ཀྱི་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག་གི་ཁྲིམས་བཟོ་རྒྱུར་བརྟག་ཞིབ་བྱེད་རྒྱུ། ཚན་རིག་ལ་བརྟེན་ནས་ཁྲིམས་བཟོ་བ་དང་། དམངས་གཙོར་བརྟེན་ནས་ཁྲིམས་བཟོ་བ། བཅའ་ཁྲིམས་ལ་བརྟེན་ནས་ཁྲིམས་བཟོ་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁྲིམས་བཟོའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་རྩ་བའི་ཐབས་ལམ་ཞིག་ལ་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཤུགས་ཆེར་ཏན་ཏིག་གཏོང་རྒྱུ། ཆུད་བཙུགས་པའི་གྲོང་ཁྱེར་གྱི་ཁྲིམས་བཟོའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆོག་མཆན་ཞུ་རྒྱུར་ཕུལ་བའི་ཁྲིམས་སྲོལ་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་བཅས་ཡིན།

    བཞི། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ལྟ་སྐུལ་གྱི་འགན་ནུས་བསྒྲུབས་ཏེ་ཁྲིམས་བཞིན་སྲིད་འཛིན་དང་། ཁྲིམས་བཞིན་ལྟ་ཞིབ། ཁྲིམས་འཛིན་དྲང་གཞག་བཅས་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ།

    ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཐུབ་རྒྱུར་དམིགས་ཏེ་དབུལ་གྲོལ་འགག་སྒྲོལ་བྱེད་རྒྱུ་དང་། གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ། གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ཇུས་ལག་བསྟར་བྱེད་རྒྱུ། འགན་བབས་སློབ་གསོ་དོ་སྙོམས་ངང་གོང་འཕེལ་གཏོང་རྒྱུ་སོགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུ་དང་། ལྟ་ཞིབ་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་དང་ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ནས་ལྟ་ཞིབ་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་ཚུལ་སྐོར་གྱི་སྙན་ཞུ་ཉན་རྒྱུ། “ལག་བསྟར་བྱེད་ཁག་པའི”གནད་དོན་ཐག་གཅོད་བྱེད་རྒྱུའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་དང་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུ། མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དང་ངེས་རྩིས་ཀྱི་ཞིབ་བཤེར་ལྟ་སྐུལ་དང་གཞུང་ཁོངས་རྒྱུ་ནོར་གྱི་ལྟ་སྐུལ་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དྲ་སྦྲེལ་ལ་ལྟ་སྐུལ་བྱེད་པར་སྐུལ་འདེད་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཐད་རྒྱ་སྐྱེད་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཟོ་རྒྱུ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དང་རྩྭ་ཐང་སོགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ། ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ནན་ཏན་བྱས་ནས། མུ་མཐུད་སྙན་དཔོད་ཞིབ་བཤེར་གྱི་ཆ་འཕྲིན་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྟ་སྐུལ་དང་རྒྱབ་སྐྱོར་བྱེད་རྒྱུ་གཉིས་ཟུང་འབྲེལ་ནུས་ལྡན་ཡོང་བ་བྱས་ནས་ཁྲིམས་སྒྱུར་ཞིབ་བཤེར་དང་ལྟ་སྐུལ་གྱི་ལྟ་ཞིབ་བྱེད་སྟངས་ལེགས་སུ་གཏོང་རྒྱུ་དང་། མུ་མཐུད་ཆེད་དོན་འདྲི་རྩད་ཀྱི་ལས་དོན་སྤེལ་ནས་ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེར་གཏོང་རྒྱུ། གྲོས་ཞིབ་ཀྱི་བསམ་འཆར་ལ་ཞིབ་འཇུག་ཐག་གཅོད་བྱེད་རྒྱུར་མཇུག་འདེད་སྒྲུབ་སྐུལ་བྱས་ཏེ་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ལེགས་བཅོས་དང་། ལམ་ལུགས་འཐུས་ཚང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནུས་ལྡན་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།

    ལྔ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་གཏན་འབེབས་དང་བསྐོ་འཐེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ།

    རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གལ་ཆེའི་དོན་གནད་ཀྱི་བརྗོད་གཞིར་དུས་ཐོག་ཏུ་འབྲེལ་མཐུད་དང་གྲོས་མོལ་བྱས་ཐོག ཁྲིམས་བཞིན་གྲོས་ཆོད་དང་གཏན་འབེབས་བྱས་ནས་ནུས་ཤུགས་ཡོད་རྒུས་བསྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་རྒྱུ་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་བསྐོ་འཐེན་བྱེད་རྒྱུ་གཉིས་ཟུང་འབྲེལ་ནུས་ལྡན་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་ཨུད་ཀྱི་འདོད་བཞེད་འགྲུབ་རྒྱུར་འགན་ལེན་བྱེད་རྒྱུ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱར་བསྐོ་བཞག་མ་བྱས་གོང་གི་ཞིབ་བཤེར་དང་བསྐོ་བཞག་བྱས་རྗེས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱུན་ལས་ཨུ་ལྷན་དང་འཐུས་མིའི་དབར་གྱི་འབྲེལ་བ་དང་། འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འཐུས་མིའི་རྟོག་ཞིབ་དང་ཆེད་དོན་བརྟག་ཞིབ་སོགས་ཀྱི་ལས་དོན་ལ་ལེགས་བཅོས་གཏོང་རྒྱུ་དང་། འཐུས་མིས་དམངས་ཀྱི་བདེ་སྡུག་གསལ་རྟོགས་དང་། དམངས་ཀྱི་འདོད་བློ་གསལ་ཞུ། དམངས་ཀྱི་བློ་རིག་གཅིག་ཏུ་སྒྲིལ་རྒྱུ་བཅས་ཐད་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ། འཐུས་མི་ཚོགས་ཆུང་གི་བྱེད་སྒོ་ཚད་ལྡན་བཟོ་རྒྱུ་དང་འཐུས་ཚང་དུ་བཏང་སྟེ“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང་”ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། འཐུས་མིའི་གྲོས་གཞིར་གྲོས་ཞིབ་དང་འཐུས་མིའི་གྲོས་འཆར་གཉེར་སྒྲུབ་ནན་ཏན་བྱས་ནས་གྲོས་ཞིབ་དང་གཉེར་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ། འཐུས་མིར་སྦྱོང་བརྡར་སྤྲོས་པའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། འཐུས་མིའི་འགན་སྒྲུབ་ཀྱི་དྲ་རྒྱའི་ཞབས་ཞུའི་ལས་སྟེགས་བཙུགས་ཏེ་འཐུས་མིའི་འགན་སྒྲུབ་ཀྱི་ཡིག་ཚགས་བཟོ་རྒྱུར་སྐུལ་འདེད་བཏང་ནས་འཐུས་མིས་ཁྲིམས་བཞིན་འགན་འཁྲི་སྒྲུབ་རྒྱུར་སྤུས་ཚད་མཐོ་བའི་ཞབས་ཞུ་དང་འགན་སྲུང་མཁོ་འདོན་བྱེད་རྒྱུ་བཅས་ཡིན།

    དྲུག རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ལས་ཀའི་སྤུས་ཚད་མཐོ་རུ་དང་ནུས་ཕྱོད་ཆེ་རུ་ཟམ་མི་ཆད་པ་གཏོང་རྒྱུ།

    དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ། རྩ་བའི་དམིགས་ཡུལ་ལག་ལེན་བསྟར་རྒྱུ་བཅས་བྱེད་རྒྱུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་བཅས་ལ་བརྩི་སྲུང་ནན་པོ་ཞུས་ནས་རྒྱུན་མཐུད་དུ“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་གཏན་འབེབས་ཁག་དོན་འཁྱོལ་ཡག་པོ་བྱེད་རྒྱུ། མུ་མཐུད“བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གླེང་སྟེགས”ཡག་པོ་གཉེར་ནས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱའི་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་རྒྱུ། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འབྲེལ་བ་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ས་གནས་མི་དམངས་འཐུས་ཚོགས་སུ་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་ཐད་ཀྱི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་བསྡོམས་ནན་ཏན་དང་དྲིལ་བསྒྲགས་སྤེལ་གཏོང་བྱེད་རྒྱུ་བཅས་ཡིན། འཐུས་མི་རྣམ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་ཉིད་དུས་རབས་གསར་པར་སླེབས་པས་ཏང་དང་མི་དམངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་དང་། ཁྲིམས་བཞིན་འགན་འཁྲི་གཙང་སྒྲུབ་དང་ལམ་བཤངས་གསར་གཏོད་ཧུར་ཐག་བྱས་ཐོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་བརྩམ་རྒྱུ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་བསུ་བ་ཞུ་རྒྱུ་ཡིན།(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།