དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་2018ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-18

    ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚེས་15ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་2018ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་གནང་བ་རེད།

     རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་2017ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་གྱི་བྱ་ཐབས་དང་དོན་འཁྱོལ་གྱི་གནས་ཚུལ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚན་ཁག་དང་ཁོངས་མིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནས་ཚུལ་སྐོར་གྱི་སྙན་ཞུ་སྒྲོག་སྦྱངས་གནང་བ་རེད།

    དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་ནས་མི་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་དང་རང་སྐྱོན་རང་བརྗོད་གནང་བ་དང་། རང་འགུལ་ངང་ཏང་ཙུའི་ཚན་ཁག་གི་ཁོངས་མིའི་སྐྱོན་བརྗོད་དང་ལེན་གནང་ཡོད། ཏང་ཙུའི་ཚན་ཁག་གི་ཁོངས་མི་རེ་རེ་བྱས་ནས་མི་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་ནས་ཚང་མར་སྐྱོན་བརྗོད་གནང་བ་དང་། གནས་པའི་གནད་དོན་བསྟན་གནང་བ་མ་ཟད་དག་ཐེར་གྱི་བླང་བྱའང་བཏོན་གནང་ཡོད། ཏང་ཙུའི་ཚན་ཁག་གི་ཁོངས་མིས་ཕན་ཚུན་སྐྱོན་བརྗོད་ནན་ཏན་གནང་བ་རེད། ཚང་མས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལྟ་བསྡུར་ཞིབ་བཤེར་ནན་པོ། ལྷག་བསམ་ཟོལ་མེད། བསམ་པ་རྣམ་དག་བཅས་བྱས་ཏེ་ནན་ཏན་དང་སྐྱོན་བྲལ་ཡར་ཐོན་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྣམ་པ་ཞིག་བཏོད་པ་དང་། དེ་ལས་ཏང་ལ་ལྷག་བསམ་རྣམ་དག་དང་། བྱ་གཞག་ལ་འགན་འཁུར་བ། བློ་མཐུན་ལ་སེམས་ཁུར་བྱེད་པ་བཅས་མཚོན་གྱི་ཡོད་པས། སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད།

    ཕྱོགས་སྡོམ་གསུང་བཤད་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་རླབས་ཆེའི་འདུ་འགོད་འཛུགས་སྐྲུན་ལ་ཁྲིད་སྟོན་གནང་བར་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་གོང་བཀུར་མཐའ་གཅིག་ཏུ་ཐོབ་པ་དང་སྙིང་ཐག་པ་ནས་བསྔགས་བརྗོད་ཐོབ་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་སྲ་བརྟན་དུ་གཏོང་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་བླང་བྱ་དོན་འཁྱོལ་ཞིབ་ཕྲ་བྱེད་པ། ནན་ཏན་དང་ཏན་ཏིག་གི་སྙིང་སྟོབས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཡག་པོ་འཁུར་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། སྣེ་ཁྲིད་ནས་དར་ཆ་གསལ་སྟོན་དང་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཁ་གསལ་གྱི་ཆབ་སྲིད་ཚད་གཞི་དང་རྩ་བའི་ཆབ་སྲིད་ཀྱི་བླང་བྱར་བརྩི་དགོས། “འདུ་ཤེས་བཞི”བརྟན་པོ་འཛུཌ་པ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོ་ཕྲག་ཐོག་ཏུ་ཁུར་ནས་ཁ་ཕྲལ་གྱི་ཕྱོགས་གཏོགས་ཚང་མ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། སྣེ་ཁྲིད་ནས་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། རང་ངོས་གསར་བརྗེས་དང་། རང་ངོས་སྤྱོད་གཙང་། རང་ངོས་ཡར་རྒྱས། རང་ངོས་འཐབ་རྩོད་བཅས་བྱེད་པ། དད་སེམས་བརྟན་པོ་དང་། ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པ། འགན་འཁྲི་དང་ལས་འགན་སྒྲུབ་སེམས། སྤྱོད་གཙང་གཞུང་དྲང་བཅས་ཤེས་པ་བྱེད་དགོས། སྣེ་ཁྲིད་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱས་ཏེ་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚན་ཁག་གི་གོང་བུ་འགྲིལ་ཤུགས་དང་། འཐབ་ནུས། གསར་གཏོད་ནུས་པ་བཅས་སྔར་བས་ཆེ་རུ་གཏོང་དགོས། སྣེ་ཁྲིད་དེ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བའི་འགན་འཁྲི་ཁུར་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཐའ་གཅིག་ཏུ་འཛུགས་སྐྲུན་ཡག་པོ་བྱེད་དགོས། སྣེ་ཁྲིད་ནས་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་དོན་འཁྱོལ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་མཚོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།