སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།
ཀའོ་དབྱང་།
ཨུ་ཡོན་རྣམ་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་བཀའ་མངགས་ལྟར། ངས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།
2018ལོའི་ལས་དོན་ལ་ཕྱི་མིག་ལྟ་བ།
འདས་མ་ཐག་པའི་ལོ་དེ་ནི་བསམ་བློ་གསར་པ་སློབ་སྦྱོང་ལག་ལེན་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ཀྱི་ལོ་ཞིག་ཡིན་ལ། སྐབས་འདིའི་སྲིད་གྲོས་ཀྱིས་འགན་འཁྲི་སྒྲུབ་པའི་ལོ་དང་པོ་དེའང་ཡིན། ལོ་གཅིག་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཐད་ཀའི་འགོ་ཁྲིད། དེ་བཞིན་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་སྣེ་ཁྲིད་བཅས་ཀྱི་འོག སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ། དེ་བཞིན་རྒྱ་ཆེའི་ཨུ་ཡོན་རྣམ་པ་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་གལ་ཆེའི་རྒྱས་བཤད་སློབ་སྦྱོང་ལག་བསྟར་བྱེད་པ། ཀྲུང་གུང་ཀྲུང་དབྱང་དོན་གཅོད་ཐིང་གི《དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཏང་ལེགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ལག་བསྟར་དོན་འཁྱོལ་བྱེད་པ། རིགས་པའི་གཞུང་ལུགས་ཞིབ་གྲོས་དང་། ཏང་ལེགས་སྐྱོང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན། སེམས་ནུས་གཅིག་སྒྲིལ་དང་སྤུས་འབྲས་ལེགས་གཏོང་སོགས་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་གལ་ཆེའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ཀྱི་སྲིད་གྲོས་ལས་དོན་ཐད་ཀྲུའུ་ཞི་དབང་དབྱང་གིས་བཏོན་གནང་བའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་དང་། ལྟེ་བར་དམིགས་ཤིང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས“དོན་ཐོག་ཏུ་འཁྱོལ་ཐུབ་པ”དང་“གཅིག་ཏུ་འགྲིལ་ཐུབ་པ”བྱ་རྒྱུའི་ཕྱོགས་གཉིས་ལ་དམ་པོར་དམིགས་ཏེ་འགན་འཁྲི་གཙང་སྒྲུབ་དང་རིན་ཐང་མངོན་པར་བྱས་སྟབས། སྐབས་འདིའི་སྲིད་གྲོས་ལས་དོན་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ནས་བོད་ལྗོངས་འདི་ཉིད་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ཕན་སྐུལ་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད། ལོ་གཅིག་རིང་གི་སྲིད་གྲོས་ལས་དོན་ལ་གཤམ་གསལ་ཕྱོགས་བཞིའི་ཐད་ཀྱི་ཁྱད་ཆོས་མངོན་པ་སྟེ།
གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲིད་གྲོས་ཀྱི་ལས་དོན་ལ་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩིས་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ནས། བསམ་བློ་དང་ཆབ་སྲིད་ཐད་ནས་འགན་སྒྲུབ་ཀྱི་གོམ་པ་དང་པོ་དེ་ཡག་པོ་སྤོས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གལ་ཆེའི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དུས་རབས་21པའི་མར་ཁེ་སི་རིང་ལུགས་དང་དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཡིན་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་དུ་འབད་འབུངས་བྱེད་པའི་ཕྱོགས་སྟོན་ཡང་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེས་ཏང་གི་མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་འཕེལ་རྒྱས་ལ་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད་པ་དང་། དུས་རབས་གསར་པར་མི་དམངས་སྲིད་གྲོས་ལམ་ལུགས་ཇི་ལྟར་བྱས་ཏེ་སྔར་བས་ཚགས་ཚུད་དང་ཚུགས་འཛིན་ཡོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པར་ངོས་འཛིན་གཏིང་ཟབ་བྱས་པ། གསར་གཏོད་རང་བཞིན་གྱི་རིགས་པའི་གཞུང་ལུགས་འདིའི་ཚན་རིག་གི་མ་ལག་དང་དགོངས་དོན་གྱི་སྙིང་པོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ། ཆབ་སྲིད་ཀྱི་རྣམ་འགྱུར་བརྟན་པོར་བརྟེན་ནས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ། རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས“འདུ་ཤེས་བཞི”བརྟན་པོར་བཅངས་བ་དང་“གདེང་ཚོད་བཞི”བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
གཉིས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ཁྱད་ཆོས་ཤིག་ཡིན་པར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། སྲིད་གྲོས་ལས་དོན་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཆབ་སྲིད་ཀྱི་གཞི་རྩའི་རྩ་དོན་དེ་བརྟན་སྲུང་བྱེད་པ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་སྲོག་མདའ་ལྟ་བུར་བརྩི་རྒྱུ་མཐའ་འཁྱོངས་དང་གོང་འཕེལ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་སྲིད་གྲོས་ཏང་ཙུའི་ལས་ཀའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། རྒྱ་ཆེའི་ཨུ་ཡོན་རྣམས་ལ་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། རྣམ་དག སྲུང་སྐྱོབ་བཅས་བརྟན་པོ་དང་མཐའ་གཅིག་ཏུ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་བོད་ལྗོངས་འདི་ཉིད་པེ་ཅིན་དང་རྒྱང་ཐག་རིང་ནའང་ང་ཚོའི་སེམས་དེ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རྦད་དེ་དམ་པོར་སྦྲེལ་ཐུབ་ཡོད་ལ། ཐོག་མཐའ་བར་གསུམ་དུ་ཏང་དང་བློ་ཁ་གཅིག་མཐུན་དང་བསམ་སྦྱོར་གཅིག་མཐུན་གྱིས་ཆབ་སྲིད་ཀྱི་མོས་པ་དང་། བསམ་བློའི་མོས་པ། རིགས་པའི་གཞུང་ལུགས་ཀྱི་མོས་པ། མཛའ་མཐུན་གྱི་མོས་པ་བཅས་ཆེ་རུ་བཏང་སྟེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་ཀྲུང་དབྱང་གི་སྲིད་དོན་མཛད་ཕྱོགས་ཆེན་མོ་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་སྲིད་གྲོས་ཀྱི་ལས་དོན་ཁྲོད་ལག་ལེན་བསྟར་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ཏེ་ཕན་འབྲས་དངོས་ཐོན་ཐུབ་པ་བྱས་ཡོད།
གསུམ་ནས་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་སླེབས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ཤིག་ཡིན་པའི་ངོས་ནས་མི་དམངས་སྲིད་གྲོས་འདི་བཞིན་བཀོད་སྒྲིག་སྔར་བས་ཚགས་ཚུད་དང་སྔར་བས་ཚུགས་འཛིན་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུའི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱས་ནས། མི་དམངས་སྲིད་གྲོས་དེ་གང་ཞིག་ནས་ཡོང་བ་དང་། ད་ལྟ་གང་ཞིག་ཏུ་གནས་ཡོད་པ། གང་ཞིག་ཏུ་འགྲོ་དགོས་པ་སོགས་ཀྱི་གལ་ཆེའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། བོད་ལྗོངས་སྲིད་གྲོས་ཀྱིས“མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པའི”རིགས་པའི་གཞུང་ལུགས་ཞིབ་གྲོས་ཚོགས་འདུ་དང་། བོད་ལྗོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་ལེགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐོག་མ་དེ་སྐོང་འཚོགས་བྱས་ནས་ལྗོངས་ཏང་ཨུད་དོན་གཅོད་ཐིང་གི《དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་ལེགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གིས་སྲིད་གྲོས་ལ་འགོ་ཁྲིད་བྱ་རྒྱུ་ཡོངས་སུ་ཁྱབ་ཐུབ་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཡིན་པའི་གྲོས་མོལ་དམངས་གཙོ་དེ་ཆབ་སྲིད་ཁྱབ་ཁོངས་སུ་གལ་ཆེར་མངོན་པའི་ཁྱད་ཡོན་འདོན་སྤེལ་དང་། མི་དམངས་སྲིད་གྲོས་འདི་ཉིད་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་བྱེད་ནུས་འདོན་སྤེལ་ཐུབ་པར་བརྟེན་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ཐུབ་པ་བྱུང་ཡོད།
བཞི་ནས་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་ཤུགས་རྒྱག་ས་གཙོ་བོ་དེར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པ་དང་། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་གཏིང་ཟབ་ལ་མ་ལག་ཚང་བའི་སྒོ་ནས་སློབ་སྦྱོང་བྱས་པ། བོད་ལྗོངས་སྲིད་གྲོས་ལས་དོན་ཐད་ཀྲུའུ་ཞི་དབང་ཡང་གིས་བཏོན་གནང་བའི་མཛུབ་སྟོན་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་བྱས་ཏེ། བོད་ལྗོངས་ཀྱི་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བཟུང་བའི་དམིགས་བསལ་འཐབ་ཇུས་གནས་བབ་ལས་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་བྱུང་བ་དེ་ཁོང་དུ་ཆུད་པ་བྱས་ཐོག བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་སྤེལ་ཡུལ་དང་། ཨུ་ཡོན་གྱི་གྲུབ་ཁོངས། ལས་འགན། འགན་སྒྲུབ་ཀྱི་གཙོ་གནད། རྩ་འཛུགས་ཀྱི་འགན་སྲུང་སོགས་ཞིབ་ཕྲའི་དོན་དངོས་ལ་གཞི་ཚུགས་པ་དང་། “གཙོ་བོའི་ཤུགས་རྒྱག་ས་ལྔར”དམིགས་ཏེ་ཞན་ཆའི་ལྷུ་ཚིགས་ཐད“ཤུགས་སྣོན”རྒྱག་པ་དང་མི་འདེང་བའི་སར“ལེགས་བཅོས”བྱ་རྒྱུ་མངོན་ཆེར་བཟུང་བར་བརྟེན། དུས་རབས་ཀྱི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་མངོན་ཐུབ་པ་བྱུང་ཡོད།
ལྔ་ནས“འགྱུར་བ་གསུམ”ནི་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱིས་ལས་རྗེས་གསར་པ་འཇོག་ཐུབ་པ་བྱེད་པའི་འཇུག་སྒོ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པ་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་རང་འགུལ་ངང་དུས་རབས་གསར་པ་དང་། ཁ་ཕྱོགས་གསར་པ། ལས་འགན་གསར་པ་བཅས་དང་འཚམ་པ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་། ཐབས་ཇུས་བློ་འདྲི། གྲོས་མོལ་དམངས་གཙོ། རྒྱལ་ཁབ་བཅོས་སྐྱོང་བཅས་ཀྱི་འཐབ་ས་དང་པོའི་ཐོག་ལངས་ཤིང་། སྲིད་གྲོས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“འཐབ་ས་དང་པོའི”འདུ་ཤེས་བརྟན་པོ་འཛུགས་པ་དང་། “འཐབ་ས་དང་པོའི”སྙིང་སྟོབས་སྐྱེད་སྲིང་བྱེད་པ། “འཐབ་ས་དང་པོའི”ངར་ཤུགས་འདོན་པ་བཅས་ཀྱི་ཐོག་ནས་འགན་སྒྲུབ་ཀྱི་ཚུགས་གནས་དང་སྤྱོད་ཚུལ་ལེགས་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་དབར་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མཐུན་པ་ཡོང་ཐབས་དང་མི་མཐུན་པ་སེལ་ཐབས། བསྟུན་མཁས་ཆེ་ཤོས་དང་གཙོ་ཁྲིད་བརྟན་སྲུང་བྱེད་པའི་དབར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱས་ཏེ་ཆབ་སྲིད་དང་། མཉམ་ལས། མ་ལག་སོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གྱིས་ཆབ་སྲིད་མཐའ་ཚད་གཅིག་མཐུན་གྱི་ལྟེ་བ་བརྟན་སྲུང་དང་བསྟུན་མཁས་སྣ་མང་གི་འཁོར་རྒྱ་ཆེ་རུ་བཏང་སྟེ་མཐུན་ཆ་ཆེ་ཤོས་ཀྱི་ཐོག་ནས་ཀུན་སེམས་གཅིག་ཏུ་སྒྲིལ་ཡོད་ལ། འགན་སྒྲུབ་ཀྱི་མ་ལག་དེ་རིམ་དབྱེ་ཁ་ཐོར་ནས་ཁོངས་གཏོགས་མཉམ་སྒུལ་གྱི་ཕྱོགས་སུ་འགྱུར་རྒྱུར་སྐུལ་སྤེལ་བཏང་ཡོད་པ། ཇུས་འདོན་སྲིད་དོན་སྐྱོང་རོགས་དང་ངོས་འཛིན་གཅིག་སྒྲིལ་ཡོང་བ་བྱ་རྒྱུའི་ཕྱོགས་གཉིས་ཀས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་འགན་སྒྲུབ་ཀྱི་སྤུས་ཚད་དེ“གང་ཞིག་སྒྲུབ་ཡོད་པ”དང་“ཇི་ཙམ་སྒྲུབ་ཡོད་པ”ནས“ཕན་འབྲས་ཇི་ཙམ་ཐོན་པའི”ཕྱོགས་སུ་འགྱུར་རྒྱུར་སྐུལ་སྤེལ་བཏང་ཡོད།
ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས་གཙོ་བོ་གཤམ་གསལ་ཕྱོགས་འགའི་ཐད་ཀྱི་ལས་དོན་སྤེལ་ཡོད།
(གཅིག)རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་སྔོན་ཁྲིད་དུ་བཟུང་སྟེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་གཞི་རྩའི་རྩ་དོན་དང་བླང་བྱ་དེ་ཁོང་དུ་ནན་པོ་ཆུད་པ་བྱས་ཐོག བསམ་བློ་འཛུཌ་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བ་དང་། སྲིད་གྲོས་ཏང་ཙུའི་བཀོད་སྒྲིག་གཞིར་བཟུང་། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པའི་སློབ་སྦྱོང་ཞིབ་གྲོས་བྱེད་སྒོ་དུས་ཐོག་ཏུ་སྤེལ་འགོ་བཙུགས་པ་དང་སྐུལ་སྤེལ་ཏན་ཏིག་བཏང་ཡོད། ཀྲུའུ་ཞི་ཚོགས་འདུའི་ཁོངས་མིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཐེངས་30ཟུར་ཞུགས་བྱས་པ་དང་། སྲིད་གྲོས་ཏང་ཙུའི་ཚོགས་འདུ་དང་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུར་ཐེངས་17ཞུགས་ཏེ། རང་རྟོགས་ངང་ཀྲུང་དབྱང་གི་སྲིད་དོན་མཛད་ཇུས་ཆེ་མོ་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་པ་དང་། མ་ལག་ཆ་ཚང་བ་ཁོང་དུ་ཆུད་ཤུགས་ཆེ་རུ་བཏང་ཡོད། ཀྲུའུ་ཞི་ཚོགས་འདུའི་སློབ་སྦྱོང་ཞིབ་གྲོས་ཐེངས་4བྱས་པ་དང་། དེ་བཞིན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་གཅིག་སྡུད་སློབ་སྦྱོང་ཐེངས་4དང་། ཆེད་དོན་ཨུ་ལྷན་གྱི་སློབ་སྦྱོང་ཚོགས་འདུ་ཐེངས་22 རིགས་ཁོངས་ཨུ་ཡོན་གྱི་སློབ་སྦྱོང་ཚོགས་འདུ་ཐེངས་12བཅས་འཚོགས་པ། དེ་མིན་གྱི་སློབ་སྦྱོང་ཚོགས་འདུ་དང་ཟུར་ཁྲིད་དང་འཆད་ཁྲིད་ཐེངས་23བྱས་ཡོད། བོད་ལྗོངས་སྲིད་གྲོས་ཀྱིས“མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པའི”རིགས་པའི་གཞུང་ལུགས་ཞིབ་གྲོས་ཚོགས་འདུ་འཚོགས་ཤིང་། སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ལས་བྱེད་པ། རིགས་གཅིག་མཁས་དབང་བཅས་མི་སྣ་108ཀྱིས་སྤེལ་རེས་ཞིབ་གྲོས་བྱས་ནས་དཔྱད་རྩོམ་ཁག་30ལྷག་ཙམ་ཕྱོགས་བསྒྲིགས་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་ལེགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། ལྗོངས་སྲིད་གྲོས་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་རྫོང་ཆུད་32ལ་བསྐྱོད་ནས་བརྟག་ཞིབ་བྱས་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་ལེགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་ཏུ་གཏོང་བའི་སྲོག་མདའ་ལྟ་བུར་བརྩིས་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཇུས་འདོན་སྲིད་དོན་སྐྱོང་རོགས་བྱེད་པའི་དབར་གྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ་བྱས་ཐོག བསམ་བློ་ཆབ་སྲིད་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྒྱུན་གཏན་རང་བཞིན་གྱི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས། བསམ་བློ་དང་། ཆབ་སྲིད། རིན་ཐང་། སྙིང་སྟོབས་བཅས་ལ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་སྲིད་གྲོས་གོང་འོག་ཚང་མ་དང་། དེ་བཞིན་དེས་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཏང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དུས་རབས་གསར་པ་དང་མཉམ་དུ་དེ་བས་ཡག་པོ་འགྲོགས་ཤིང་། དམིགས་ཚད་གསར་པའི་ཆེད་དུ་འབད་འཐབ་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བྱས་རྗེས་བཞག་ཡོད།
(གཉིས)བསམ་བློ་ཆབ་སྲིད་ལ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སེམས་ནུས་གཅིག་སྒྲིལ་གྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ཕན་སྐུལ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྐལ་བཟང་མེ་ཏོག་ནང་བཞིན་གངས་ལྗོངས་མཐའ་ཁུལ་དུ་གཞིས་ཆགས་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞིག་བྱེད་དགོས་པའི”ཟོལ་མེད་ཀྱི་བཀའ་སློབ་ཡིད་ལ་བརྟན་པོར་བཅངས་ནས། རྒྱལ་ཁབ་བདེ་འཇགས་ཡོང་བའི་སྤྱི་ཡོངས་ཀྱི་ལྟ་བ་བརྟན་པོ་འཛུགས་རྒྱུ་དང་། རང་ལྗོངས་ཀྱི་དམིགས་བསལ་འགལ་བར་དམིགས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་ནན་སྒྲུབ་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་དཔེ་བསྡུར་བྱས་ནས་སེམས་ནུས་གཅིག་སྒྲིལ་དང་། ལྟེ་བ་གཅིག་གི་འཁོར་རྒྱུག ཁ་ཕྱོགས་གཅིག་པའི་མདུན་སྐྱོད་བཅས་ཐུབ་པ་བྱས་ཡོད། ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་འཁུར་ཕོད་པ་བྱས་ཤིང་། གལ་ཆེའི་དུས་མཚམས་དང་། གལ་ཆེའི་དུས་ཚིགས། ཆོས་ལུགས་ཀྱི་བྱེད་སྒོ་ཆེ་རིགས་སྤེལ་བ་བཅས་ཀྱི་སྐབས་སུ། ཀྲུའུ་ཞི་ཚོགས་འདུའི་ཁོངས་མིས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་ལེན་མཐའ་གཅིག་ཏུ་ཞུས་ཏེ་སྲིད་གྲོས་ཏང་ཙུའི་བླང་བྱ་གཞིར་བཟུང་། ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་གཙོ་གནད་ས་ཁུལ་དང་། གཙོ་གནད་དགོན་སྡེ། “མཐའ་གཉིས་རྒྱུད་གཅིག”བཅས་སུ་བཅའ་སྡོད་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། “དུས་བབ་གསར་པའི་འོག་གི་མི་དམངས་ཀྱི་འདུམ་འགྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི”ལེགས་འདེམས་བརྗོད་གཞིར་དམིགས་ཏེ། སྐབས་འདིའི་སྲིད་གྲོས་ཀྱི་དུས་ཚིགས་གྲོས་གླེང་གི་བཞུགས་མོལ་ཚོགས་འདུ་ཐོག་མ་དེ་འཚོགས་ནས་ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་སྐྱོང་ལ་ཕན་སྐུལ་གཏོང་རྒྱུར་ཇུས་ཤུགས་མཉམ་འདོན་བྱས་ཡོད། བསང་ཁ་བསང་གསོལ་བྱེད་དྲགས་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣ་གསོ་སྐྱོང་བྱེད་པ་སོགས་ཀྱི་ལེགས་འདེམས་བརྗོད་གཞིར་དམིགས་ནས་ས་ཡུལ་དངོས་ལ་རྟོག་ཞིབ་ཀྱིས་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཀྲུང་གོའི་བོད་ལྗོངས་སྲིད་གྲོས་ཀྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་པའམ་ཡང་ན་ཚོགས་པ་དང་མཉམ་དུ་ཕྱི་རྒྱལ་ལ་འཚམས་འདྲིར་བསྐྱོད་པ་བརྒྱུད་དེ་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། མཐའ་གཅིག་ཏུ་ཁ་བྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱས་པ། ཏཱ་ལའི་རུ་ཚོགས་ཀྱི་ཁུངས་མེད་གཏམ་འཆལ་ལ་སུན་འབྱིན་དགག་རྒྱག་བྱས་པ་བཅས་ལ་བརྟེན་ཏཱ་ལའི་རུ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་གི་བྱེད་སྒོ་སྤེལ་རྒྱ་ཆུང་དུ་གཏོང་ཐུབ་པ་བྱུང་བ། “ཁྲིད་སྟོན”བྱ་རྒྱུའི་ཐད་ཐབས་མཁས་དང་། ནུས་ལྡན། ནུས་ཐོན་བཅས་ཡོང་གང་ཐུབ་བྱས་ཡོད། ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་བྱས་ཐོག ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“ཚད་གཞི་བཞི་བརྩི་སྲུང་ལག་བསྟར་བྱས་ཏེ་སྔོན་ཐོན་གྲྭ་བཙུན་ཞིག་བྱ་རྒྱུའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་ལྗོངས་ཡོངས་ཀྱི་ཆོས་ལུགས་རིགས་ཁོངས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་ཆབ་སྲིད་ཐད་བློས་འཁེལ་བའི་མིག་དཔེ་ཞིག་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པའི་མིག་དཔེ་ཞིག སྤྱོད་ལམ་ཐད་དམངས་སེམས་མགུ་བའི་མིག་དཔེ་ཞིག འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པའི་མིག་དཔེ་ཞིག ཞི་མཐུན་བརྟན་ལྷིང་གི་དགོན་སྡེ་འཛུགས་གཏོད་བྱེད་པའི་མིག་དཔེ་ཞིག་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། བདེ་ཐང་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་བསྔོག་འདོན་དང་གསལ་འགྲེལ་ཡག་པོ་བྱས་ནས། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་དར་ཆའི་འོག་ཐོས་བསམ་སྒོམ་གསུམ་ལ་བརྩོན་རྒྱུ་དང་། ཆོས་དད་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུའི་ཁྲིད་སྟོན་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད། ཀྲུའུ་ཞི་གཞོན་པ་3གྱིས“སྒྲོག་འགྲེལ་ཚོགས་པའི”སྣེ་ཁྲིད་དེ་གསར་དུ་དག་བཅོས་བྱས་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཤུགས་ཆེ་བྱས་པས་ཆོས་ལུགས་འཆམ་མཐུན་དང་། དགོན་སྡེ་ཞི་མཐུན། བསྟན་དོན་ལམ་ལྷོངས་བཅས་ཡོང་རྒྱུར་སྐུལ་འདེད་ཐུབ་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པ་2000ལྷག་ཙམ་སྒྲིག་འཛུགས་ཀྱིས་བཞུགས་མོལ་སྒྲོག་འགྲེལ་ཚོགས་འདུ་ཐེངས་1100ལྷག་ཙམ་འཚོགས་ཏེ། ཏཱ་ལའི་རུ་ཚོགས་ཀྱི“རང་བཞིན་གསུམ”གྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཡོད། འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སེ་འབྲུའི་འབྲུ་གུ་ལྟ་བུ་རྡོག་རྩ་གཅིག་ཏུ་འགྲིལ་དགོས”པའི་གལ་ཆེའི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ཏེ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཞི་རྟེན་དུ་བྱ་རྒྱུ་དང་། “དུས་རབས་ཀྱི་མིག་དཔེ”ཡིན་པའི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོ་ཚད་འཛིན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་དང་ལས་རིགས་ཁག་གིས“ཁ་བྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་རྒྱུ་དང་། ཡང་དག་པའི“ལྟ་བ་ལྔ”འཛུགས་རྒྱུ། “མོས་པ་ལྔ”ཇེ་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་པར་བརྟེན་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་སྤེལ་ཐུབ་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་སོང་ཡོད། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ནང་ཁོངས་གྲུབ་ཆའི་འགྱུར་བ་དང་འཚམ་མཐུན་ཡོང་བ་བྱས་ཏེ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ་དང་། མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། མཐུན་སྒྲིལ་བྱེད་རྒྱ་ཆེ་རུ་གཏོང་བ་དང་བསྟུན་མཁས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་པས་མི་རིགས་དང་། ཆོས་ལུགས། རིམ་གྲས། རྒྱལ་ཕྱི་རྒྱལ་ནང་གི་སྤུན་ཟླ་བཅས་དབར་གྱི་འབྲེལ་བ་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད། གཙོ་ཆེའི་ཆེད་དོན་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་སྤེལ་བཏང་བ། རྒྱ་ཆེའི་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་བྱེད་ལས་བཟོ། འགན་བགོས་ལས་རིགས་དང་སྡེ་ཚན་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་དང་ལེན་མཐའ་གཅིག་ཏུ་ཞུས་ནས་རང་འགུལ་ངང་གཙོ་ཆེའི་ཆེད་དོན་ལས་འགན་དང་ལེན་ཞུས་ཤིང་། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བ་དང་། སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཆེད་དོན་སྐོར་ཞིབ་བྱེད་པ། བོད་སྐྱོར་གྱི་བཅར་ལན་ཞུ་བ་སོགས་ཀྱི་ཐད་ལ་ལས་ཀ་འབོར་ཆེན་བྱས་ཡོད། འབྲེལ་ཡོད་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་ཁག་གཅིག་གིས་ལས་གནས་དམིགས་བསལ་ཡིན་ལ་ནང་འདྲེན་ཕྱི་འབྲེལ་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་གལ་ཆེའི་ཚོགས་འདུ་སོགས་ལ་ཞུགས་རྒྱུའི་གོ་སྐབས་དམ་འཛིན་གྱིས་རང་ལྗོངས་ཀྱི་དོན་དངོས་གནས་ཚུལ་གསལ་ཞུ་ཧུར་ཐག་བྱས་པ་མ་ཟད། བསམ་འཆར་དང་གྲོས་འགོ་བཏོན་ཏེ་རྒྱལ་ཁབ་རིམ་པའི་ངོས་ནས་རྒྱབ་སྐྱོར་དང་རོགས་རམ་ཐོབ་ཐབས་བྱས་ཡོད།
(གསུམ)ལྟེ་བར་དམིགས་ནས་ཇུས་འདོན་སྲིད་དོན་སྐྱོང་རོགས་བྱས་ཏེ། རང་འགན་གཙང་སྒྲུབ་ཀྱིས་བྱ་གཞག་ཁག་གོང་འཕེལ་འགྲོ་རྒྱུར་ཞབས་ཞུ་བསྒྲུབས་པ། རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་ཁྲིད་ཕྱོགས་ཨང་དང་པོར་བཟུང་བ་དང་། རང་ལྗོངས་ཀྱི་གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་དོན་ཆེན་གསུམ་དང་“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུར་དམིགས་ཤིང་། སྲིད་ཇུས་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་དཀའ་ཁག་ཆེ་བའི་གནད་དོན་དང་། བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་གཙོ་གནད་གནད་དོན། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ཁྲོད་ཀྱི་གླེང་ཆ་ཆེ་བའི་གནད་དོན། དེ་བཞིན་འཚུབ་ཆ་ཆེ་ས་དང་། ཉེན་ཁ་ཆེ་ས། དོ་སྣང་བྱེད་ས་བཅས་ཀྱི་གནད་དོན་འགའ་ཤས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་མོལ་སྲིད་གླེང་ཧུར་ཐག་བྱས་ཏེ། སྤུས་འབྲས་ལེགས་གཏོང་བྱ་རྒྱུ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཐད་ལ་ཁྱབ་པ་བྱས་ཡོད། བསྒྱུར་བཅོས་གོང་འཕེལ་ལ་ཕན་སྐུལ་གཏོང་རྒྱུ་དེ་འགན་སྒྲུབ་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ། ཚན་རིག་དང་མཐུན་པའི་སྒོ་ནས་2018ལོའི་གྲོས་མོལ་གྱི་འཆར་གཞི་བཟོས་ཤིང་། ཆེ་སར་དམིགས་པ་དང་ཆུང་ས་ནས་དམ་འཛིན་བྱས་ཏེ། བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་དང་འབྲེལ་བ་ཡོད་པའི་འཇུག་སྒོ་ཆུང་བའི་གནད་དོན་ཁག་17བདམས་ནས་2018ལོའི་གཟིགས་ཞིབ་བརྟག་ཞིབ་དང་། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ་བཅས་བྱེད་པའི་བརྗོད་གཞིར་བརྩིས་ཏེ་ཇུས་འདོན་དུས་སྨིན་ཐུབ་པ་དང་། སྲིད་གླེང་གནད་སྨིན་ཐུབ་པ། ལྟ་སྐུལ་གནད་འཁེལ་ཐུབ་པ་བཅས་ཧུར་ཐག་བྱས་ཡོད། ལོ་འཁོར་མོར“སྲིད་གྲོས་ཨུ་ཡོན་མཐའ་མཚམས་སུ་བསྐྱོད་དེ། མཐའ་མཚམས་དུས་བདེ་དང་། སྲ་བརྟན། དར་རྒྱས་བཅས་ཡོང་བར་ཐབས་འདོན”བྱེད་པ་དང“གཞི་རིམ་གྱི་རིག་གནས་དང་ཡུལ་སྐོར”སོགས་བརྗོད་གཞི་ཁག་13ལ་དམ་པོར་དམིགས་ཏེ། གཟིགས་ཞིབ་བརྟག་ཞིབ་དང་དམངས་གཙོའི་ལྟ་སྐུལ་གྱི་བྱེད་སྒོ་ཐེངས་90ལྷག་ཙམ་སྤེལ་ནས་གཟིགས་ཞིབ་བརྟག་ཞིབ་ཀྱི་སྙན་ཞུ་དང་ཚང་སྒྲིག་གི་དཔྱད་ཡིག་120ལྷག་ཙམ་གྲུབ་པ་དང་། ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་1དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་1 དུས་ཚིགས་ཀྱི་གྲོས་གླེང་བཞུགས་མོལ་ཚོགས་འདུ་ཐེངས་4 རིགས་ཁག་གི་བརྟག་ཞིབ་གྲོས་གླེང་བཞུགས་མོལ་ཚོགས་འདུ་ཐེངས་40ལྷག་ཙམ་བཅས་སྒྲིག་འཛུགས་དང་སྐོང་འཚོགས་བྱས་པ་དང་། བསམ་འཆར་དང་གྲོས་འགོ་ཁག་2300ལྷག་ཙམ་ལེགས་སྒྲིག་གོང་འབུལ་ཞུས་པས་འགན་སྒྲུབ་ཀྱི་གྲུབ་འབྲས་མང་དག་ཅིག་ལ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དབུ་ཁྲིད་ཀྱིས་བཀའ་མཆན་གནང་ནས་གདེང་འཇོག་གང་ལེགས་གནང་བ་དང་། བསམ་འཆར་དང་གྲོས་འགོ་ཁག་གཅིག་ལ་འགན་ནུས་སྡེ་ཚན་གྱིས་མཐོང་ཆེན་བྱས་པ་མ་ཟད་དང་ལེན་ཡང་བྱས་ཡོད། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱ་རྒྱུ་དེ་འགན་སྒྲུབ་ཀྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་སྤྱི་ཡོངས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་འབྲེལ་གཏུག་བྱེད་གནས་ཀྱི་ལམ་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་འདེགས་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་ཕན་སྐུལ་བྱེད་པའི་གལ་ཆེའི་འགན་འཁྲི་དང་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩིས་ནས། ཞིང་ཆེན་རིམ་པའི་ལས་བྱེད་པས་དབུལ་པོའི་རྫོང་དང་། ཤང་གྲོང་རྡལ། གྲོང་ཚོ། དེ་བཞིན་དགོན་སྡེ་བཅས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག འབྲེལ་གཏུག་བྱེད་གནས་སུ་བསྐྱོད་དེ་མཛུབ་ཁྲིད་ལས་དོན་སྤེལ་ཡོད། རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་ཏན་ཏིག་ངང་སྤེལ་ཏེ། “སྤུན་གྲོགས་སྒྲིག་པའི”བྱེད་སྒོའི་ནང་ཧུར་ཐག་ཞུགས་ཡོད། ཨུ་ཡོན་སྒྲིག་འཛུགས་ཀྱིས་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་། “གནད་འཕིགས་དབུལ་སྐྱོར་བྱེད་པའི་ཁྲོད་ཀྱི་བསམ་བློའི་བློ་རུས་ཞན་པའི་སྣང་ཚུལ་དང་དེར་ཁ་གཏད་གཅོག་ཐབས་ཀྱི་གྲོས་འགོ”དང་། “གཞི་རིམ་གྱི་རིག་གནས་འཐབ་ས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ” “རང་ལྗོངས་ཀྱི་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ”བཅས་ཐད་ཀྱི་དུས་ཚིགས་ཀྱི་གྲོས་གླེང་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པས། གྲོས་མོལ་ལ་གལ་ཆེའི་གྲུབ་འབྲས་མང་དག་ཅིག་ཐོབ་ཡོད། མཐའ་མཚམས་ས་ཁུལ་གྱི་ཡུལ་སྐོར་གོང་འཕེལ་དང་། སློབ་ཆེན་སློབ་མའི་ལས་ཞུགས་དང་། དེ་བཞིན“གཉིས་གཏོད” “དབང་པོ་སྐྱོན་ཅན་གྱི་ལུས་གསོ། དྭ་ཕྲུག་གི་སློབ་གསོ་འཚོ་སྐྱོང”སོགས་ལ་དམིགས་ནས་བརྟག་ཞིབ་དང་བཞུགས་མོལ་བྱས་པས་དམངས་འཚོ་ལེགས་བཅོས་བྱ་རྒྱུའི་ཐད་ཕྱོགས་གང་ས་ནས་དོ་ཁུར་དང་ཁྱབ་རྒྱ་ཆེ་བའི་ཐོག་ནས་ཕན་སྐུལ་ཐེབས་ཐུབ་པ་བྱུང་ཡོད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ཕན་སྐུལ་གཏོང་རྒྱུ་དེ་འགན་སྒྲུབ་ཀྱི་གཟི་བརྗིད་ལྡན་པའི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་པ། “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་ཐུབ་པ་དང་གོང་འཕེལ་ཡོང་བར་ལེགས་སྐྱེས་ཆེ་ཤོས་འབུལ་བ་ཞིག་ཡིན”ཞེས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་པས། སྐྱེ་ཁམས་ཤེས་དཔལ་གྱི་བརྗོད་དོན་གཙོ་བོ་དང་འབྲེལ་བ་ཡོད་པའི་ཚོགས་ཆེན་གྱི་གཏམ་བཤད་2དང་ཡིག་ཐོག་སྤེལ་རེས་ཀྱི་དཔྱད་ཡིག་11གྲུབ་ཅིང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཁག་69ལེགས་སྒྲིག་གོང་འབུལ་ཞུས་ཡོད། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་། སྐྱས་སྤོས་རྩྭ་གསོ། བཤེར་ས་སྲུང་སྐྱོབ་བཅས་བྱ་རྒྱུ་དང་། དེ་བཞིན་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་སོགས་ལ་དམ་པོར་དམིགས་ཏེ། ལྟ་སྐུལ་རང་བཞིན་གྱི་བརྟག་ཞིབ་བྱེད་པའི་ཁྲོད་བསམ་འཆར་དང་གྲོས་འགོ་ཁག་130ལྷག་བཏོན་ཡོད། 《བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱ་རྒྱུའི་འཆར་འགོད》དང་། “དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་བསྒྲུབས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པ། ཡུལ་སྐོར་གསར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་སོགས་ཐད་ཀྱི་ལེགས་འདེམས་བརྗོད་གཞི་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས། བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་གདན་འདྲེན་ཞུས་ནས་མཉམ་འབྲེལ་ཐོག་གཟིགས་ཞིབ་བརྟག་ཞིབ་བྱས་ཏེ་བསམ་འཆར་དང་གྲོས་འགོ་ཁག་15གྲུབ་ཡོད།
(བཞི)གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་གིས་གཙོ་གནད་ལ་སྐུལ་སྤེལ་བཏང་བར་བརྟེན་གྲོས་མོལ་དམངས་གཙོ་དར་སྤེལ་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། རྒྱུན་ལས་ཨུ་ལྷན་གྱིས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུ་གཙོ་གནད་དུ་སྐུལ་སྤེལ་བཏང་ཞིང་། སྲིད་གྲོས་ཀྱི་གྲོས་གཞི་དང་། རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག ཆ་འཕྲིན་དྲིལ་བསྒྲགས། སྤེལ་རེས་མཉམ་ལས་སོགས་རྒྱུན་གཏན་རང་བཞིན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ། ལོ་འཁོར་མོར་མཉམ་འབྲེལ་གྱི་གཟིགས་ཞིབ་བརྟག་ཞིབ་ཐེངས་56བྱས་པ་དང་། གཞི་རིམ་སྲིད་གྲོས་ལ་མངག་བཅོལ་བྱས་ནས་བརྟག་ཞིབ་ཐེངས་14བྱས་པ། ཕྱོགས་བསྡུས་དང་ཆེད་དམིགས་གཟིགས་ཞིབ་བརྟག་ཞིབ་སྙན་ཞུ་80ལྷག་ཙམ་གོང་འབུལ་ཞུས་པ་བཅས་ལ་བརྟེན་སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱི་གྲུབ་འབྲས་ཁག་གཅིག་སྙིང་བཏུས་ཀྱིས་གྲུབ་ཡོད། ཚོགས་ཆེན་ཐོག་གི་གཏམ་བཤད་སྤེལ་ཡིག་འདེམས་སྒྲུག་ལམ་སྲོལ་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ཞིང་། ལོ་འཁོར་མོར་ཚོགས་ཆེན་གྱི་གཏམ་བཤད་དཔྱད་ཡིག་ཁག་82བསྡུ་རུབ་བྱས་པ་དེའི་ནང་སྙིང་བཏུས་དང་ཞིབ་དཔྱད་བྱས་པའི་དཔྱད་ཡིག་ཁག་58ཡོད་པས་གཏམ་བཤད་ཀྱི་སྤུས་ཚད་ལེགས་སུ་སོང་ཡོད། ཆེད་དོན་ཨུ་ལྷན་གྱིས་རིགས་ཁོངས་ཨུ་ཡོན་དང་འབྲེལ་བ་བྱས་ནས་མཉམ་འགུལ་འགན་སྒྲུབ་བྱེད་པའི་བྱེད་སྒོ་གསར་གཏོད་བྱས་པ་དང་། རིགས་ཁོངས་ཨུ་ཡོན་གྱི་ཆེད་དོན་གྲོས་གླེང་བཞུགས་མོལ་ཐེངས་3འཚོལ་ཞིབ་ཀྱིས་སྤེལ་ཡོད། ལོ་འཁོར་མོར་ཨུ་ཡོན་27བདམས་ནས་ལས་རིགས་ཀྱི་སྤྱོད་ཚུལ་དཔྱད་གླེང་དང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ནང་ཞུགས་སུ་བཅུག་པས་ཏང་སྲིད་ཀྱི་ལྟེ་བའི་ལས་དོན་ལ་ཕན་སྐུལ་ཐེབས་ཡོད། སྲིད་གྲོས་ཀྱི་ལམ་ལུགས་ལམ་སྲོལ་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། འགན་སྒྲུབ་ལས་དོན་ཚད་ལྡན་བཟོ་རྒྱུ་སོགས་ཐད་ཀྱི་ལམ་ལུགས་དང་། བྱ་ཐབས། དེ་བཞིན་ལས་དོན་བཀོད་སྒྲིག་སོགས་ཁག་20ལྷག་ཙམ་བཟོ་འབེབས་དང་དག་བཅོས་བྱས་པ་དང་། ལས་ཁུངས་ཀྱི་ལས་ཀའི་ལམ་ལུགས་ཁག་6འཐུས་སྒོ་ཚང་དུ་བཏང་ཡོད། གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་བཏང་བ། ལོ་འཁོར་མོར་ཁྱོན་གྲོས་གཞི་ཁག་404ལག་འབྱོར་བྱུང་ཞིང་། ཞིབ་དཔྱད་བྱས་པ་བརྒྱུད། གྲོས་གཞི་ཁག་397གྲོས་ཁོངས་སུ་བཅུག་པ་དང་གྲོས་གཞི་ཁག་12གཙོ་གནད་གྲོས་ཁོངས་སུ་བཅུག་ཡོད། 2018ལོའི་ཟླ་10པའི་ཟླ་མཇུག་བར་གྲོས་གཞིར་སྒྲུབ་ལན་སློག་ཚད་100%ཟིན་ཞིང་། ཨུ་ཡོན་གྱི་བློ་མོས་བྱུང་ཚད་དང་སྤྱིའི་ཆར་བློ་མོས་བྱུང་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་ལས་དོན་གསར་གཏོད་བྱས་པ། དངོས་སུ“མཐོང་ཐོས་མྱོང་གསུམ”གྱི་ཁྱད་ཆོས་མངོན་ཆེར་བཟུང་ནས《བོད་རིགས་ཀྱི་ལོ་བརྒྱའི་དངོས་བྱུང་ལོ་རྒྱུས》དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་མུ་འབྲེལ་དཔེ་ཚོགས་ཀྱི་སྟོང་ཆ་ཁ་སྐོང་ཐུབ་པ་བྱུང་ཡོད། ལྗོངས་ཡོངས་སུ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དང་བསྟུན་ཏེ《བོད་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་མྱོང་བ་དངོས》རྩོམ་སྒྲིག་གིས་སྤྱན་བསྟར་ཞུ་རྒྱུར་ཕུལ་ཡོད། ཆ་འཕྲིན་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། 《མི་དམངས་སྲིད་གྲོས་ཀྱི་ཚགས་པར》དང་། 《བོད་ལྗོངས་ཉིན་རེའི་ཚགས་པར》 《བོད་ལྗོངས་གསར་པ》སོགས་ལྗོངས་ཕྱི་ནང་གི་གསར་འགྱུར་སྨྱན་སྦྱོར་དང《བོད་ལྗོངས་སྲིད་གྲོས》རང་ངོས་ཀྱི་དྲིལ་བསྒྲགས་ལས་སྟེགས་ལ་བརྟེན་ནས“ཀྲུང་གོའི་གཏམ་རྒྱུད”དང་། “བོད་ཀྱི་གཏམ་རྒྱུད” “སྲིད་གྲོས་ཀྱི་གཏམ་རྒྱུད”བཅས་ཡག་པོ་བཤད་ཡོད། ཡུལ་བབ་དམངས་འདུན་གྱི་ཆ་འཕྲིན་ལས་དོན་ལ་ཤུགས་སྣོན་ཐེབས་པ་དང་། ལས་ཁུངས་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱ་རྒྱུར་རིམ་ལྡན་སྐུལ་སྤེལ་བཏང་ཡོད། སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་ཇ་སྟོན་ཚོགས་འདུ་དང་དབྱར་དུས་ཀྱི་མཐུན་འབྲེལ་མཉམ་ཚོགས་གཉེར་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་སྣེ་ཁྲིད་དེ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་གྱིས་བསྟུན་མཁས་མཉམ་རོགས་དང་མཉམ་ལས་མཉམ་སྒྲུབ་བྱས་ཡོད། “ནང་དུ་གདན་འདྲེན་ཞུ་བ”དང“ཕྱིར་བསྐྱོད་རྒྱུ”ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་དང་ནང་སའི་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)སྲིད་གྲོས་ཀྱི་བོད་སྐྱོད་ཚོགས་པ(ཚོགས་ཆུང)24ཡི་མི་གྲངས་300ལྷག་ཙམ་གྱིས་བོད་དུ་གཟིགས་ཞིབ་བརྟག་ཞིབ་གནང་བར་གཞོགས་འདེགས་ཧུར་ཐག་བྱས་ཡོད། ཨུ་ཡོན་སྒྲིག་འཛུགས་ཀྱིས་གཙོ་གནད་གྲོས་དོན་ལ་དམིགས་ཏེ་ནང་སའི་འབྲེལ་ཡོད་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)ལ་སློབ་སྦྱོང་དང་གཟིགས་ཞིབ་བརྟག་ཞིབ་བྱེད་པར་བསྐྱོད་ཡོད། སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། བོད་ལྗོངས་ཀྱི་སྲིད་གྲོས་རིགས་གཞུང་ཞིབ་འཇུག་ཚོགས་པ་བཙུགས་ནས་བོད་ལྗོངས་སྲིད་གྲོས་ཀྱི་ལོ་རྒྱུས་ཐོག་གི《དཔྱད་རྩོམ་ཕྱོགས་བསྒྲིགས》དེབ་དང་པོ་རྩོམ་སྒྲིག་པར་སྐྲུན་བྱས་ཡོད། 《བོད་ལྗོངས་སྲིད་གྲོས་ཀྱི་ལོ་ཞིབ་མེ་ལོང》དང་། 《བོད་ལྗོངས་སྲིད་གྲོས་ཀྱི་དོན་ཆེན་ཟིན་ཐོ》 《བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་ཏེ་སྲིད་གྲོས་ཀྱི་ལོ་རྒྱུས(2000-2015)》བཅས་རྩོམ་སྒྲིག་བྱ་རྒྱུ་སོགས་རྒྱུན་གཏན་གྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་ཡོད། གཞི་རིམ་སྲིད་གྲོས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། འགན་སྒྲུབ་ཀྱི་ཁ་ཕྱོགས་དང་། འགན་སྒྲུབ་ཀྱི་རྩ་དོན། ལས་ཀའི་བསམ་གཞི། གཙོ་ཆེའི་གྲོས་མོལ་གྱི་བྱེད་སྒོ་སོགས་ཀྱི་ཐད་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན“སྤྱི་ཡོངས་ཀྱི་བསམ་ཇུས”ཡག་པོ་འདིང་རྒྱུར་འབད་བརྩོན་བྱས་ཡོད།
(ལྔ)སྲིད་གྲོས་རང་ངོས་འཛུགས་སྐྱོང་བྱ་རྒྱུར་སྐུལ་སྤེལ་བཏང་ནས་དུས་རབས་གསར་པ་དང་ལས་འགན་གསར་པ་དང་འཚམ་གང་ཐུབ་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ཕྱོགས་ཡོངས་ནས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ཁོང་དུ་ཆུད་པ་བྱས་ཏེ་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་རྩ་བ་དེ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་དེ་སྤྱི་འདོམས་སུ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པའི་རིགས་པའི་གཞུང་ལུགས་ལ་ཞིབ་གྲོས་བྱ་རྒྱུ་དེ་གཙོ་ཐིག་ཏུ་འཛིན་པ། “ནུས་པ་བཞི”ཆེ་རུ་གཏོང་རྒྱུ་དེ་དམ་འཛིན་བྱེད་སར་བརྩི་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྲིད་གྲོས་རང་ངོས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཆབ་སྲིད་ཀྱིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་པ། སྲིད་གྲོས་ཀྱི་ཏང་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་རྟོགས་ངང་ལྗོངས་ཏང་ཨུད་དང་སྲིད་གྲོས་ཏང་ཙུའི་འགོ་ཁྲིད་འོག་ལས་དོན་སྤེལ་ནས་བསམ་བློར་ཁྲིད་སྟོན་དང་། ཆབ་སྲིད་ཀྱིས་སྤྱི་འདོམས། ནུས་པ་འཛུགས་སྐྱོང་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། དགོས་པའི་ལས་མི་བྱེད་པ་དང་ལས་འགྱངས་གཏོང་བའི་རིགས་དང་། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མངོན་གསལ་དོད་རིགས་ནན་ཏན་ངང་བཤེར་འདོན་དང་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཐོག ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཚོགས་འདུའི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལག་བསྟར་བྱས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་དངོས་ལ་མཛུབ་ཁྲིད་ཏན་ཏིག་བྱས་ཡོད། ནུས་པ་འཛུགས་སྐྱོང་བྱ་རྒྱུ་མངོན་ཆེར་བཟུང་བ། སློབ་གསོ་སྦྱོང་བརྡར་སྤྲོས་རྒྱུ་དང་། མཐུན་སྦྱོར་ཞབས་ཞུ་བསྒྲུབ་རྒྱུ། ལྟ་སྐུལ་དོ་དམ་བྱ་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཨུ་ཡོན་གྱི་གཙོ་ཤུགས་ནུས་པ་དང་། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ། རིགས་ཁོངས་ཀྱི་དམིགས་བསལ་ནུས་པ། ལས་ཁུངས་ཀྱི་ཞབས་ཞུའི་འགན་སྲུང་ནུས་པ་བཅས་འདོན་སྤེལ་ཧུར་ཐག་བྱས་ཡོད། ལོ་འཁོར་མོར་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ཐེངས་4གཉེར་བར་མི་ཐེངས་796ཞུགས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གླིང་དུ་སློབ་སྦྱོང་སྦྱོང་བརྡར་ལ་མི་ཐེངས་230ལྷག་ཙམ་ཞུགས་ཡོད། སྤྱོད་ཚུལ་ཞུན་བརྡར་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། “བོད་སྐྱོད་རྒན་རབས་པའི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་དམ་པ་དོན་གཉེར་དང་དཀའ་སྤྱད་ལས་བརྩོན་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། དེ་བཞིན་ལྗོངས་ཏང་ཨུད་ཀྱི《ལག་བསྟར་བྱ་ཐབས》དང་ལྗོངས་སྲིད་གྲོས་ཏང་ཙུའི《ཞིབ་ཕྲའི་བྱ་ཐབས》ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་ཡོང་བ་བྱས་ཡོད། ཨུ་ཡོན་གྱི་འགན་སྒྲུབ་ཡིག་ཚགས་འཐུས་སྒོ་ཚང་དུ་བཏང་ནས་ཨུ་ཡོན་གྱི་འགན་སྒྲུབ་བྱས་ཚུལ་དུས་འཚམ་ངེས་ཐོག་བརྡ་ཁྱབ་བཏང་ཡོད། སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བའི་སྣང་ཚུལ་གསར་པ་འཛུགས་རྒྱུ་དར་སྤེལ་བཏང་ཡོད། ལྗོངས་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་གྱི་སྲིད་གྲོས་ལས་ཁུངས་སུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་བྱས་པས་སྲིད་གྲོས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་སྤེལ་ཐེབས་ནས་ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་ཞིག་གཏོད་ཐུབ་པ་བྱུང་ཡོད།
ཨུ་ཡོན་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་སྲིད་གྲོས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བའི་འབྲས་བུ་ཞིག་དང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་གནང་བ་ལས་བྱུང་བའི་འབྲས་བུ་ཞིག ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གཞུང་གིས་རྒྱབ་སྐྱོར་རོགས་རམ་དང་རིམ་ཁག་སྡེ་ཚན་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་བཅས་ཀྱིས་གཞོགས་འདེགས་ཧུར་ཐག་གནང་བ་ལས་བྱུང་བའི་འབྲས་བུ་ཞིག དེ་བཞིན་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཐེ་ཞུགས་ཚན་པ། རྒྱ་ཆེའི་ཨུ་ཡོན། སྲིད་གྲོས་ཀྱི་ལས་བྱེད་ལས་བཟོ་བ་བཅས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་བཅས་ཡིན། མཚམས་འདིར་ངས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དང་ཆབས་ཅིག ང་ཚོས་ལས་ཀའི་ནང་ལྷག་བསྡད་པའི་ཞན་ཆ་དང་མི་འདང་བའི་ཆ་རྣམས་རིག་པ་དྭངས་གསལ་གྱིས་མཐོང་ཐུབ་པ་བྱེད་དགོས། དེ་ཡང་གཙོ་བོ་ནི་བརྟག་ཞིབ་དང་སྲིད་གླེང་གི་བྱེད་སྒོ་གཏིང་ཟབ་པོ་དང་གནད་དུ་འཁེལ་པོ་དེ་ཙམ་མ་བྱུང་བ་དང་། གྲུབ་འབྲས་དངོས་སྒྱུར་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་གཏོང་དགོས་པ། ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་ཙམ་ཡག་པོ་སྒྲུབ་ཐུབ་མེད་པ། དེ་བཞིན་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། སེམས་ནུས་གཅིག་སྒྲིལ་བཅས་ཀྱི་བྱེད་སྟངས་དང་བྱེད་ཐབས་སྔར་བས་འཚོལ་ཞིབ་དང་ལག་ལེན་བྱེད་དགོས་པ། ཆེད་དོན་ཨུ་ལྷན་ཁག་གི་རྨང་གཞིའི་ནུས་པ་འདོན་སྤེལ་བྱ་རྒྱུ་མི་འདང་བ་དང་། ཨུ་ཡོན་དང་རིགས་ཁོངས་མང་ཚོགས་ལ་འབྲེལ་བ་བྱ་རྒྱུ་དང་རང་ངོས་འཛུགས་སྐྱོང་བྱ་རྒྱུ་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ། ལས་ཁུངས་ཀྱི་ལས་ཀར་སྔར་བཞིན་སྒྱིད་ལུག་ཟབ་ཟོབ་བྱེད་པའི་གནད་དོན་ཡོད་པ། ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་དགོས་པ་སོགས་དེ་དག་ཚང་མ་ནི་འདི་ལོའི་ལས་དོན་ཁྲོད་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་དགོས་པ་དང་ལེགས་བཅོས་བྱེད་དགོས་པ་ཞིག་ཡིན།
2019ལོའི་ལས་དོན་བཀོད་སྒྲིག
2019ལོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་ལོ་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པ་བྱ་རྒྱུའི་འགག་རྩའི་ལོ་ཞིག་ཡིན་ལ། རླབས་ཆེན་མེས་རྒྱལ་དབུ་བརྙེས་ནས་ལོ་70འཁོར་བ་དང་། མི་དམངས་སྲིད་གྲོས་བཙུགས་ནས་ལོ་70འཁོར་བ། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་60འཁོར་བ། བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་60འཁོར་བ་བཅས་ཀྱི་ལོ་ཞིག་ཀྱང་ཡིན། འདི་ལོའི་སྲིད་གྲོས་ལས་དོན་གྱི་སྤྱིའི་བསམ་གཞི་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་ལ་བཏོན་གནང་བའི་གལ་ཆེའི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་ལ་བཏོན་གནང་བའི་གལ་ཆེའི་རྒྱས་བཤད་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུང་གུང་ཀྲུང་དབྱང་དོན་གཅོད་ཐིང་གི《དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཏང་ལེགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང་། ལྗོངས་ཏང་ཨུད་ཀྱི“ལག་བསྟར་བསམ་འཆར”དང་རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་ལེགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ། དེ་བཞིན་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པའི་རིགས་པའི་གཞུང་ལུགས་ཞིབ་གྲོས་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ཐད་བཏོན་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་སྲིད་གྲོས་ཏང་ཙུའི་ཞིབ་ཕྲའི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ། དེ་བཞིན་རྒྱ་ཆེའི་ཨུ་ཡོན་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ལ་དམ་པོར་དམིགས་པ་དང་། གོང་འཕེལ་དང་བརྟན་ལྷིང་། སྐྱེ་ཁམས་བཅས་ཀྱི་དོན་ཆེན་གསུམ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུར་དམིགས་ནས་ཇུས་འདོན་སྲིད་དོན་སྐྱོང་རོགས་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུའི་ཕྱོགས་གཉིས་ཀས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་འབྲས་ལེགས་གཏོང་བྱ་རྒྱུ་དེ་ལས་དོན་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ་བྱས་ཐོག ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་ངང་སྒྲུབ་པ་དང་། སྲིད་གྲོས་ཀྱི་ལེགས་ཆ་ཆེ་བའི་ཁྱད་ཆོས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གང་མགྱོགས་བསྐྲུན་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་ཡག་པོ་བརྩམ་རྒྱུ་བཅས་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།
(གཅིག)གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་དགོས་པ། རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། སྲིད་གྲོས་ལས་དོན་ལ་སྤྱི་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དང་། བསམ་བློར་དྲག་ཆས་སྤྲོས་པའི་བླ་སྲོག འགན་འཁྲི་གཙང་སྒྲུབ་བྱེད་པའི་ཕྱོགས་སྟོན་བཅས་སུ་བཟུང་ཐོག གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུར་དངོས་འབྲེལ་ཤུགས་བརྒྱབ་ནས“འདུ་ཤེས་བཞི”བརྟན་པོར་བཅངས་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། དར་ཆ་དང་། འགྲོ་ལམ། ཁ་ཕྱོགས། ལམ་ལུགས་སོགས་གལ་ཆེའི་གནད་དོན་ཐད་སེམས་ཤུགས་དང་། གོམ་སྟབས། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱེད་དགོས། དགོངས་པ་གསར་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་ལ་བཏོན་གནང་བའི་གལ་ཆེའི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་ལ་བཏོན་གནང་བའི་གལ་ཆེའི་རྒྱས་བཤད་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་དང་རྩ་དོན་བླང་བྱ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བའི་གཞི་རྩའི་རྩལ་ནུས་ཆེ་རུ་བཏང་ནས་ཀྲུང་དབྱང་གི་སྲིད་དོན་མཛད་ཕྱོགས་ཆེ་མོ་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རྣམས་སྲིད་གྲོས་ཀྱི་ལས་དོན་ཡོངས་ཀྱི་ཁྲོད་དུ་ལག་བསྟར་དོན་འཁྱོལ་ཐུབ་པ་བྱ་རྒྱུ། ཀྲུའུ་ཞི་ཚོགས་འདུའི་མཉམ་སྡེབ་སློབ་སྦྱོང་དང་། རྒྱུན་ལས་ཨུ་ལྷན་གྱི་སློབ་སྦྱོང་འཆད་ཁྲིད། ཨུ་ཡོན་གྱི་སྦྱོང་བརྡར་སློབ་སྦྱོང་། སྙན་ཞུའི་ཚོགས་འདུ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་སློབ་སྦྱོང་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བསམ་བློར་དྲག་ཆས་སྤྲོས་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་བཞུགས་མོལ་ཚོགས་འདུའི་ལམ་ལུགས་བཙུགས་ཏེ། ཆེད་དོན་ཨུ་ལྷན་དང་རིགས་ཁོངས་ལ་བརྟེན་ཞིང་། ལོ་འཁོར་གྱི་འཆར་གཞི་ནན་ཏན་ངང་བཟོ་བ་དང་ལག་བསྟར་བྱས་ནས་དུས་བཀག་ཐོག་སྲིད་གྲོས་ཏང་ཙུའུ་ལ་སློབ་སྦྱོང་བྱས་ཚུལ་སྙན་སེང་ཞུ་རྒྱུ། ལས་དོན་ཁྲོད་ཀྱི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་དང་ཟུང་འབྲེལ་བྱས་ཏེ། ཆེད་དོན་ཟུར་དུ་བཏོན་ཏེ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ཤུགས་ཆེ་བྱེད་པ། བསམ་བློར་དྲག་ཆས་ཤུགས་ཆེ་སྤྲོས་པ་བཅས་ཀྱི་ཐོག་ནས་སྲིད་གྲོས་ལས་དོན་གྱི་སྤུས་ཚད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
(གཉིས)གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱ་རྒྱུ་དེ་སྲིད་གྲོས་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ། རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པར། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། གཅིག་ནས་ཀྲུང་གུང་ཀྲུང་དབྱང་དོན་གཅོད་ཐིང་གི《དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཏང་ལེགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང་ལྗོངས་ཏང་ཨུད་ཀྱི“ལག་བསྟར་བསམ་འཆར”སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་ལེགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་ལེགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་ལེགས་སྐྱོང་བྱེད་པའི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ་དང་དུས་འཚམ་ངེས་སྐབས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་སྒྲིག་འཛུགས་བྱེད་དགོས། གཉིས་ནས་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ལས་ཀའི་དམིགས་བསལ་རང་བཞིན་ལ་གཞི་ཚུགས་ཏེ། མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ངོས་འཛིན་གཅིག་སྒྲིལ། སེམས་ནུས་གཅིག་སྒྲིལ་བཅས་བྱ་རྒྱུའི་ལྟེ་བའི་ལས་འགན་འདིར་དམིགས་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་དང་ངོས་འཛིན་གཅིག་སྒྲིལ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ལས་དོན་ཁག་ནང་ཁྱབ་པར་བྱེད་པ་དང་། དར་བསྒྲེངས་དཔའ་དམ་བཤམ་ཕོད་པ་དང་། དྲང་ཕྱོགས་ནས་སྐད་ཆ་ཤོད་ཕོད་པ། སེམས་ནུས་གཅིག་སྒྲིལ་བྱེད་མཁས་པ་བཅས་ཀྱི་བོད་ལྗོངས་སྲིད་གྲོས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། “ཕྱོགས་གཉིས་ཀས་ཤུགས་རྒྱག་པའི”ལམ་ལུགས་དང་། གོ་རིམ། ལམ་སྲོལ་བཅས་ཟམ་མི་ཆད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གསུམ་ནས་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དོན་འཁྱོལ་ནན་ཏན་བྱས་ཏེ་ལམ་སྲོལ་གྱི་ཐོག་ནས་སྲིད་གྲོས་ལས་དོན་ཁྲོད་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་ཁྲིད་སྟོན་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་འགན་སྲུང་ཐུབ་པ་བྱས་ནས། ཏང་ཡོན་ཨུ་ཡོན་གྱི“གདོང་ལེན་མིག་དཔེ”དང་ཀྲུང་གུང་རིགས་ཁོངས་ཨུ་ཡོན་གྱི“འགག་རྩའི་ཉུང་ཤས”ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཁར། ཏང་ཕྱིའི་བློ་མཐུན་དང་བསྟུན་མཁས་མཉམ་རོགས་དང་ལས་དོན་མཉམ་སྒྲུབ་ཀྱིས་ཐུན་མོང་ཐོག་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཐུབ་པ་བྱེད་དགོས།
(གསུམ)གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས“ཕྱོགས་གཉིས་ཀས་ཤུགས་རྒྱག་རྒྱུ”མཐའ་འཁྱོངས་བྱས་ཏེ་སྲིད་གྲོས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་ཐུབ་པ་བྱེད་དགོས་པ། རྒྱུན་ལས་ཨུ་ལྷན་གྱིས་འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ལས་དོན་ཐད་ལ་ཏང་གིས་བཏོན་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཇུས་འདོན་སྲིད་དོན་སྐྱོང་རོགས་དང་ངོས་འཛིན་གཅིག་སྒྲིལ་ཡོང་རྒྱུའི་ཐད་ཕྱོགས་གཉིས་ཀས་ཤུགས་རྒྱག་དགོས་པ་དང་། ཏང་གི་ཡུན་རིང་སྲིད་སྐྱོང་ནུས་པ་སྲ་བརྟན་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་ཁྲོད་ནུས་པ་འདོན་སྤེལ་དང་རིན་ཐང་མངོན་པར་བྱེད་དགོས། གཅིག་ནས་ཤུགས་རྒྱག་ས་གཙོ་བོ་ཤེས་རྟོགས་ཐུབ་པ་བྱེད་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་སྒྲུབ་ཀྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་དེ་འགན་སྒྲུབ་ཀྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་བ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱས་པ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་གཏོང་བའི་ལེགས་སྐྱེས་ཆེ་ཤོས་སུ་བརྩི་བ་དང་། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་འདེགས་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་ཕན་སྐུལ་གཏོང་བའི་གལ་ཆེའི་འགན་འཁྲི་དང་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩི་བ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག ཤུགས་རྒྱག་ས་གཙོ་བོ་མངོན་ཆེར་བཟུང་ནས་སྤྱི་ཡོངས་ལ་བསམ་གཞིགས་བྱས་ཏེ་ལས་དོན་འཆར་འགོད་དང་། ལས་དོན་སྤེལ་ཐབས། སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ་བཅས་ཀྱི་ཕན་འབྲས་ལ་ཞིབ་བསྡུར་བྱེད་ཐུབ་པ་དགོས།
གཉིས་ནས་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ནང་ཁུལ་གྱི་གྲུབ་ཆའི་འགྱུར་ལྡོག་དང་འཚམ་པ་བྱས་ཏེ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་རྒྱ་ཆེ་ཞིང་མང་ཚོགས་དང་ཉེ་བའི་ལེགས་ཆ་དང་། རིག་གནས་ཁྱབ་ཁོངས་སུ“མོས་པ་ལྔ”བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲོད་ཀྱི་ལེགས་ཆ། ཆོས་ལུགས་རིགས་ཁོངས་ཨུ་ཡོན་གྱི“ཚད་གཞི་བཞི་བརྩི་སྲུང་ལག་བསྟར་བྱས་ཏེ་སྔོན་ཐོན་གྲྭ་བཙུན་ཞིག་བྱ་རྒྱུའི”སློབ་གསོ་ལག་ལེན་གྱི་བྱེད་སྒོ་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ཁྲོད་ཀྱི་ནུས་པ། ཁྱབ་ཁོངས་ཁག་ནང་རིགས་ཁོངས་མང་ཚོགས་ལ་མཐུན་སྒྲིལ་ཁྲིད་སྟོན་བྱེད་པའི་རིགས་ཁོངས་ཨུ་ཡོན་གྱི་ནུས་པ། དེ་བཞིན་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་མཐའ་གཅིག་ཏུ་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ཁུངས་མེད་གཏམ་འཆལ་ལ་སུན་འབྱིན་མཐའ་གཅིག་ཏུ་བྱེད་པ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་རྒྱུ་སོགས་ཐད་ཀྱི་ཨུ་ཡོན་ཡོངས་ཀྱི་ནུས་པ། སྲིད་གྲོས་ཀྱི“ཤར་གཏོང་རླངས་འཁོར”ལྟ་བུའི་ཐབས་ལམ་གྱི་ལེགས་ཆ་བཅས་འདོན་སྤེལ་བྱ་རྒྱུར་དོ་སྣང་བྱས་ནས་ཏང་ཨུད་སྲིད་གཞུང་དང་མི་རིགས་དང་ལས་རིགས་ཁག་གི་མང་ཚོགས་དབར་མི་དམངས་སྲིད་གྲོས་ཀྱི“སེམས་འབྲེལ་ཟམ་པ”བཙུགས་ཏེ། “དོན་ཐོག་ཏུ་འཁྱོལ་ཐུབ་པ”དང“གཅིག་ཏུ་འགྲིལ་ཐུབ་པ”བྱེད་པའི་ཁྲོད་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱེད་དགོས། གསུམ་ནས་བྱེད་ཐབས་དང་ཐབས་ཤེས་གསར་གཏོད་བྱེད་དགོས། སློབ་སྦྱོང་གི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཨུ་ཡོན་གྱིས་རང་སྦྱོང་བྱེད་པ་དང་སྦྱོང་བརྡར་སློབ་གསོ་གཏོང་རྒྱུ་ཟུང་འབྲེལ་ནུས་ལྡན་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ངོས་འཛིན་གཅིག་སྒྲིལ་ཡོང་རྒྱུའི་ཐད་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་དགོས། སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་ཚོགས་འདུའི་ཁོངས་མིས་ཐུན་མོང་ཐོག་རིགས་ཁོངས་ལ་འབྲེལ་གཏུག་བྱ་རྒྱུ་དང་། ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས། ཆེད་དོན་ཨུ་ལྷན་གྱིས་རྨང་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། ཆེད་དོན་ཨུ་ལྷན་གྱིས་རིགས་ཁོངས་དང་ཨུ་ཡོན་ལ་འབྲེལ་བ་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་རྒྱུ་དང་། རྒྱ་ཆེའི་མང་ཚོགས་ཁྲོད་རིགས་ཁོངས་ཨུ་ཡོན་གྱི་ཁྲིད་སྟོན་ཕྱོགས་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཏང་གིས་ཐབས་ཇུས་བཀོད་སྒྲིག་གནང་བ་དེ་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཁྲོད་དུ་གཅིག་མཐུན་གྱི་ངོས་འཛིན་ལ་འགྱུར་བ་བྱས་ཏེ་གནད་སྨིན་དོན་འཁྱོལ་ཡོང་རྒྱུར་ཕན་སྐུལ་གཏོང་དགོས། སློབ་སྦྱོང་སྦྱོང་བརྡར་དང་། གཟིགས་ཞིབ་བརྟག་ཞིབ། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ། ཆ་འཕྲིན་དང་དྲ་རྒྱའི་སྲིད་གླེང་སོགས་ཀྱི་འགན་སྒྲུབ་བྱེད་སྟངས་གང་ལེགས་སྤྱད་དེ་ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། རིགས་ཁོངས་ཀྱི་གྲོས་མོལ་བཅས་དང་། དེ་བཞིན་གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་མཐའ་ཀུན་དང་། ལྟ་ཕྱོགས་མང་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཐོག་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་སེམས་ནུས་གཅིག་འགྲིལ་གྱིས་ལས་དོན་སྤེལ་དགོས། འགན་སྒྲུབ་བྱེད་སྒོའི་ཁྲོད་གྲངས་འབོར་དང་སྤུས་ཚད་ཀྱི་འབྲེལ་བ་ཤེས་རྟོགས་ཡང་དག་བྱས་ནས། གྲོས་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་ཐོག ཕྱོགས་ཡོངས་ནས་སྲིད་གྲོས་ཀྱི་ཇུས་འདོན་སྲིད་དོན་སྐྱོང་རོགས་བྱ་རྒྱུའི་གནད་ལ་འཁེལ་ཚད་དང་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་ལས་དོན་གྱི་མཉམ་ཤུགས་ཆགས་པ་བྱེད་དགོས། གཟིགས་ཞིབ་བརྟག་ཞིབ་ཀྱི་ལས་སྟེགས་དང་ཚོགས་འདུའི་ལས་སྟེགས་གང་ལེགས་སྤྱོད་པ་དང་། ཨུ་ཡོན་གྱི་སློབ་སྦྱོང་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། འབྲེལ་གཏུག་དང་ཞབས་ཞུ་ལེགས་བཅོས་གཏོང་བ་སོགས་འགན་སྒྲུབ་ཀྱི་ལག་ལེན་དངོས་ཀྱི་ཁྲོད་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་བྱེད་དགོས་ལ། ཕྱོགས་གཉིས་ཀས་ཤུགས་རྒྱག་པའི་ཐད་ཀར་དང་། གོ་ཆོད། ནུས་ཆེ་བཅས་ཀྱི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་དགོས། སྲིད་གྲོས་ཀྱི་ཆེད་དོན་ཨུ་ལྷན་ཁག་དང་ཐེ་ཞུགས་ཚན་པས་ཨུ་ཡོན་དང་རིགས་ཁོངས་ལ་འབྲེལ་གཏུག་བྱེད་པའི་ཁྲོད་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་ཆོས་དོན། ནང་བསྟན་མཐུན་ཚོགས་སོགས་སྡེ་ཚན་གྱིས་ལས་དོན་སྤེལ་བར་གཞོགས་འདེགས་བྱས་ཏེ། ཕྱོགས་གཅིག་ཏུ་ཤུགས་རྒྱག་པའི་མཉམ་ཤུགས་ཤིག་དངོས་འབྲེལ་ཆགས་ཐུབ་པ་བྱེད་དགོས། སྲིད་གྲོས་ཁོངས་གཏོགས་ཀྱི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། སྲིད་གྲོས་ཕྱོགས་ཁག་གི་ཐོན་ཁུངས་དང་སྟོབས་ཤུགས་སྒྲིལ་བཅོས་བྱས་ཏེ། འགན་སྒྲུབ་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་དགོས། རང་འགུལ་ངང་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་དང་ལེན་ཞུས་ཏེ་བོད་ཀྱི་ལས་དོན་ཁག་ལ་ཞབས་ཞུ་སྒྲུབ་དགོས། གཞི་རིམ་སྲིད་གྲོས་ལ་མཛུབ་ཁྲིད་རོགས་རམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལས་དོན་སྤེལ་རྒྱ་ཆེ་རུ་བཏང་ནས་གོང་འོག་མཉམ་འགུལ་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།
(བཞི)གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། འགན་འཁྲི་གཙང་སྒྲུབ་བྱེད་པའི“ནུས་པ་བཞི”ཆེ་རུ་ཧུར་ཐག་གཏོང་དགོས། རྒྱུན་ལས་ཨུ་ལྷན་གྱིས་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་དུས་རབས་གསར་པའི་སྲིད་གྲོས་ལས་ཀའི་སྤུས་འབྲས་ལེགས་སུ་གཏོང་རྒྱུར་སྐུལ་སྤེལ་གཏོང་བའི་རྨང་གཞི་དང་འགག་རྩར་བརྩིས་ནས། འཐབ་ས་དང་པོའི་ལས་དོན་སྡེ་ཚན་གྱི་བླང་བྱ་དང་ཚད་གཞིའི་ཐོག་ལངས་ཏེ། ཕྱོགས་ཡོངས་ནས་སྲིད་གྲོས་ཨུ་ཡོན་དང་། ཆེད་དོན་ཨུ་ལྷན། རིགས་ཁོངས་དང་སྲིད་གྲོས་ལས་ཁུངས་བཅས“ཕྱོགས་བཞི་གཞི་གཅིག་ཅན”འཛུགས་སྐྱོང་བྱ་རྒྱུར་སྐུལ་སྤེལ་གཏོང་དགོས། སྲིད་གྲོས་ཀྱི“དཔུང་ཁག་གཉིས”འཛུགས་སྐྱོང་བྱ་རྒྱུ་མངོན་ཆེར་བཟུང་སྟེ། སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ་བཅས་བྱ་རྒྱུ་དང་། དེ་བཞིན་སྒྲིག་ཁྲིམས་སྲུང་རྒྱུ་དང་། སྒྲིག་ལམ་ལ་སྣང་ཆེན་བྱ་རྒྱུ། སྤྱོད་ལམ་བཟང་དུ་གཏོང་རྒྱུ་བཅས་ཀྱི་བླང་བྱ་གཞིར་བཟུང་། སློབ་སྦྱོང་ལ་སྣང་ཆེན་བྱེད་པ་དང་། བྱང་ཚད་མཐོ་རུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་འགན་སྒྲུབ་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། དེའང་གཅིག་ནས་ཆབ་སྲིད་ཁོང་དུ་ཆུད་པའི་ནུས་པ་ཆེ་རུ་བཏང་སྟེ། ཡང་དག་པའི་འགན་སྒྲུབ་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་སྲིད་གྲོས་ལས་དོན་སྤེལ་བའི་ཆབ་སྲིད་ཀྱི་རང་རྟོགས་བྱེད་སེམས་བརྟན་དུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་འགན་འཁུར་རྒྱུ་དེ་གནས་བབ་མཐོ་ཤོས་སུ་བཞག་སྟེ་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་གནད་དོན་ལ་ངོས་འཛིན་དང་ཐག་གཅོད་བྱེད་མཁས་པོ་བྱས་ཐོགམི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ཀྱི་ངོ་བོ་ནི་འགན་ནུས་སྒྲུབ་པ་དང་ལས་དོན་སྤེལ་བའི་ཁྲོད་མངོན་པར་བྱེད་དགོས། གཉིས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། ཇུས་འདོན་སྲིད་དོན་སྐྱོང་རོགས་ཀྱི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་གཏོང་དགོས། ལོ་འཁོར་གྱི་གྲོས་མོལ་འཆར་གཞིར་དམིགས་ཏེ་འཇུག་སྒོ་གནད་འཁེལ་བདམས་ཐོག བརྟག་ཞིབ་ཀྱི་ཟབ་ཚད་དང་ཁྱབ་ཚད་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་སྟེ། ཐབས་འདོན་ཇུས་འདོན་གྱི་སྔོན་དཔག་རང་བཞིན་དང་། དམིགས་བཀར་རང་བཞིན། གནད་འཁེལ་ཡོང་ཚད་བཅས་ཆེ་རུ་བཏང་སྟེ། ལྟ་ཚུལ་མི་འདྲ་བ་དང་། དོན་སྙིང་ཟབ་པ། རིན་ཐང་ལྡན་པ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་དེ་བས་མང་བ་ཏང་སྲིད་ཀྱི་ཐབས་ཇུས་ནང་འཇུག་ཐུབ་པ་བྱེད་དགོས། གསུམ་ནས་མང་ཚོགས་དང་འབྲེལ་གཏུགས་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྲིད་གྲོས་འདི་ཉིད་གནས་ས་དམིགས་བསལ་ཡིན་པ་དང་རིགས་ཁོངས་མང་ཚོགས་ཁྲོད་སྲིད་གྲོས་ཨུ་ཡོན་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་སྤྱད་དེ་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་སྒྲིག་འཛུགས་དང་། ཁོང་ཚོར་དྲིལ་བསྒྲགས་དང་། སློབ་གསོ། ཁྲིད་སྟོན་བཅས་བྱ་རྒྱུའི་ལས་ཀ་མང་ཙམ་བྱེད་པ་དང་། བསམ་བློ་གཅིག་གྱུར་དང་། མི་སེམས་གཅིག་སྒྲིལ། འགལ་ཟླ་སེལ་བ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀ་མང་ཙམ་སྒྲུབ་དགོས། འཚུབ་ཆ་ཆེ་ས་དང་། ཉེན་ཁ་ཡོད་ས། དོ་ཁུར་བྱེད་ས་བཅས་ཀྱི་གནད་དོན་འགའ་ཞིག་ཐད་དུས་ཐོག་ཏུ་དམིགས་བཀར་རང་བཞིན་ཆེ་བ་དང་གནད་འཕིགས་ཐུབ་ཚད་ཆེ་བའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་པའི་ལས་དོན་སྤེལ་ཏེ། ངོས་འཛིན་གསལ་ལ་མི་གསལ་ལ་ཁྲིད་སྟོན་བྱེད་པ་དང་། ནོར་འཁྲུལ་གྱི་གཏམ་བརྗོད་ལ་འཐབ་རྩོད་བྱེད་ཕོད་པ། ནོར་འཁྲུལ་གྱི་བསམ་པའི་རླབས་རྒྱུན་གྱི་གནོད་སྐྱོན་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཆེས་རྒྱ་ཁྱབ་ངང་ཏང་གི་བྱ་གཞག་ཆེད་དུ་སེམས་ནུས་གཅིག་འགྲིལ་ཐུབ་པ་བྱེད་དགོས། བཞི་ནས་མཉམ་ལས་མཉམ་སྒྲུབ་བྱེད་ནུས་ཆེ་རུ་བཏང་སྟེ། མཐུན་སྒྲིལ་དང་དམངས་གཙོ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྩོད་སྒྲུབ་ཀྱི་བསམ་གཞི་དང་། གོང་འཕེལ་གྱི་མིག་རྒྱང་། ཞི་ལྷོད་ཀྱི་བསམ་པ། བསྟུན་མཁས་ཀྱི་བསམ་ཕྱོགས་བཅས་ཀྱི་ཐོག་ནས་མིག་སྔར་འཕྲད་པའི་འགལ་བ་དང་གནད་དོན་སྣ་ཚོགས་ལ་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་ཐག་གཅོད་གང་ལེགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དགེ་མཚན་ལྡན་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་དང་དྲང་ནུས་བསྡུ་རུབ་བྱེད་པའི་ལས་ཀ་མང་ཙམ་བསྒྲུབས་ནས་མཐུན་ཆ་ཆེ་ཤོས་ཡོང་བ་བྱས་ཏེ་ཀུན་སེམས་གཅིག་ཏུ་འགྲིལ་ཐུབ་པ་བྱེད་དགོས། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཏིང་ཟབ་སྤེལ་ཏེ། སྲིད་གྲོས་རྩ་འཛུགས་ཀྱི་ཆབ་སྲིད་དང་། བསམ་བློ། སྒྲིག་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་འཛུགས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཐོག དེ་དག་ཁྲོད་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་མགོ་ནས་མཇུག་བར་ཁྱབ་ཐུབ་པ་བྱེད་དགོས་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས།
ཨུ་ཡོན་རྣམ་པ། དུས་རབས་གསར་པར་ལས་འགན་གསར་པ་འཁུར་ཐུབ་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དགོངས་པ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་བྱས་ཏེ་དེ་བས་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བ། དེ་བཞིན་བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་60འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་60འཁོར་བ་བཅས་ལ་བསུ་བ་ཞུས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ལེན་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་མངོན་འགྱུར་བྱ་རྒྱུ་བཅས་ཀྱི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣