དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་17པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-08

    ཚེས་6ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་17པ་གཙོ་སྐྱོང་གནང་སྟེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་གྱི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ལ་རྒྱ་སྐྱེད་རྒྱུའི་སྒྱུར་བཅོས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད(འཆར་ཟིན)ལ་ཞིབ་འཇུག་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ཚོཌ་འདུའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས་པ་བཅས་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་བསྟན་འཛིན་རྣམ་རྒྱལ་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་གྱི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ལ་རྒྱ་སྐྱེད་རྒྱུའི་སྒྱུར་བཅོས་ཀྱི་སྤྱིའི་བླང་བྱ་དང་། ནང་དོན་གཙོ་བོ། བརྒྱུད་རིམ་དང་བྱ་ཐབས་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་བསམ་འཆར་ཞིབ་འཇུག་གིས་བཟོ་བ་དང་། སྔོན་རྩིས་ཀྱི་དྲ་སྦྲེལ་ལྟ་སྐུལ་ལས་སྟེགས་མགྱོགས་མྱུར་སྐྲུན་པ། རང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ལས་དོན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་ལས་དོན་ཚོགས་འདུ་དང་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་ཞིབ་འཇུག་བྱས་ཏེ་བཟོ་བ། རང་ལྗོངས་ཀྱི་དོན་དངོས་ནས་འགོ་འཛུགས་པ་མཐའ་འཁྱོངས་ཀྱིས་དགོས་མཁོ་དང་དགོས་སྲིད་པ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། གྲངས་འབོར་དང་སྤུས་ཚད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ཁྲིམས་འཛུགས་རྣམ་གྲངས་གདམ་ག་གནད་འཁེལ་བྱེད་པ། ནུས་པས་ལྕོགས་ཚད་དང་གང་ཐུབ་ཅི་ཐུབ་བཅས་ཀྱིས་འཆར་འགོད་ཀྱི་འཐུས་ཚང་གི་རང་བཞིན་དང་། བརྒྱུད་རིམ་གྱི་རང་བཞིན། མཐུན་སྦྱོར་གྱི་རང་བཞིན། སྔ་ལྟས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྔ་ཙམ་ནས་ཇུས་བཀོད་དང་སྒྲིག་འཛུགས་ཚགས་ཚུད་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ལས་དོན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་ལས་དོན་ཚོགས་འདུ་ཡག་པོ་འཚོགས་ཏེ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ལས་འགན་ཁག་བགོས་ཞིབ་ཚགས་སུ་བཏང་སྟེ་ལས་ཀའི་གཙོ་གནད་དང་འཆར་གཞིར་གཞིགས་ནས་ལོ་འཁོར་གྱི་ལས་འགན་ཁག་སྤུས་འབོར་གཉིས་ལྡན་གྱིས་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།