དབུ་ཤོག>སྲིད་དོན།
  • ཅང་ཅེས་ལྷ་ས་གོང་དཀར་གནམ་ཐང་དུ་བརྟག་ཞིབ་འཚམས་འདྲི་གནང་ནས་ས་གནས་ས་ཐོག་གི་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-26

    ཚེས་23ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ལྷ་ས་གོང་དཀར་གནམ་ཐང་དུ་ཕེབས་ཏེ་བརྟག་ཞིབ་གནང་བ་དང་འབྲེལ། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་སྐྱེལ་འདྲེན་བཀོད་འདོམས་ལྟེ་གནས་ཀྱི་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་དང་། ལྷ་ས་གནམ་ཐང་གི་རྒྱུག་ལམ་གཉིས་པའི་ལས་གྲྭ་འཛུགས་སྐྲུན་གྱི་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཅང་ཅེས་སྔ་རྗེས་སུ་གོང་དཀར་གནམ་ཐང་གི་ས་ཁོངས་ལྟ་འདོམས་ཚོམས་ཆེན་དང་སྐྱེལ་འདྲེན་བཀོད་འདོམས་ལྟེ་གནས་སོགས་སུ་ཕེབས་ཏེ་ལས་བྱེད་ལས་བཟོ་ཚོར་དཔྱིད་གསར་དུས་ཆེན་ལ་སྨོན་འདུན་ཞུས་པ་དང་འབྲེལ། སྒྲིག་ཆས་འཁོར་རྒྱུག་དང་བདེ་འཇགས་འགན་སྲུང་གི་ལས་དོན་དང་། དེ་བཞིན་དཔྱིད་གསར་དུས་ཆེན་རིང་གི་འགྲུལ་རྒྱུན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་བདེ་འཇགས་ནི་དམངས་སྤྱོད་མཁའ་འགྲུལ་གྱི་སྲོག་རྩ་ཡིན་པས། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་ཨང་དང་པོར་འཇོག་དགོས་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དོ་དམ་འཁོར་སྐྱོད་ནན་ཏན་བྱེད་པ། མཁའ་འགྲུལ་ཞབས་ཞུའི་སྤུས་ཚད་འགན་ལེན། དུས་གཏན་གནམ་གྲུ་གཏན་འཁེལ་གྱི་དུས་ཚོད་ལྟར་འཕུར་ཐུབ་པའི་ཐད་ཤུགས་རྒྱག་པ་བཅས་བྱས་ནས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བདེ་འཇགས་དང་། ལས་ཆོད་ཆེན་པོ། སྐྱིད་སྣང་དོད་པོ་བཅས་ཡོང་བའི་འགན་ལེན་བྱེད་དགོས། འདི་ལོའི་མཁའ་ལམ་གསར་གཏོད་དང་དུས་གཏན་གནམ་གྲུ་འགན་ལེན་གྱི་ལས་དོན་སྔོན་ལ་སྤྱི་འདོམས་འཆར་འགོད་བྱས་ནས་གོང་དཀར་གནམ་ཐང་དང་དེ་བཞིན་ཡན་ལག་གནམ་ཐང་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། “བྱ་ཐབས་མཉམ་སྤྱོད”ཡག་པོ་བྱས་ནས་འདི་ལོར་ལྗོངས་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་འགྲོ་འོང་བྱེད་ཚད་ན་ནིང་གི་མི་ཐེངས་ཁྲི་500ལས་ཐོག་མར་བརྒལ་བའི་རྨང་གཞིའི་ཐོག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ཏེ། རང་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་བྱ་གཞག་མུ་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།