དབུ་ཤོག>སྲིད་དོན།
  • ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-23

    ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ས་གཤིས་གནོད་འཚེའི་བརྟག་དཔྱད་དང་འགོག་བཅོས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཅང་ཅེས་ཐོན་ཁུངས་བསྡུ་སྒྲིལ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ནུས་པ་དང་ལྡན་པའི་ལག་རྩལ་དཔུང་ཁག་སྒྲིག་འཛུགས་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ས་གཤིས་གནོད་འཚེའི་ཡོངས་བཤེར་ལས་དོན་ཕྱོགས་ཡོངས་དང་། མཐར་ཕྱིན་པ། གང་མགྱོགས་བཅས་ངང་བསྒྲུབས་ཏེ་ཕྱོགས་ཡོངས་ལ་ཁྱབ་པ་དང་ཁུག་ཆ་མི་ལུས་པ་བྱེད་དགོས། སྲུང་སྐར་གྱི་རྒྱང་ཚོར་དང་མི་མེད་གནམ་གྲུ་ནས་པར་བརྒྱབ་སྟེ་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཀྱི་སྔོན་ཐོན་ལག་རྩལ་སྤྱོད་པ་དང་། རྒྱལ་ནང་གི་ལག་རྩལ་བྱང་ཆུབ་པ་དང་འཇོན་ཐང་ཆེ་བའི་ས་གཤིས་རྩད་ཞིབ་ཚོགས་པ་གདན་ཞུ་བྱས་ཏེ་གཙང་པོ་དང་ཆུ་བོ་ལུང་ཤུར་བཅས་མང་ཁུལ་དང་། ས་བབ་རྙོག་འཛིང་ཆེ་བའི་ས་ཁུལ། ས་གཤིས་ཅུང་ཞན་པ་དང་གནོད་འཚེ་ཐོན་མང་ཁུལ། མི་འབོར་འདུས་མང་ཁུལ། གཙོ་གནད་ལས་གྲྭ་སོགས་གཙོ་གནད་ས་ཁུལ་དང་གཅོ་གནད་གནས་སུ་དུས་ཚོད་དམ་འཛིན་གྱིས་བརྟག་དཔྱད་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།