དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པས་ཅི་ལིན་ཞིང་ཆེན་དང་ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོར་འཚམས་ལན་དང་གཟིགས་སྐོར་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-03

    བརྩེ་སེམས་ཟབ་མོ་བརྒྱུད་སྤྲོད་བྱས། བོད་སྐྱོར་ཇུས་ཆེན་མཉམ་དུ་གྲོས་བསྡུར་བྱས། ཟླ་11ཚེས་23ནས་ཚེས་26ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཅི་ལིན་ཞིང་ཆེན་དང་ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོར་འཚམས་ལན་ཞུ་བར་ཕེབས་ནས་སློབ་སྦྱོང་དང་རྟོག་ཞིབ་གནང་བ་དང་། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གཙོ་བོ་དང་བཞུགས་མོལ་གནང་བ། བོད་སྐྱོར་ལས་བྱེད་པའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་བོད་སྐྱོར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་ཚོ་330ལྷག་ཙམ་གྱིས་དུས་ཡུན་རིང་པོའི་ནང་སྒེར་སེམས་མེད་པར་རོགས་སྐྱོར་གནང་མཁན་ཅི་ལིན་ཞིང་ཆེན་གྱི་བཀའ་དྲིན་ཚོར་ལུགས་ལྷག་བསམ་རྣམ་དག་ངང་མཚོན་པར་བྱས་པ་རེད།

    ཅི་ལིན་ཞིང་ཨུད་ཀྱི་ཧྲུའུ་ཅི་པཱ་དབྱིན་ཁྲའོ་ལུའུ་ཡིས་བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པར་ཐུག་འཕྲད་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཅིང་ཅུན་ཧའེ་དང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀའོ་ཀོང་པིན་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་དགའ་མགུ་ཡི་རང་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་དང་ཁ་གཏད་བོད་སྐྱོར་གྱི་ལས་དོན་ལ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུན་རིང་བདེ་འཁོད་ལ་གཞི་འཛིན་ས་གཙོ་བོ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད་ལ། ང་ཚོས་དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཐད་ཁ་ཕྱོགས་ཀྱང་གསལ་སྟོན་གནང་ཡོད། ཧུའུ་པེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་བོད་སྐྱོར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན་ཡིན་པ་དང་། “གནད་སྨིན་བོད་སྐྱོར་ལ་བརྟེན་ནས་གནད་སྨིན་དབུལ་སྒྲོལ་ལ”སྔར་བས་དམིགས་པ་དང་། དབུལ་སྒྲོལ་བྱེད་སྐབས་འབྲེལ་ཐག་མི་ཆད་དང་དབུལ་སྒྲོལ་བྱེད་སྐབས་སྲིད་ཇུས་དང་མི་འབྲལ་བ་མཐའ་འཁྱོངས་བྱས་ཏེ་ཐོན་ལས་བོད་སྐྱོར་དང་། རྣམ་གྲངས་བོད་སྐྱོར། སློབ་གསོ་སྨན་བཅོས་བོད་སྐྱོར། ལས་ཞུགས་བོད་སྐྱོར། ཚན་རྩལ་བོད་སྐྱོར། ལས་བྱེད་ཤེས་ལྡན་པའི་བོད་སྐྱོར་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྔོན་གཏན་འཁེལ་བའི་བོད་སྐྱོར་གྱི་རྣམ་གྲངས་དོན་འཁྱོལ་ཞིབ་ཚགས་དང་མཐིལ་ཕྱིན་བྱ་རྒྱུ་ཡིན། ཁ་གཏད་བོད་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ཁོ་ན་ནས་རྒྱུ་ནོར་ཡོང་ཁུངས་སྐྱེད་སྲིང་དང་རང་རྟེན་འཇོན་ཐང་ཆེ་རུ་གཏོང་བར་འགྱུར་བ་དང་། ཕྱོགས་རྐྱང་པའི་ལས་བྱེད་པའི་རོགས་སྐྱོར་ནས་ཕྱོགས་བསྡུས་རང་བཞིན་གྱི་ཤེས་ལྡན་པ་དང་། ལག་རྩལ། དོ་དམ་བཅས་ཀྱི་རོགས་སྐྱོར་དུ་འགྱུར་བ། ཕྱོགས་རྐྱང་པའི་རོགས་སྐྱོར་ནས་ཕྱོགས་གཉིས་དབར་མཉམ་ལས་བྱེད་པར་འགྱུར་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ་ཡིན། ཧུའུ་པེ་དང་བོད་ལྗོངས་ས་གནས་གཉིས་ཀྱི་མཉམ་ལས་སྤེལ་རེས་སྔར་བས་ཟབ་ཏུ་བཏང་ནས་ཧུའུ་པེའི་ཁེ་ལས་དེ་བས་མང་བས་བོད་དུ་མ་དངུལ་བཞག་སྟེ་ལས་རིགས་དར་རྒྱས་ལ་ཁྲིད་སྟོན་བྱས་ཏེ། ས་གནས་གཉིས་ཀྱི་ལས་བྱེད་པ་དང་ཤེས་ལྡན་པ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གང་ཐུབ་བྱེད་པ། ས་གནས་གཉིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་སེམས་ཁུར་དང་གཅེས་སྐྱོང་སྔར་ལས་ལྷག་པ་བྱེད་པ། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་དགུ་པ་འདེམས་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱིས་ཁ་གཏད་བོད་སྐྱོར་གྱི་ལས་དོན་འབྲེལ་མཐུད་ནུས་ལྡན་དང་རྒྱུན་མཐུད་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཧུའུ་པེས་དུས་ཡུན་རིང་པོར་བོད་ལ་དམིགས་བསལ་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་འཕེལ་རྒྱས་ཚང་མ་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། ཧུའུ་པེ་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་སྟེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། སྣོད་བཅུད་སྲུང་སྐྱོང་། དམངས་འཚོའི་བྱ་གཞག ཐོན་ལས་འཕེལ་རྒྱས། ལས་གཏོད་ལས་ཞུགས་སོགས་གཙོ་གནད་ལས་དོན་ལ་རོགས་རམ་གནང་རྒྱུའི་རེ་བ་འཆང་བཞིན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན་ཞེས་གསུངས།

    འཚམས་ལན་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་དང་བོད་ལྗོངས་འཛུགས་སྐྲུན་གནང་མཁན་དང་ཁོང་ཚོའི་ནང་མིའི་འཐུས་མི། དེ་བཞིན་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་བོད་རིགས་སློབ་མ་བཅས་ལ་འཚམས་འདྲི་གནང་བ་རེད།

    ཤར་རླུང་རྟགས་ཅན་རླངས་འཁོར་ཚོགས་པ་ཀུང་སི་དང་བཞུགས་མོལ་གནང་སྐབས། བློ་བཟང་རྒྱལ་མཚན་གྱིས་ཤར་རླུང་ཀུང་སིས་ཀྲུང་དབྱང་གི་ཐབས་ཇུས་མཐའ་གཅིག་ཏུ་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་མདོར་རོགས་སྐྱོར་བྱེད་པ་ནི་གཟི་བརྗིད་ལྡན་པའི་འོས་འགན་དང་འགན་འཁྲིར་བརྩིས་ནས་འཇུངས་པ་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བས། དགའ་འོས་པའི་བོད་སྐྱོར་གྱི་གྲུབ་འབྲས་མང་པོ་ཐོབ་ཡོད། རེ་བར་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།