དབུ་ཤོག>སྲིད་དོན།
  • བློ་མཐུན་ལི་རུའེ་ཧྥུའུ་དང་ཕུན་ཚོཌ་དབང་འདུས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ནས་དགོངས་ཞུ་དང་ལེན་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-07

    བློ་མཐུན་ལི་རུའེ་ཧྥུའུ་རྒན་ཡོལ་ཞུས་ཏེ་ལས་གནས་ལས་བྲལ་བ་དང་བློ་མཐུན་ཕུན་ཚོགས་དབང་འདུས་ལས་ཀ་ལེགས་སྒྲིག་བྱས་པའི་དབང་གིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ནས་དགོངས་པ་ཞུ་རྒྱུའི་རེ་ཞུ་ཕུལ་ཡོད། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པས་སྲིད་གྲོས་སྒྲིག་ཡིག་གི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་ལ་གཞིགས་ནས་བློ་མཐུན་ལི་རུའེ་ཧྥུའུ་དང་ཕུན་ཚོགས་དབང་འདུས་རྣམ་གཉིས་ཀྱི་རེ་ཞུ་དང་ལེན་བྱས་ནས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་ཐོ་འགོད་སྙན་སེང་ཞུས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།