དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྐབས་བཅུ་གཅིག་པས་ཀྲུའུ་རེན་ཚོགས་འདུ་ཐེངས་ཉེར་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-05

    ཚེས་3ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྐབས་བཅུ་གཅིག་པའི་ཀྲུའུ་རེན་ཚོགས་འདུ་ཐེངས་ཉེར་གསུམ་པ་གཙོ་སྐྱོང་གནང་བ་རེད། 

    ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་དོན་ཚན་ལ་ཞིབ་བཤེར་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ(འཆར་ཟིན)དང་། ཉིན་རེའི་གྲོས་རིམ(འཆར་ཟིན) ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོ(འཆར་ཟིན) ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་མཚན་ཐོ(འཆར་ཟིན) ལག་བསྟར་ཀྲུའུ་ཞི་ཚོགས་ཆུང་ཁག་བགོས་ཀྱི་མཚན་ཐོ(འཆར་ཟིན) དྲུང་ཆེ་གཞོན་པའི་མཚན་ཐོ(འཆར་ཟིན) ཟུར་ཞུགས་མི་སྣའི་མཚན་ཐོ(འཆར་ཟིན) འདེམས་བསྐོ་བྱ་ཐབས(འཆར་ཟིན) གྲོས་གཞིར་བརྡས་ཐག་གཅོད་ཐབས(འཆར་ཟིན) གྲོས་གཞི་འདོན་མཚམས་འཇོག་དུས་ཀྱི་གཏན་འབེབས(འཆར་ཟིན)སོགས་ལ་ཞིབ་འཇུག་བྱས་པ་རེད། 

    ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན(མ་ཟིན)》ལ་ཞིབ་འཇུག་བྱས་པ་དང་། ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དང་ཀྲུའུ་རེན་ཚོགས་འདུའི་ཐོག་བཏོན་པའི་བསམ་འཆར་གཞིར་བཟུང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་མ་ཟིན་ལ་སྔར་བས་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། 

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་ཉེར་ཡོད་པས། ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། དེར་བརྟེན་དེ་བས་ནན་ལ་ཞིབ་ཚགས་པ་དང་ཏན་ཏན་ཏིག་ཏིག་བྱེད་དགོས་པ་མ་ཟད། ད་དུང་བསམ་པའི་ཉམས་འགྱུར་བཟང་པོ་དང་། ལས་ཀའི་སྤྱོད་ཚུལ་ཏན་ཏིག ཚད་གཞི་མཐོ་པོ། སྤུས་ཚད་མཐོ་པོའི་སྒོ་ནས་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཚོགས་འདུ་བདེ་བླག་ངང་འཚོག་ཐུབ་པ་དང་ཐུགས་གྲ་ལེགས་འགྲིག་ཡོང་བར་ཕྱོགས་ཡོངས་ནས་ཞབས་ཞུ་དང་འགན་ལེན་བྱེད་དགོས། གཞན་ཡང་ལྷུ་ཚིགས་སྦྲེལ་མཐུད་ཡག་པོ་དང་། སྟོབས་ཤུགས་སྤྱི་འདོམས་ཡག་པོ། ལས་དོན་གཞོགས་འདེགས་ཡག་པོ། ལས་འགན་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་ད་ཐེངས་ཚོགས་ཆེན་གྱི་སྒྲིག་འཛུགས་དང་ཞབས་ཞུའི་ཆུ་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱས་ནས་ལྗོངས་ཏང་ཨུད་བློ་ཡིད་ཚིམ་པོ་དང་། འཐུས་མི་བློ་ཡིད་ཚིམ་པོ། མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།