དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-08

     ཚེས་5ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་2019ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཅང་ཅེས་ས་ཁུལ་ཁག་དང་གྲོང་ཁྱེར་ཁག་གིས་འཁོས་དཔག་ལས་སྒྲུབ་དང་རང་ནུས་གང་ཡོད་ཀྱི་རྩ་དོན་ལ་གཞིགས་ནས། 2019ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཆར་འགོད་དང་འཛུགས་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། གཅིག་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ཞིབ་འཇུག་གང་ལེགས་དང་དེ་གང་ལེགས་སྤྱད་ནས་སྣ་མང་མ་འཇོག་དང་ཕྱོགས་མང་གི་སྟོབས་ཤུགས་བསྡུ་སྒྲིལ་ལ་གཙིགས་ཆེན་དང་། དམིགས་ཚད་ལས་འགན་སྔར་བས་གསལ་དུ་གཏོང་བ། ཇུས་གཞི་མགྱོགས་མྱུར་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། གཉིས་ནས་སྤྱི་པའི་བོགས་གཏོང་སྡོད་ཁང་བསྐྲུན་རྒྱུ་གཞི་རིམ་དུ་ཕྱོགས་ནས་ད་ཡོད་ཀྱི་རྨང་གཞིའི་ཐོག་དུས་ཐོག་ཏུ་འཛུགས་སྐྲུན་འཆར་འགོད་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ་ས་བབ་མཐོ་བའི་རྫོང་དང་ཐག་རིང་ས་ཁུལ་གྱི་སྡོད་ཁང་གི་དགོས་མཁོ་གཙོ་གནད་ཐག་གཅོད་དང་ཡུལ་བབ་དང་བསྟུན་ནས་བྱེད་པོ་མང་བ་དང་ཐབས་ལམ་མང་བའི་སྡོད་ཁང་འགན་ལེན་མ་ལག་འཛུགས་དགོས། གསུམ་ནས་ལས་དོན་གྱི་བསམ་ཕྱོགས་གསར་གཏོད་དང་བྱེད་ཐབས་གང་ལེགས་སྤྱད་ནས་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་བྱེད་ཐབས་བཟང་པོ་དཔྱད་གཞིར་བཟུང་ནས་རྒྱུ་ནོར་ཕན་འབྲས་སླར་གསོ་དང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་དོ་དམ་གྱི་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་འགན་ལེན་སྡོད་ཁང་འཛུགས་སྐྲུན་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པ་དང་སེམས་གནས་ས་ཡོད་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།