དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་ཁུངས་སྒྱུར་བཅོས་དང་འབྲེལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་ལེགས་སྒྲིག་བྱེད་རྒྱུའི་གནད་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-29

    ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཕྱིར། 《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིའི》ནང་གཏན་འཁེལ་བའི་རྩ་དོན་གཞིར་བཟུང་། བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུ་དང་ལས་དོན་སྤེལ་རྒྱུ་འགན་སྲུང་དང་། ལས་ཁུངས་སྒྲིག་འགོད་དང་འགན་ནུས་སྒྲིག་སྦྱོར་ལེགས་འགྱུར་དང་། མཐུན་འགྲིག ནུས་མཐོ་བཅས་ལ་སྐུལ་འདེད་བཏང་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་ཁུངས་སྒྱུར་བཅོས་དང་འབྲེལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་ལེགས་སྒྲིག་བྱེད་རྒྱུའི་གནད་དོན་ཐད་གཤམ་གསལ་གཏན་འབེབས་བྱ་རྒྱུ་ཡིན།

    གཅིག ད་ལྟ་ལག་བསྟར་བྱེད་མུས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་དང་ལས་དོན་ནི། 《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིའི》ནང་བསྐྱར་སྒྲིག་ཟིན་པའི་སྲིད་འཛིན་ལས་ཁུངས་སམ་ཡང་ན་འགན་འཁྲི་བཅད་ལེན་བྱས་པའི་སྲིད་འཛིན་ལས་ཁུངས་ཀྱིས་འགན་ཁུར་དགོས་པ་དང་། བསྐྱར་སྒྲིག་ཟིན་པའི་སྲིད་འཛིན་ལས་ཁུངས་སམ་ཡང་ན་འགན་འཁྲི་བཅད་ལེན་བྱས་པའི་སྲིད་འཛིན་ལས་ཁུངས་ཀྱིས་འགན་ཁུར་རྒྱུ། འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གཏན་འབེབས་མ་བྱས་གོང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་གཏན་འབེབས་ལེགས་སྒྲིག་སྤྱོད་འཐུས་བྱས་ནས་འབྲེལ་ཡོད་འགན་འཁྲི་ལེགས་སྒྲིག་གནད་འཁེལ་མ་བྱུང་གོང་། དེ་སྔོན་གྱི་འགན་འཁྲི་དང་ལས་དོན་འགན་ཁུར་མཁན་སྲིད་འཛིན་ལས་ཁུངས་ཀྱིས་མུ་མཐུད་འགན་ཁུར་རྒྱུ་ཞེས་གཏན་འབེབས་བྱས་ཡོད།

    རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་འཛིན་ལས་ཁུངས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྲིད་འཛིན་ལས་ཁུངས་ནས་འགན་ཁུར་བའི་འགན་འཁྲི་དང་ལས་དོན་ལེགས་སྒྲིག་བྱེད་དགོས་པ་གོང་གསལ་རྩ་དོན་བཞིན་ལག་བསྟར་བྱེད་རྒྱུ།

    གཉིས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་། གོང་རིམ་སྲིད་འཛིན་ལས་ཁུངས་ནས་འོག་རིམ་སྲིད་འཛིན་ལས་ཁུངས་ལ་དོ་དམ་དང་། ལྟ་སྐུལ། མཛུབ་སྟོན་སོགས་ཀྱི་འགན་འཁྲི་གཏན་འཁེལ་བྱས་པར་གོང་རིམ་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་ལེགས་སྒྲིག་དམིགས་སར་སླེབས་པ་དང་འོག་རིམ་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་ལེགས་སྒྲིག་དམིགས་སར་མ་སླེབས་པར《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིའི》ནང་འགན་འཁྲི་འདི་ཁུར་དགོས་པའི་གོང་རིམ་སྲིད་འཛིན་ལས་ཁུངས་ནས་དོ་དམ་དང་། ལྟ་སྐུལ། མཛུབ་སྟོན་སོགས་ཀྱི་འགན་འཁྲི་ཁུར་རྒྱུ་ཞེས་གཏན་འཁེལ་བྱས་ཡོད།

    གསུམ། 《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི》ལག་བསྟར་བྱེད་སྐབས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་འགོད་དང་བཟོ་བཅོས་དང་མཁོ་མེད་དུ་གཏོང་བའམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་གཏན་འབེབས་བྱས་པའི་མཚམས་སུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་གྲོས་གཞི་བཏོན་ནས་ཁྲིམས་ལུགས་ཀྱི་གོ་རིམ་ལྟར་གྲོས་ཞིབ་བྱེད་རྒྱུར་འབུལ་དགོས།

    བཞི། རང་སྐྱོང་ལྗོངས་ཀྱིས་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་ཚན་པས་སྒྲིག་འཛུགས་དམ་ཚགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འཁོད་འགན་འཁྲི་སྒྲུབ་པ་དང་། ལས་དོན་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན། ཕན་ནུས་རང་བཞིན་བཅས་སྤེལ་རྒྱུར་འགན་སྲུང་བྱེད་རྒྱུ། ལྷག་དོན་དུ་དམངས་འཚོ་དང་། འཕྲལ་རྐྱེན་མྱུར་སེལ། ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད། བརྟན་ལྷིང་སྲུང་སྐྱོང་སོགས་དང་འབྲེལ་བའི་གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་ལེགས་པོ་སྒྲུབ་རྒྱུ། གོང་རིམ་སྲིད་འཛིན་ལས་ཁུངས་ཀྱིས་འོག་རིམ་སྲིད་འཛིན་ལས་ཁུངས་ལ་ལྟ་སྐུལ་དང་མཛུབ་སྟོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་གསར་དུ་འཛུགས་པ་དང་། འགན་འཁྲི་བཅད་ལེན། འགན་འཁྲི་བཅད་སྤྲོད་ཚན་པས་རང་འགུལ་ངང་འབྲེལ་མཐུད་བཅས་བྱེད་དགོས་པ་དང་། རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་བར་རྒྱུན་ཆད་པ། རང་འགན་གཞན་དཀྲི དགོས་པའི་ལས་མི་བྱེད་པར། མི་དགོས་ལས་རྙོག་བཟོ་བ་བཅས་སྔོན་འགོག་གིས་སྤྱི་དམངས་དང་། ཁྲིམས་ཚན། དེ་མིན་རྩ་འཛུགས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་དགོས།

    ལྔ། གཏན་འབེབས་འདི་ཉིད་2018ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།