དབུ་ཤོག>སྲིད་དོན།
  • 《〈བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་རྩ་གནད〉ལག་བསྟར་དུས་དཀྱིལ་དཔྱད་དཔོག་བྱས་ཚུལ་གྱི་སྙན་ཞུའི》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ཨུད་ཀྱི་གྲོས་ཆོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-29

    རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག 《རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་རྩ་གནད》ལག་བསྟར་དུས་དཀྱིལ་དཔྱད་དཔོག་བྱས་ཚུལ་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་གསན་ནས་གྲོས་ཞིབ་གནང་བ་རེད།

    ཚོགས་འདུས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བསམ་འཆར་ལ་མོས་མཐུན་གནང་བ་དང་། 《རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་རྩ་གནད》ལག་བསྟར་དུས་དཀྱིལ་དཔྱད་དཔོག་བྱས་ཚུལ་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར་མོས་མཐུན་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཏོན་པའི་འཆར་གཞིའི་རྩ་གནད་ནང་བཟོ་ལས་གནས་ཐང་འཕར་ཚད་དང་གྲོང་ཁྱེར་གྲོང་རྡལ་གྱི་ཆུ་སྙིགས་ཕྱོགས་བསྡུས་གཙང་སེལ་བྱེད་ཚད། གྲོང་ཁྱེར་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་གཙང་སེལ་བྱེད་ཚད་བཅས་ཁག་གསུམ་གྱི་སྔོན་དཔག་རང་བཞིན་གྱི་ཚད་གཞི་ལེགས་སྒྲིག་བྱེད་རྒྱུའི་བསམ་གྲོས་ལ་ཆོག་མཆན་སྤྲད་གནང་བ་རེད།

    (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།