དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པ་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-29

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་ཟླ་11ཚེས་27ཉིན་གྱི་ཕྱི་དྲོར་གྲོལ་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། མ་ཧྲེན་ཁྲང་། ཞུས་ཁྲེང་ཚང་། དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་པ་རེད།

    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས〉ལག་བསྟར་བྱེད་པའི་བྱེད་ཐབས》ལ་གྲོས་འཆམ་བྱུང་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་དེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་དང་འབྲེལ་བའི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་ལེགས་སྒྲིག་གནད་དོན་སྐོར་གྱི་གཏན་འབེབས་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཚམས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྩ་གནད་ལག་བསྟར་དུས་འབྲིང་གི་དཔྱད་དཔོག་སྙན་ཞུ་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་མ་ཟད། མི་དོན་བསྐོ་འཐེན་གྱི་དོན་གནད་ལ་གྲོས་འཆམ་བྱུང་ནས་ལས་གནས་བསྐོ་གཞག་ཡི་གེའང་སྤྲད་པ་རེད།

    ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལྷ་ས་གྲོང་ཁྱེར་གྱི་གྲོང་སྡེ་འཆར་འགོད་འཛུགས་སྐྲུན་དོ་དམ་སྲོལ་ཡིག་ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གཏན་འབེབས་དང་ལྷ་ས་གྲོང་ཁྱེར་གྱི་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག་ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་གའི་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ད་ཐེངས་ཀྱི་ལས་དོན་གྱི་འགོ་ཡག་པོ་ཞིག་བཙུགས་ཡོད། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱེད་པ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། “གདེང་ཚོད་བཞི”ཐོག་མཐའ་བར་གསུམ་དུ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཏན་ཏིག་སྒྲུབ་པ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་གང་ལེགས་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་པས་ཏང་གི་དགོངས་ཚུལ་དེ་ཁྲིམས་བཀོད་འགྲོ་ལུགས་བརྒྱུད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འདོད་འདུན་དང་བྱ་སྤྱོད་དུ་འགྱུར་རྒྱུར་འགན་ལེན་བྱས་ཡོད། རང་རྟོགས་ངང་ཁྲིམས་བཞིན་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ལ་སྐུལ་སྤེལ་གཏོང་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་རྩ་བའི་ཤུགས་རྒྱག་སར་བྱས་ནས་ཁྲིམས་ལྟར་ཁྲིམས་འཛུགས་དང་། ལྟ་སྐུལ། གཏན་འབེབས། བསྐོ་གཞག་བཅས་ཀྱི་དབང་ཆ་ལག་བསྟར་བྱས་ཏེ་བོད་བརྟན་བོད་དར་དམངས་ཕྱུག་ཐད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ནུས་པ་གལ་ཆེན་བཏོན་ཡོད། རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཡར་རྒྱས་འགྲོ་བར་སྤྱི་ཡོངས་ནས་སྐུལ་སྤེལ་བཏང་ནས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་མཚོན་པ་དང་། སྤྱི་ཡོངས་མཉམ་ཤུགས་དང་། སྤྱི་ཡོངས་མཉམ་འགུལ། འབྲེལ་གཏུག་མཛུབ་ཁྲིད། འཚོལ་ཞིབ་གསར་གཏོད་བཅས་ཐད་ཤུགས་སྣོན་རྒྱག་རྒྱུར་དམ་འཛིན་བྱས་པས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བར་བྱས་ཡོད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འཚོགས་པ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་བླང་བྱར་དམ་པོར་གཞིགས་པ་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་ནས་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།