དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-25

     སྲིད་གཞུང་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཚེས་22ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ས་གནས་སྲིད་གཞུང་གི་མངོན་མེད་རང་བཞིན་གྱི་བུན་དོན་གྱི་ཉེན་ཁར་དོགས་ཟོན་དང་དེ་སེལ་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་བརྒྱུད་བསྒྲགས་དང་རྩིས་བཤེར་ཧྲུའུ་ཡི་ཉེ་དུས་ཀྱི་རྩིས་བཤེར་སྙན་ཞུ་གཉིས་དག་ཐེར་དོན་འཁྱོལ་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཀྲོང་ཡན་གྱིས་ཁྲེང་ཏུའུ་རུ་བཅའ་སྡོད་རྩིས་བཤེར་ཧྲུའུ་ཡི་ཆེད་མངགས་གཞུང་དོན་ཁང་གི་རྩིས་བཤེར་ཚོགས་ཆུང་གིས་རྩིས་བཤེར་བྱས་པ་བརྒྱུད་རང་ལྗོངས་ཀྱི་སྲིད་གཞུང་གི་བུན་དོན་དོ་དམ་ལས་ཀའི་ཁྲོད་གནས་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་བཏོན་ཡོད། གནད་དོན་བཙལ་འཚོལ་ཡང་དག་ཐུབ་པ་དང་བསམ་འཆར་ཏན་ཏིག་བཏོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཁེངས་སྐྱུང་ངང་དང་ལེན་དང་སྤ་སེ་བཞིན་ཚང་མ་བསྡུ་བ་དང་། ཞིབ་འཇུག་ནན་ཏན་དང་རིམ་པ་བཞིན་དོན་འཁྱོལ་བྱེད་པ། འཕྲལ་སྒྲུབ་འཕྲལ་བཅོས་ཏན་ཏིག་དང་གཏིང་ཟབ་ངང་དག་ཐེར་གྱི་ལས་འགན་ལེགས་སྒྲུབ་བྱེད་པ་དང་ཆབས་ཅིག་དངོས་ཐོག་བདེན་འཚོལ་གྱིས་རྩིས་བཤེར་ཚོགས་ཆུང་ལ་རང་ལྗོངས་ཀྱི་དམིགས་བསལ་གྱི་གནས་ཚུལ་སྙན་སེང་ཞུས་ཏེ་བོད་ཀྱི་དོན་དངོས་ནས་འགོ་འཛུགས་པ་དང་དངོས་ཡོད་དང་ཕྱོགས་ཡོངས་ནས་གནད་དོན་མངོན་པ་བྱས་ནས་བསམ་ཤེས་དང་རྒྱབ་སྐྱོར་དེ་བས་མང་བ་ཐོབ་པ་བྱེད་དགོས། ནན་ཏན་ངང་དག་ཐེར་དང་གྲལ་བཤེར་ཞིབ་ཚགས་བྱས་ནས་བཏོན་པའི་གནད་དོན་ལ་རིམ་པ་བཞིན་དག་ཐེར་ཇུས་གཞི་བཟོས་ཏེ་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་དང་དུས་བཀག་ཁ་གསལ་ཡོང་བ་དང་། དག་ཐེར་དམིགས་སར་འཁྱོལ་བ་དང་མངོན་མེད་རྐྱེན་ངན་མི་ལུས་པ་བྱས་ཏེ་རིམ་པ་བཞིན་ཚན་རིག་དང་མཐུན་ལ་ནུས་པ་ཐོན་པའི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱས་ཐོག་ད་རེས་ཀྱི་དག་ཐེར་གོ་སྐབས་སུ་བྱས་ནས་རང་ལྗོངས་ཀྱི་བུན་དོན་དོ་དམ་ཚད་ལྡན་ཅན་དང་ཚན་རིག་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ཉེན་ཁ་ཚབས་ཆེན་དོགས་ཟོན་དང་བསལ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི“འགག་སྒྲོལ་དམག་འཐབ་ཆེ་གྲས་གསུམ”གྱི་ཨང་དང་པོར་བཞག་ཡོད། དེ་ཡང་ས་གནས་སྲིད་གཞུང་གི་མངོན་མེད་རང་བཞིན་གྱི་བུན་དོན་དེ་དངུལ་རྩའི་ཉེན་ཁ་དོགས་ཟོན་དང་སེལ་བའི་དམག་འཐབ་དེའི་རྒྱལ་ཕམ་དང་འབྲེལ་བ་ཡོད་པས་ངེས་པར་དུ་ཐག་གཅོད་ཧུར་ཐག་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཞུང་གི་མངོན་མེད་རང་བཞིན་གྱི་བུན་དོན་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་ནས་ས་གནས་སྲིད་གཞུང་གི་མངོན་མེད་རང་བཞིན་གྱི་བུན་དོན་དོ་དམ་ལས་ཀའི་གལ་ཆེའི་རང་བཞིན་མངོན་པར་བྱས་ཡོད་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་གནས་སྲིད་གཞུང་གི་བུན་དོན་གྱི་ཉེན་ཁ་དོགས་ཟོན་དང་བསལ་རྒྱུ་མཐའ་འཁྱོངས་དང་ཉེན་ཁ་གལ་ཆེན་ལ་དོགས་ཟོན་དང་སེལ་བའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་ཆོད་སེམས་བརྟན་པོའང་མངོན་པར་བྱས་ཡོད། བསམ་བློ་དང་བྱ་སྤྱོད་སྲིད་གཞུང་གི་བུན་དོན་དང་མངོན་མེད་རང་བཞིན་གྱི་བུན་དོན་དོ་དམ་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་སྒྲིག་ཁྲིམས་ལས་འགལ་ནས་སྲིད་གཞུང་གི་མངོན་མེད་རང་བཞིན་གྱི་བུན་དོན་མང་དུ་གཏོང་བའི“ལྟག་སྒོ”མཐའ་གཅིག་ཏུ་བཀག་སྟེ་སྒྲིག་འགལ་བུན་བཟོའི་རྣམ་གྲངས་ལ་ཆོག་མཆན་གཏན་ནས་མི་སྤྲོད་པ་དང་ལས་འགོ་གཏན་ནས་འཛུགས་སུ་མི་འཇུག་པར་མངོན་མེད་རང་བཞིན་གྱི་བུ་ལོན་མང་དུ་འགྲོ་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྔོན་རྩིས་དང་བཅད་གྲངས་དོ་དམ་ནན་པོ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ནས་བུ་ལོན་ཚད་མེད་བཟོས་ཏེ་ཡོང་འབབ་འཕར་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་ཡོས་ལོའི་འབྲུ་སྟག་ལོར་ཟ་བའི་འགྲོ་སོང་ཚད་བརྒལ་རྣམ་པར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། བུན་བཟོ་དང་མ་རྩ་བསྡུ་སྒྲིལ་ཚད་ལྡན་བཟོ་བའི“མདུན་སྒོ”གང་ལེགས་ཕྱེ་ནས་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཚད་མཐུན་ཐབས་ལམ་ཡག་པོ་སྤྱད་ནས་རྒྱལ་ཁབ་ཀྱིས་རང་ལྗོངས་ཀྱི་སྲིད་གཞུང་གི་བུ་ལོན་གཏོང་བའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་གང་ཐུབ་བྱེད་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཁྲོམ་ར་ཅན་གྱི་མ་རྩ་བསྡུ་སྒྲིལ་ལ་ཁྲིམས་དང་མཐུན་ལ་གཏན་འབེབས་དང་མཐུན་པའི་སྒོ་ནས་རྒྱབ་སྐྱོར་བྱེད་པ། སྤྱི་ཚོགས་ཀྱི་མ་རྩ་དང་ལྷག་པར་དུ་དམངས་ཁྲོད་མ་རྩ་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་སུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས། མངོན་མེད་རང་བཞིན་གྱི་བུ་ལོན་གསོག་ཚད་འོས་འཚམ་ངང་བསལ་རྒྱུ་མཐའ་འཁྱོངས་ཀྱིས་རང་ལྗོངས་ཀྱི་མངོན་མེད་རང་བཞིན་གྱི་བུ་ལོན་གྱི་གཞི་གྲངས་གསལ་པོ་བཟོ་བ་དང་བུ་ལོན་གྱི་ཉེན་ཁ་དོགས་ཟོན་དང་སེལ་བའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་དགོས། སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་སྲིད་གཞུང་གི་བུ་ལོན་གྱི་རྩ་བ་དེར་དོ་དམ་ནན་པོ་བྱས་ནས་ཁྲིམས་མཐུན་གྱི་འདུ་ཤེས་དང་སྒྲིག་ཁྲིམས་ཀྱི་ལྟ་བ་ཟབ་ཏུ་གཏོང་བ་དང་། སྒྲིག་འགལ་ཁྲིམས་འགལ་ངང་བུ་ལོན་བཟོ་བའི་བྱེད་སྤྱོད་བཀག་འགོག་དང་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་གནད་དོན་ཐོན་རིམ་བཞིན་ཞིབ་བཤེར་ཐག་གཅོད་ཐུབ་པ་དང་འགན་འཁྲི་བདའ་འདེད་གཏོང་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།