དབུ་ཤོག>སྲིད་དོན།
  • ཅང་ཅེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-24

    ཚེས་22ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། འཛུགས་སྐྲུན་རང་བཞིན་གྱི་ཁེ་ལས་ཀྱི་བོད་ཀྱི་ཁོངས་གཏོགས་ཁུལ་དུ་ཁྲིམས་མི་ཐོ་འགོད་དང་ལས་མི་བསྡུ་ལེན་ལས་དོན་ལ་ཞིབ་འཇུག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ལས་མི་བསྡུ་ལེན་དང་ཁེ་ལས་འཕེལ་རྒྱས་ཀྱི་འགག་རྩ་གཉིས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་དགོས་པ་དང་། འཛུགས་སྐྲུན་རང་བཞིན་གྱི་ཁེ་ལས་ཀྱི་བོད་ཀྱི་ཁོངས་གཏོགས་ཁུལ་དུ་ཁྲིམས་མི་ཐོ་འགོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཅང་ཅེས་རིམ་ཁག་སྡེ་ཚན་ཁག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་ཨུ་ཡོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་། གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་བྱེད་པ། ཁྲིམས་ལྟར་སྲིད་འཛིན་གྱི་འདུ་ཤེས་བརྟན་པོར་འཛུགས་པ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་ས་གནས་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་ལེན་དང་། ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་ཐུབ་པར་བྱ་རྒྱུ། ཁེ་ལས་ཀྱི་ཡུལ་གཏོགས་ཅན་གྱི་ཐོ་འགོད་ལས་དོན་སྤེལ་རྒྱུ་བཅས་དང་ཟུང་འབྲེལ་བྱེད་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་པོས་འཚོལ་བ། རང་ལྗོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། རང་སྐྱོང་ལྗོངས་ཀྱི་ལས་ཞུགས་སྲིད་ཇུས་དང་ཁེ་ལས་ཀྱི་ཕན་འབྲས་གཉིས་ཟུང་འབྲེལ་དམ་ཚགས་ཡོང་བ་བཅས་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་དུ་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།