དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་ཏིང་ཡེ་ཤན་སོགས་ཀྱིས་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ལ་གཟིགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-09

    ཚེས་8ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུའེ་ཁྲེང་ཚང་། དྲུང་ཆེ་ལིའུ་ཀོང་ཤུས་བཅས་འཐུས་མིའི་བཞུགས་གནས་སུ་ཕེབས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་གཞི་རིམ་གྱི་འཐུས་མིར་ཚོགས་ཆུང་ཁག་བགོས་ཀྱིས་གཟིགས་གནང་བ་རེད།

    ལྷོ་ཁའི་འཐུས་མི་ཚོགས་པ་དང་ཉིང་ཁྲིའི་འཐུས་མི་ཚོགས་པའི་བཞུགས་གནས་སུ་བློ་བཟང་རྒྱལ་མཚན་གྱིས་གཞི་རིམ་གྱི་འཐུས་མི་རེ་རེ་བཞིན་ལ་ཕྱག་བཏང་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སེམས་ནུས་དང་རྔུལ་ཆུ་འདོན་མཁན་འཐུས་མི་ཚོར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ད་རེས་ཀྱི་ཚོགས་འདུ་ཡག་པོ་འཚོག་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་སྔར་བས་སྐུལ་སློང་བྱེད་པ་དང་སྐུལ་མ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ། ཀྲུང་དབྱང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དེར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།

    འཐུས་མི་ཚོས་ང་ཚོས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་ཏང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་ཆབ་སྲིད་ཀྱི་རྣམ་འགྱུར་ཐོག་ནས་ཆབ་སྲིད་ལ་སྣང་ཆེན་དང་།  སྤྱི་ཡོངས་ལ་ལྟ་རྟོག དོན་ཆེན་གླེང་བ་བཅས་བྱས་ཏེ་ད་རེས་ཀྱི་ཚོགས་ཆེན་ནན་ཏན་ངང་ཡག་པོ་འཚོགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

    ཚེས་8ཉིན། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ངག་དབང་། ཝང་ཡ་ལིན། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། བཀྲ་ཤིས་ཟླ་བ་བཅས་ཨུ་ཡོན་གྱི་བཞུགས་གནས་སུ་ཕེབས་ནས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་གཞི་རིམ་གྱི་སྲིད་གྲོས་ཨུ་ཡོན་ཚོར་གཟིགས་ནས་ཚང་མར་གཟི་བརྗིད་ལ་གཅེས་སྤྲས་དང་། འགན་འཁྲི་ནན་ཏན་ངང་སྒྲུབ་པ། ཐབས་དང་ཇུས་ཧུར་ཐག་འདོན་པ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་དོན་གཉེར་བཅས་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    ཏིང་ཡེ་ཤན་གྱིས་འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང། གཟིགས་སྐྱོང་། རྒྱབ་སྐྱོར་བཅས་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དང་། དམངས་འཚོའི་འདུ་འགོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་རིམ་ཁག་སྲིད་གྲོས་དང་ལྷག་པར་དུ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོའི་ཐུན་མོང་གི་འབད་བརྩོན་དང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།

    ཨུ་ཡོན་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་ངང་སྒྲུབ་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་ལ་ཕབ་པའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། སྲིད་གྲོས་ཨུ་ཡོན་གྱི་བླ་ན་མེད་པའི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ། ཐབས་འདོན་ཧུར་ཐག་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྙན་སྒྲོན་ཁག་ལ་གྲོས་ཞིབ་ནན་ཏན་བྱེད་པ། དམངས་གཙོའི་དབང་ཆ་ཡང་དག་སྤྱོད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་ཚོགས་འདུ་ཡག་པོ་ཚོགས་པ་བཅས་ཀྱི་ཐོག་ནས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།