དབུ་ཤོག>སྲིད་དོན།
  • ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ལས་བྱེད་པའི་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-27

    ཟླ་10ཚེས་24ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ་བློ་མཐུན་ཡུས་ཡུན་ཀུའེ་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

    བསྟན་ཁོས་ཐེངས་འདིའི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱས་པ་ནི་ལྗོངས་ཏང་ཨུད་ཀྱིས་སྤྱི་ཡོངས་ནས་འགོ་བཙུགས་པ་དང་ལས་ཀའི་དགོས་མཁོར་གཞིགས་ནས་ཁྱོན་ཡོངས་ལ་བསམ་གཞིག་དང་ཞིབ་འཇུག་ནན་ཏན་བྱས་པ་བརྒྱུད་གཏན་འབེབས་གནང་བ་ཞིག་ཡིན་དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་འཐབ་ཕྱོགས་གཅིག་གྱུར་པུའི་འགོ་ཁྲིད་ཚན་ཁག་འཛུཌ་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད། འགོ་ཁྲིད་ལས་བྱེད་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས། ལྗོངས་ཏང་ཨུད་ཀྱི་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་གཏན་འབེབས་ཡང་དག་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཏེ། བློ་མཐུན་ཡུས་ཡུན་ཀུའེ་ཡི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།