དབུ་ཤོག>སྲིད་དོན།
  • ལྗོངས་སྲིད་གཞུང་གིས“ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ལས་དོན་ཕྱོཌ་ཡོངས་ནས་སྤེལ་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-25

     ཟླ་10ཚེས་23ཉིན་གྱི་ཕྱི་དྲོར། ལྗོངས་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ“ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག“ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ནི་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། སྲིད་གཞུང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ཐང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུར་བཅོས་གལ་ཆེན། ཐོན་ཁུངས་བཀོད་སྒྲིག་བྱེད་རིང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་སྲིད་གཞུང་གི་འགན་ནུས་གཏིང་ཟབ་སྒྱུར་བའི་ལམ་ལུགས་གསར་གཏོད་གལ་ཆེན། “ཞུགས་ཆོག་པ་ལས་གཉེར་མི་ཆོག་པའི”གནད་དོན་སྔར་བས་བསལ་ནས། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་དང་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་པའི་བྱ་ཐབས་ནུས་ལྡན་བཅས་རེད། རིམ་ཁག་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས། སྒྱུར་བཅོས་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་། “མིག་མངས་འགྲིག་སྐོར་གཅིག”གི་འདུ་ཤེས་འཆང་བ། ཀྲུང་དབྱང་གི་བླང་བྱ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ལ་ནན་པོར་གཞིགས་པ། ཚོང་དོན་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་ཟབ་ཏུ་དང་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།