དབུ་ཤོག>སྲིད་དོན།
  • ཆེ་དགྲ་ལྷས་ལྗོངས་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-19

    ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ཞིང་། “དྲ་སྦྲེལ+སྲིད་དོན་ཞབས་ཞུ”འཛུགས་སྐྱོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཐད་བསྐྱར་དུ་ནན་བཤད་དང་ཡང་བསྐྱར་བཀོད་སྒྲིག་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་ཚོགས་འདུར་ཕེབས་པ་རེད། 

    འབྲེལ་ཡོད་སྡེ་ཚན་གྱི་གནས་ཚུལ་སྙན་སེང་གསན་རྗེས་ཆེ་དགྲ་ལྷས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བཅས་བྱས་ཏེ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་ལྔ་པར་སྤྱི་ཁྱབ་ཧྲུའུ་ཅིས་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “སྲིད་དོན་ཞབས་འདེགས་དྲ་བ་གཅིག་ནས་ཞུ་བ་དང་། མང་ཚོགས་ལས་དོན་སྒྲུབ་སྐབས་རྒྱལ་སྒོ་གཅིག་ལས་འཛུལ་མི་དགོས་པ། ཐེངས་གཅིག་ལས་སྐྱོད་མི་དགོས་པ”བཅས་ཀྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྱུར་བཅོས་བླང་བྱར་དམ་པོར་དམིགས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་པ། དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། འགན་འཁྲི་འཁུར་ཕོད་པ་དང་། རང་ངོས་ལ་གནོན་ཤུགས་སྤྲོད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བཅས་བྱས་པས“དྲ་སྦྲེལ+སྲིད་དོན་ཞབས་འདེགས”ལ་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་། གློག་རྡུལ་སྲིད་དོན་གྱི་དྲ་རྒྱ་འཛུགས་སྐྱོང་དང་ཤར་གཏོང་འགན་ལེན་གྱི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ། ལས་སྟེགས་འཛུགས་སྐྲུན་ལ་འཕེལ་རིམ་བཟང་པོ་བྱུང་སྟེ། རྒྱལ་ཡོངས་དང་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད་ཅེས་གསུངས། 

    ཆེ་དགྲ་ལྷས་དུས་ཚོད་དང་ལྷུ་ཚིགས་ཁ་གསལ་དང་ལས་འགན་དང་བྱེད་ཐབས་ཞིབ་ཚགས་བཟོས་ཏེ་སྲིད་གཞུང་གི་དྲ་ཚིགས་མཉམ་བསྡུས་ཅན་གྱི་ཚོད་ལྟའི་ལས་དོན་ལག་ལེན་བསྟར་རྒྱུར་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས། གོང་འོག་རོགས་རེས་དང་། རང་འགུལ་སྦྲེལ་མཐུད། མཐུན་སྦྱོར་རྗེས་སྙེག་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། དབང་ཆའི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། བཀག་རྒྱའི་གསལ་ཐོ་བཅས་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། སྤྱི་པའི་ཞབས་འདེགས་ཀྱི་ལས་སྒོ་དྲ་ཐོག་ཏུ་ཞུ་བའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། དྲ་ཐོག་ཏུ་ལས་སྒྲུབ་ཞབས་ཞུའི་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་གཏོང་བ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཁེ་སྤོགས་སྤྲོད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་དང་ཁྲོམ་རའི་བྱེད་པོར་སྟབས་བདེའི་འཚོ་བའི་ཁོར་ཡུག་དང་ཚོང་གཉེར་ཁོར་ཡུག་སྐྲུན་དགོས། “བདེ་འཇགས་འགན་ལེན་དང་འོས་འཚམ་ཚད་བརྒལ”བྱེད་པའི་རྩ་དོན་གཞིར་བཟུང་། ལས་སྟེགས་མགྱོགས་མྱུར་འཛུགས་དགོས་པ་དང་། ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་བཟོ་དགོས། མི་སྣ་དང་། ལག་རྩལ། གྲོན་དངུལ། བདེ་འཇགས་སོགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་འཕྲིན་ཅན་གྱི་ཀུང་སི་དངོས་ཚན་ཅན་ལ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས“དྲ་སྦྲེལ+སྲིད་དོན་ཞབས་འདེགས”སྤྱི་ཚོགས་ཀྱིས་ཤེས་ཚད་དང་མང་ཚོགས་ཀྱིས་མོས་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།