དབུ་ཤོག>སྲིད་དོན།
  • 2018ལོའི་སྐབས་དང་པོའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-24

    ཟླ་10ཚེས་22ཉིན་གྱི་ཕྱི་དྲོར། 2018ལོའི་སྐབས་དང་པོའི་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་ཕྱོགས་སྡོམ་ཚོགས་འདུ་འཚོགས་ཤིང་། སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་གིས་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་སུ་འགྲན་བསྡུར་གྱི་ལས་ཀའི་གནས་ཚུལ་ཁག་སོ་སོར་སྙན་སེང་ཞུས་པ་མ་ཟད་འགྲན་བསྡུར་གྱི་ལས་དོན་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གྲོས་འགོ་དང་བསམ་འཆར་ཡང་བཏོན་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་སྐབས་དང་པོའི་འགྲན་བསྡུར་ཐུགས་གྲ་ལེགས་འགྲིག་བྱུང་བ་མ་ཟད། དོན་སྙིང་ཆེན་པོ་ལྡན་པ་དེས་བོད་ལྗོངས་རང་གི་ལུས་རྩལ་འགྲན་བསྡུར་བྱེད་སྒོའི་དུས་རབས་གསར་པ་ཞིག་བཏོད་པ་མ་ཟད། རྒྱལ་ཁབ་ཕྱི་ནང་དུ“འཛམ་གླིང་ཡང་རྩེ”དང“ཧི་མ་ལ་ཡ་བརྒལ་བའི”སྤུས་རྟགས་བཏོད་དེ་དུས་རབས་གསར་པར“འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན”དང་། ལུས་རྩལ་སྟོབས་ཆེའི་ཁུལ། བདེ་ཐང་གི་བོད་ལྗོངས་བཅས་མགྱོགས་པོ་སྐུལ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད། དུས་སང་གི་སྐབས་གཉིས་པའི་འགྲན་བསྡུར་ལ་འབྲེལ་ཡོད་ཚན་པ་ཁག་གིས་གྲ་སྒྲིག་ལས་དོན་སྤེལ་འགོ་འཛུགས་རྒྱུར་དམ་འཛིན་དང་སྔ་སྣུར་ནས་འགྲན་བསྡུར་གྱི་ལམ་ཐིག་ཇུས་འགོད་བྱེད་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།