དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་ཏང་ཡོན་དཀྱུས་མ་ཞིག་གི་ཐོག་ནས་ཏང་ཀྲི་པུའི་ཆེད་དོན་སློབ་སྦྱོང་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-26

    ཚེས་23ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཏང་ཡོན་དཀྱུས་མ་ཞིག་གི་ཐོག་ནས་ཁོང་གནས་ཡུལ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་དྲུང་ཡིག་ཁྲུའི་ཆ་འཕྲིན་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཆེད་དོན་སློབ་སྦྱོང་ཚོགས་འདུར་ཞུགས་ནས་ཀྲི་པུའི་བློ་མཐུན་དང་ལྷན་དུ་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་ལས་ཁུངས་ཀྱི་ཏང་གི་སློབ་ཚན་ཐོག་བློ་མཐུན་ཏིང་ཞུའེ་ཞང་གིས་གནང་བའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་གནང་བ་རེད།

    སློབ་སྦྱོང་ཚོགས་འདུའི་ཐོག་ཀྲི་པུའི་བློ་མཐུན་ཚོས་གཏམ་བཤད་ཧུར་ཐག་སྤེལ་བ་དང་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་ལྷུག་གླེང་བྱས། ཆེད་དོན་སློབ་སྦྱོང་ཚོགས་འདུའི་ཐོག་སྤེལ་རེས་གཏིང་ཟབ་བྱས་པ་དང་རྣམ་པ་ཧ་ཅང་འཁྲུག་པོ་བྱུང་ཡོད།

    གཏམ་བཤད་སྤེལ་རིང་བློ་བཟང་རྒྱལ་མཚན་གྱིས་ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་དང་བྱས་རྗེས་འཇོག་པ་ནི་ཚད་ལོན་པའི་ཏང་ཡོན་ཞིག་གི་རྩ་བའི་བླང་བྱ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པར་ལྡན་དགོས་པའི་བསམ་པའི་འཁྱེར་སོ་དང་རིན་ཐང་གི་དོན་གཉེར་ཞིག་ཀྱང་རེད། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”ཟམ་མི་ཆད་པར་ཟབ་ཏུ་བཏང་ནས“སྲུང་སྐྱོང་གཉིས”ཏན་ཏིག་ཐུབ་པ་བྱས་ཐོག་ཆབ་སྲིད་ལ་སྣང་ཆེན་དང་དད་སེམས་ལྡན་པ་དང་། སྒྲིག་ལམ་ལ་སྣང་ཆེན་དང་སྒྲིག་ཁྲིམས་ལྡན་པ། ཀུན་སྤྱོད་ལ་སྣང་ཆེན་དང་སྤྱོད་ལམ་བཟང་བ།

    ལེགས་སྐྱེས་ལ་སྣང་ཆེན་དང་བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་ཚད་ལོན་པའི་ཏང་ཡོན་ཞིག་བྱེད་དགོས་པ་དང་། འགན་འཁྲི་དང་ལས་འགན་བརྟན་པོ་ངེས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་དགོས་པ་དང་། ལྷག་པར་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཡིན་མིན་ཆེན་པོའི་གནད་དོན་དང་འབྲེལ་བ་ཡོད་པའི་ཐད་ངེས་པར་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། རྣམ་འགྱུར་བློ་ཐག་ཆོད་པོ། གོམ་སྟབས་གཅིག་མཚུངས། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད་བཅས་ཡོང་བ་བྱེད་དགོས་པ། ལས་བྱེད་པ་ཡག་པོའི་ཚད་གཞི་བརྩི་སྲུང་དང་ལག་བསྟར་བྱས་ཏེ་ཡིན་མིན་ཆེན་པོ་དབྱེ་འབྱེད་ཐུབ་པའི་ལངས་ཕྱོགས་ཐད་རིག་པ་ཧ་ཅང་དྭངས་གསལ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ཧ་ཅང་བློ་ཐག་ཆོད་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཧ་ཅང་ལྷག་བསམ་རྣམ་དག་བཅས་ཏན་ཏིག་བྱེད་ཐུབ་པ་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་བཅས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གནས་བབ་གལ་ཆེན་ཐོག་བཞག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཐོག་ཕུགས་བསམ་དད་སེམས་ཀྱི་རྟེན་ས་བཙུགས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དང་། གྲོས་མོལ་གྱི་སྒྲིག་སྲོལ། ཡིག་ཆ་འབྲི་བ་དང་ཚོགས་འདུ་ཚོགས་པ་སོགས་ཀྱི་ལས་སྒོའི་ཤེས་བྱ་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡིག་རིགས་ཀྱི་ཕྱོགས་བསྡུས་དང་། རྩ་འཛུགས་མཐུན་སྦྱོར། བརྟག་དཔྱད་ཞིབ་འཇུག ཞབས་ཞུ་འགན་ལེན་བཅས་ཀྱི་གཞི་རྩའི་ནུས་པ་རིགས་བཞི་ཆེ་རུ་ནུས་ལྡན་བཏང་ཐོག་ལས་གནས་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་དགོས་པ། སྒྲིག་ལམ་ལ་སྣང་ཆེན་དང་མཐུན་སྒྲིལ་ལ་སྣང་ཆེན་བྱས་ཏེ་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་ལས་སྒྲུབ་ལས་གཏོད་དང་གསར་གཏོད་ཡར་བརྩོན་གྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་སྤུས་རྟགས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་འཕྲལ་དུ་སྒྲུབ་པ་དང་ལས་དོན་ཡག་པོ་སྒྲུབ་པའི་ལས་ཀའི་སྤྱོད་ཚུལ་སྐྱེད་སྲིང་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ཚང་མ་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།