དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྐབས་བཅུ་གཅིག་པའི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དགུ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-23

    ཚེས་21ཉིན་གྱི་སྔ་དྲོ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དགུ་པ་ལྷ་སར་འཚོགས་པ་རེད།

    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་ཁོས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གནང་བ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། བསོད་ནམས་རིག་འཛིན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག《ཨུ་ཡོན་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བྱ་ཐབས》དང《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་གྱི་ཏང་ཕྱིའི་ཨུ་ཡོན་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས》སོགས་ལས་ཀའི་ལམ་ལུགས་ལ་གྲོས་ཞིབ་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཨུ་ཡོན་ནི་སྲིད་གྲོས་ལས་དོན་གྱི་བྱེད་པོ་ཡིན་པ་དང་། ཨུ་ཡོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་རྩ་སྲ་རྨང་བརྟན་གྱི་བྱ་ཐབས་ཤིག་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དང་འཚམ་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། འབྲེལ་ཡོད་ཚན་པས་ལམ་ལུགས་དང་བྱ་ཐབས་དམིགས་སར་དོན་འཁྱོལ་ངོ་མ་བྱེད་པ་དང་། ཨུ་ཡོན་དང་འབྲེལ་གཏུག་དང་། ཞབས་ཞུ། དོ་དམ་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་འབྲེལ་གཏུག་རྒྱུན་ལྡན་ཅན་དང་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བ་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་གིས་སྲིད་གྲོས་རྩ་འཛུགས་ཀྱིས་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་སོགས་ཀྱི་ཆབ་སྲིད་བླང་བྱར་ངོས་འཛིན་སྔར་བས་བྱེད་ཟབ་ཏུ་བཏང་ནས་སྲིད་གྲོས་ཨུ་ཡོན་རིགས་ཁོངས་ཁག་གིས་མང་ཚོགས་ཁྲོད་བསྐྱོད་རྒྱུར་ལྕག་སྐུལ་གཏོང་བ་དང་རྒྱབ་སྐྱོར་བྱས་ཏེ། སྲིད་ཇུས་དྲིལ་བསྒྲགས་དང་སྤྱི་ཚོགས་ཀྱི་ཁྲིད་སྟོན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་སྟེ་དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་ལེའུ་གསར་པ་མཉམ་དུ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།