དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-17

    ཚེས་13ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་རྒྱལ་ཡོངས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 《〈དམག་དམངས་མཉམ་འདྲེས་འཕེལ་རྒྱས་འཐབ་ཇུས་ཀྱི་རྩ་གནད〉ལག་བསྟར་དོན་འཁྱོལ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར(ཞུས་དག་ལ་འབུལ་བའི་མ་ཟིན)》ལ་ཞིབ་འཇུག་གྲོས་བསྡུར། རང་ལྗོངས་ཀྱི་2018ལོའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ཕྱོགས་སྡོམ། 2019ལོའི་གཙོ་གནད་ལས་དོན་འཆར་འགོད་བཅས་བྱས་པ་རེད།

    ཀྲོང་ཡན་གྱིས་2018ལོར་རང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་རྩ་འཛུགས་དོ་དམ་གྱི་མ་ལག་གཞི་རྩའི་ཆ་ནས་ཆགས་པ་དང་། སྒྲིག་གཞི་ལམ་སྲོལ་འཛུགས་སྐྱོང་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ། མཐའ་མཚམས་ས་ཁུལ་འཕེལ་རྒྱས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ། དམག་དཔུང་དང་ས་གནས་མཉམ་རུབ་འགན་ལེན་ནུས་ལྡན་ཐུབ་པ། དམག་དམངས་གཉིས་བཀུར་མཉམ་སྐྲུན་གཅིག་མཐུན་ནུས་ལྡན་བྱུང་བ། ལྷག་པར་དུ་དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་གཞོགས་འདེགས་ནུས་ལྡན་འོག བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་ལས་དོན་དང“གཙང་པོ་གཉིས”ཀྱི་འཁྱིལ་མཚོའི་ཉེན་སེལ་གེགས་སེལ་ལས་དོན་ལེགས་གྲུབ་ཐུབ་པ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་ཡོངས་ནས་སྐུལ་འདེད་དང་འཕེལ་རྒྱལ་མགྱོགས་པའི་རྣམ་པ་བཟང་པོ་ཐོན་པ་བཅས་བྱུང་ནས་རང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད་ཅེས་གསུངས་པ་རེད། དེ་དང་ཆབས་ཅིག ཁོང་གིས་ལྗོངས་ཏང་ཨུད་དང་ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཀྲོང་ཡན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཀྲུང་དབྱང་གིས་བཏོན་པའི《དམག་དམངས་མཉམ་འདྲེས་འཐབ་ཇུས་ཀྱི་རྩ་གནད》ནི་དུས་རབས་གསར་པའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད། ལྗོངས་ཏང་ཨུད་དང་ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཚོགས་འདུ་ཐེངས་མང་འཚོགས་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་ཕྱོགས་སྟོན་མཐའ་འཁྱོངས། དམག་དམངས་མཐུན་སྦྱོར་སྐུལ་འདེད་མཐའ་འཁྱོངས་། འཕེལ་རྒྱས་དང་བདེ་འཇགས་ལ་ལྟ་རྟོག་དང་རྒྱལ་ཁབ་སྟོབས་འབྱོར་དང་དམག་དཔུང་སྟོབས་ཆེ་གཅིག་གྱུར་མཐའ་འཁྱོངས། དམག་དཔུང་འདུས་སྡོད་དང་དམངས་བདེ་གལ་ཆེ་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན། ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་བཅས་བྱས་ཏེ་གཞི་རྒྱུ་ཚང་བ་དང་། ཁྱབ་ཁོངས་མང་བ། ཕན་འབྲས་ཆེ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་དམག་དཔུང་དང་ས་གནས་ཕྱོགས་གཉིས་པོས་དམག་དམངས་མཉམ་འདྲེས་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། དམག་དོན་སྔོན་དུ་དང་དམག་དཔུང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་མངོན་གསལ་དོད་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། མཉམ་འདྲེས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་ཆགས་པ་བྱེད་དགོས། སྒྲིག་གཞི་དང་ལམ་སྲོལ་མཐུན་སྦྱོར་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དམག་དཔུང་དང་ས་གནས་ཀྱི་དགོས་མཁོར་སྤྱི་འདོམས་བྱེད་པ། འབྲེལ་མཐུད་མཐུན་སྦྱོར་ཡག་པོ་བྱེད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། བོད་སྡོད་དཔུང་སྡེའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམིགས་ཏེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་པ། ལས་འགན་དམིགས་ཚད་ཁ་གསལ་བཟོ་བ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།