ཁག་བདུན་པའི་གྲོང་སྡོད་ལས་དོན་སྤེལ་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། ལས་བྱེད་པ་གྲོང་སྡོད་ཀྱི“ལས་འགན་ཁག་བདུན”ལ་དམིགས་ནས་གྲོང་སྡོད་བཀོད་སྒྲིག་གནད་སྨིན་ལེཌ་སྒྲིག་དང་། གྲོང་སྡོད་ཀྱི་སྟོབས་ཤུགས་གནད་སྨིན་འདེམས་གཏོང་། དམིགས་ཚད་ཁ་གསལ་དང་གནད་འཕིཌ་ཤུཌ་འདོན་བཅས་བྱས་པ་དང་འབྲེལ། རྩ་འཛུཌ་འགོ་ཁྲིད་ལ་ཤུཌ་སྣོན་དང་། རྒྱབ་སྐྱོར་འགན་ལེན་ལ་ཤུགས་སྣོན། སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡག་པོ་བྱེད་པ་བཅས་བྱས་ཏེ་གྲོང་སྡོད་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
གྲོང་སྡོད་ལས་དོན་རུ་ཁག་ཁག་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་ཆབ་སྲིད་ལ་སྣང་ཆེན་དང་འགན་འཁྲིར་སྣང་ཆེན་དང་། ཁྱིམ་ཚང་ཆུང་ངུ་བློས་བཏང་ནས་ཁྱིམ་ཆེན་པོ་སྐྱོང་བ། འཐབ་ཕྱོགས་དང་པོར་འབད་འཐབ་དང་གཞི་རིམ་དུ་རྩ་བ་ཚུགས་པ། དཀའ་ངལ་སྣ་ཚོགས་ཁྱད་བསད་བཅས་བྱས་ཏེ། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་། དཀའ་གནད་སེལ་བ། བྱ་བཟང་བསྒྲུབ་པ་བཅས་བྱས་པ་མ་ཟད། ཁྲག་དང་རྔུལ་ཆུར་བརྟེན་ནས་མི་དམངས་ལ་དགའ་ཞེན་ཚད་མེད་བྱེད་པའི་ལེའུ་བརྩམས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་བསམ་པ་མངོན་པ་བྱས་ནས། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་དང་གདེང་འཇོག་ཡག་པོ་ཐོབ་པ་མ་ཟད། སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ཁག་གཅིག་ཀྱང་ཐོན་ཡོད།
སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་འཛུགས་པ་དང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གླིང་ཕྲན་གཉིས་ཁྲོམ་གཞུང་དོན་གཅོད་ཁང་འཇག་མ་གླིང་ཁའི་སྡེ་ཁུལ་གྲོང་ལྷན་དུ་བཅའ་སྡོད་ཁྲེང་ཀོན་ཆུས་ཀྱི་ལས་དོན་རུ་ཁག་སོགས་ལས་དོན་རུ་ཁག་128ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག”གི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། ཚེ་རིང་སྐར་མ་སོགས་གྲོང་སྡོད་ལས་བྱེད་པ875ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་གྲོང་སྡོད(གྲོང་ལྷན)ལས་དོན་རུ་མིའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་སོགས་ཚན་པ་260ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཕུལ་བྱུང་སྒྲིག་འཛུགས་ཚན་པའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། རང་སྐྱོང་ལྗོངས་རྨང་བརྟན་དམངས་ཕན་གཞུང་ལས་ཁང་ཕྱོགས་བསྡུས་ཚོགས་ཆུང་སོགས་ཚན་པ་20ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ། ཞུས་མིན་སོགས་བློ་མཐུན་150ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་ལས་དོན་པའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་མ་ཟད། གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་འཛིན་དང་། ཡང་འབད་བསྐྱར་འབད། སླར་ཡང་བྱས་རྗེས་གཏོད་རྒྱུ་བཅས་ཀྱི་རེ་བ་བཏོན་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་མིག་དཔེར་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་བཀོད་སྒྲིག་བླང་བྱར་གཞིགས་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དང་འགོ་འཛུགས་ས་དང་དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ། གྲོང་སྡོད་ལས་དོན་གྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་དང་། ཉམས་ཆུང་སྟོབས་ཆེར་གཏོང་བ་དང་ཞན་ཆ་གསབ་པ། གཞི་རིམ་གྱི་རྨང་གཞི་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གནད་དོན་ལ་གནད་འཕིགས་ཤུགས་འདོན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་འགན་འཁྲི་འཁུར་ཕོད་པ་དང“མཁྲེགས་སར་གཏུག་ཕོད་པ”ལས་བྱེད་པའི་གྲོང་སྡོད་ལས་དོན་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མི་རིགས་ཁག་གི་མང་ཚོགས་རྣམས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་མཁན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་མཁན། དབུལ་སྒྲོལ་ཕྱུག་འགྱུར་ལ་མཐའ་གཅིག་ཏུ་སྐུལ་འདེད་གཏོང་མཁན། སྒྱུར་བཅོས་སྒོ་དབྱེ་མཐའ་གཅིག་ཏུ་ལག་ལེན་བསྟར་མཁན་བཅས་སུ་འགྱུར་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ལྗོངས་ཡོངས་ཀྱི་ལས་བྱེད་པའི་གྲོང་སྡོད་ལས་དོན་འདེམས་གཏོང་གནད་ལ་འཁེལ་བ་དང་། བྱེད་ཐབས་ནུས་ལྡན། རོགས་རམ་ཏན་ཏིག མང་ཚོགས་བློ་ཡིད་ཚིམ་པ་བཅས་ཀྱི་འགན་ལེན་བྱས་ཏེ་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་འདོད་མངོན་འགྱུར་བཅས་བྱ་ཆེད་མུ་མཐུད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།