དབུ་ཤོག>སྲིད་དོན།
  • བསྟན་འཛིན་སྒྲོལ་མ་སོགས་བློ་མཐུན་3གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོཌ་ཐེངས་བཞི་པའི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-31

    ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བློ་མཐུན་བསྟན་འཛིན་སྒྲོལ་མ་དང་ཏུའུ་ཧུང་ཡན་བོད་ནས་ལས་བསྒྱུར་བྱས་ཟིན་པ་མ་ཟད་ཨུ་ཡོན་གྱི་གོ་གནས་དགོངས་ཞུའི་ཡི་གེའང་ཕུལ་ཡོད་པ་དང་། བློ་མཐུན་ཚེ་རིང་དབང་འདུས་ལ་ལྗོངས་ཏང་ཨུད་ཀྱིས་ལས་བྲལ་ལུས་གསོ་བྱ་རྒྱུའི་ཆོག་མཆན་སྤྲད་པ་མ་ཟད་ཨུ་ཡོན་གྱི་གོ་གནས་དགོངས་ཞུའི་ཡི་གེའང་ཕུལ་ཡོད། 《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གི་དོན་ཚན་བདུན་པའི་ནང་གསེས་གསུམ་པའི“ས་ཁུལ་འདི་ནས་ལས་སྒྱུར་བྱས་པ་དང་། གཞུང་གི་གོ་གནས་ལས་དགོངས་ཞུ་བྱས་པ། རྒན་ཡོལ་ཞུས་པ་སོགས་ཀྱི་རྒྱུ་རྐྱེན་ལས་མུ་མཐུད་ཏང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་འགན་འཁུར་རྒྱུར་མི་འཚམ་ཚེ། ཏང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱེད་དགོས་པའམ་ཡང་ན་གནས་ཡུལ་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གིས་གོ་རིམ་གཞིར་བཟུང་དེའི་ཏང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན་བྱེད་དགོས་པའི”གཏན་འབེབས་གཞིར་བཟུང་། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བསྟན་འཛིན་སྒྲོལ་མ་དང་། ཚེ་རིང་དབང་འདུས། ཏུའུ་ཧུང་ཡན་བཅས་བློ་མཐུན་3གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།