དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱིས་2016ལོ་ནས་2017ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྤུས་ཚད་ལས་དོན་དཔྱད་ཞིབ་ཀྱི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ཞིབ་འཇུག་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-10-13

    ཚེས་11ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱིས་2016ལོ་ནས་2017ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྤུས་ཚད་ལས་དོན་དཔྱད་ཞིབ་ཀྱི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ཞིབ་འཇུག་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་ལོ་གོང་མའི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྤུས་ཚད་ལས་དོན་དཔྱད་ཞིབ་ཀྱི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་བཀོད་སྒྲིག་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། བློ་ཐག་ཆོད་པའི་རྣམ་འགྱུར་དང་འཕྲལ་ཐག་གཅོད་པའི་བྱེད་ཐབས་ཐོག་ནས་ཚུར་ལེན་གནད་དོན་དག་ཐེར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། སྤུས་ཚད་ལས་དོན་གྱི་ཞན་ཆ་སྔར་བས་གསབ་པ། སྤུས་ཚད་འཕེལ་རྒྱས་ནུས་པ་དང་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤུས་ཚད་ཀྱི་ཞན་ཆར་དམིགས་ཏེ་སྤུས་ཚད་དང་དག་ཐེར་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲི་ཁུར་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། “སྤུས་ཚད་ནི་ཨང་དང་པོ་དང་ཕན་འབྲས་སྔོན་ལ་འཇོག་པའི”རྩ་དོན་མཐའ་འཁྱོངས་བྱེད་པ་དང་ད་ཐེངས་ཀྱི་དག་ཐེར་གོ་སྐབས་སུ་བྱས་ནས་ནུས་ཤུགས་ཡོད་རྒུས་སྤུས་ཚད་ལས་དོན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱས་ཏེ་སྲིད་གཞུང་གིས་སྤུས་ཚད་ལ་མཐོང་ཆེན་དང་། ཁེ་ལས་ཀྱིས་སྤུས་ཚད་དོན་གཉེར། མི་ཚང་མས་སྤུས་ཚད་ལ་དོ་ཁུར་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་སྤུས་ཚད་དེ་བས་མཐོ་བའི་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མིག་སྔའི་དོན་དངོས་ལ་གཞི་ཚུགས་པ་དང་དག་ཐེར་འགན་འཁྲི་དོན་འཁྱོལ་བྱས་ཏེ་གཏོགས་ཁོངས་དོ་དམ་དང་། ལས་རིགས་དོ་དམ། སྤུས་ཚད་དོ་དམ་བཅས་ཀྱི་བླང་བྱ་མཐའ་འཁྱོངས་བྱས་ནས་སྤུས་ཚད་དང་འཕེལ་རྒྱས་ཀྱི་འགན་འཁྲི་ལ་དཔྱད་ཞིབ་ནན་པོ་བྱེད་པ་དང་། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གནད་དོན་དག་ཐེར་དང་འབྱུང་རྩ་བཅོས་སྐྱོང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དག་ཐེར་གཙོ་གནད་ཁ་གསལ་ཡོང་བ་བྱེད་པ་དང་ཁྱབ་ཁོངས་གཙོ་བོ་དང་། འགག་རྩའི་གནད་དོན། ཉམས་ཞན་ལྷུ་ཚིགས་བཅས་ལ་དམ་པོར་དམིགས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་རེ་རེ་བཞིན་དག་ཐེར་བྱ་རྒྱུར་དམ་འཛིན་དང་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པ། དག་ཐེར་བྱེད་མགྱོགས་སུ་བཏང་སྟེ་གནད་སྨིན་བཀོད་སྒྲིག་དང་། དག་ཐེར་གནད་འཁེལ། སྐུལ་འདེད་ཞིབ་ཚགས། གྲུབ་འབྲས་དོན་གཉེར་བཅས་བྱེད་པ། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་མཐོང་ཆེན་བྱེད་པ་དང་། དྲིལ་བསྒྲགས་ཀྱི་གཙོ་གནད་ཁ་གསལ་ཡོང་བར་བྱས་ཏེ། བོད་ཀྱི་སྤུས་རྟགས་དྲིལ་བསྒྲགས་ཡག་པོ་བྱས་ནས་བོད་ཀྱི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་མཐོ་རུ་བཏང་ཐོག་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།