དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-28

    ཚེས་26ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་བོད་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་གི་བཞུགས་མོལ་ཚོགས་འདུ་ལྷ་སར་གཙོ་སྐྱོང་གནང་བ་དང་སྦྲཌ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སོགས་ཐད་ཀྱི་འཐུས་མི་ཚོའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པར་ཟུར་ཞུགས་གནང་མཁན་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་12བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག མིག་དམར་རྒོད་སྐྱེས་དང་། རྡོ་རྗེ། ནོར་བུ་བསྟན་འཛིན། ཐང་ཡུང་། ལུའོ་ཝུན་ཅིན། མཆོག་ཚེ་རིང་། སྒྲོལ་མ། ཐུབ་བསྟན། དེ་པ་སྐལ་བཟང་། ངག་དབང་པད་མ། མིག་དམར་ཚེ་རིང་། གཡུ་སྒྲོན་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སོ་སོའི་འགན་སྒྲུབ་ལག་ལེན་དང་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ཉིད་ཀྱི་མྱོང་ཚོར་གླེང་བ་མ་ཟད་ད་དུང་གྲོས་འགོ་ཡང་བཏོན་པ་དང་། བློ་བཟང་རྒྱལ་མཚན་གྱིས་གསན་ཞོར་དུ་ཟིན་བྲིས་བསྐྱོན་གནང་བ་དང་། ད་དུང་མཚམས་མཚམས་སུ་གཏམ་ལྕེབས་གནང་ནས་ཚང་མ་དང་མཉམ་དུ་སྤེལ་རེས་འཁྲུག་པོ་དང་གྲོས་བསྡུར་གཏིང་ཟབ་གནང་བ་རེད། ཁོང་གིས། འཐུས་མི་རྣམ་པས་མང་ཚོགས་ཁྲོད་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བཞིན་ཡོད་པས། གཞི་རིམ་གྱི་གནས་ཚུལ་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་དང་རྩ་ཁྲིམས་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་རེ་བ་བཅས་གསལ་པོར་ཤེས་ཀྱི་རེད། དེ་རིང་ཚང་མས་གང་དྲན་ལྷུག་པོར་གླེང་ནས་གཞི་རིམ་གྱི་གནས་ཚུལ་དང་། མང་ཚོགས་ཀྱི་རེ་འབོད། གྲོས་འགོ་སོགས་ཚང་མ་གོང་ཞུ་བྱས་པ་ཉན་རྗེས་ང་ལ་བློ་སྐྱེད་ཆེན་པོ་ཐོབ་བྱུང་། ང་ཚོས་ཁྱེད་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་བྱས་ནས་དང་ལེན་ཞུ་རྒྱུ་ཡིན། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྒྲུབ་པར་མང་ཚོགས་དང་འབྲེལ་འདྲིས་བྱས་ན་གཞི་ནས་ནུས་པ་ཆེན་པོ་ཐོན་ཐུབ། གོམ་སྟབས་རྗེས་མར་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་དང་བླང་བྱར་སྔར་བས་འཚམ་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རིམ་ཁག་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཞབས་ཞུའི་འདུ་ཤེས་ཟབ་མོ་བཙུགས་ནས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ་སྤུས་ཚད་མཐོ་བའི་ཞབས་ཞུའི་འགན་ལེན་བྱས་ཡོད། འཐུས་མིའི་ལས་ཀའི་ཆོས་ཉིད་ལ་བརྩི་སྲུང་དང་ཁོང་དུ་ཆུད་པ་བྱེད་པ་དང་། འཐུས་མིའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་ཁོངས་མིས་འཐུས་མིར་འབྲེལ་གཏུག་བྱེད་པ་དང་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་བྱེད་དགོས་པ་དང་། འཐུས་མི་རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ལྷན་གྱི་ལས་དོན་ནང་ཞུགས་རྒྱ་ཆེ་རུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཙུགས་དང་ལྟ་སྐུལ་ལས་དོན་གྱི་ཕན་འབྲས་དངོས་སྔར་བས་ཆེ་རུ་གཏོང་དགོས་པ། འཐུས་མིའི་གྲོས་གཞིར་གྲོས་ཞིབ་ནན་ཏན་དང་འཐུས་མིའི་གྲོས་འགོ་ཉན་ནས་བྱ་བ་ཚང་མ་དོན་འཁྱོལ་ཐུབ་པ་དང་དོན་ཚང་མར་ལན་ཡོད་པ་བྱས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་དང་ལེན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།