དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-09

     ཚེས་7ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་གྱི་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་གི་རྗེས་མཐུད་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་གྱི་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་ཡང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར། བོད་དམག་ཁུལ་ཁང་འགན་སྲུང་པུའི་ཆབ་སྲིད་ཨུ་ཡོན་ཧྥང་ཅན་གོ་དང་བཅས་པ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    ཀྲོན་ཡན་དང་བཅས་པས་སྔ་རྗེས་སུ་པེ་ཅིང་ལམ་དང་། མཁའ་དམག་བཀོད་འདོམས་ལམ། ཅང་སུའུ་ལམ་བཅས་སུ་རིན་ཡོད་ཞབས་ཞུ་མཚམས་འཇོག་གི་རྣམ་གྲངས་ལ་གཟིགས་པ་མ་ཟད། 

    བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་གྱི་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་གཞུང་དོན་ཁང་དུ་ཕེབས་ཏེ་སྙན་སེང་གསན་པ་དང་། དཔྱད་གཞི་གཟིགས་པ། ས་གནས་ས་ཐོག་ཏུ་ལྟ་ཞིབ་བཅས་གནང་ནས་རིན་དོད་ཞབས་ཞུ་མཚམས་འཇོག་གི་རྗེས་མཐུད་རྣམ་གྲངས་ཀྱི་གདིང་གཞི་ཇི་འདྲ་བྱུང་མིན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས་ཐུན་མོང་ཐོག་བྱ་ཐབས་ཞིབ་འཇུག་ཀྱང་གནང་བ་རེད།

    དེ་རྗེས་ཀྲོང་ཡན་གྱིས་ད་དུང་བོད་སྡོད་དཔུང་སྡེས་ཕྱོགས་ཡོངས་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་བྱེད་པའི་ལས་དོན་གྱི་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ་དང་། འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་རྗེས་ཀྲོང་ཡན་གྱིས་ཁས་ལེན་གང་ལེགས་གནང་བ་རེད།

    ཀྲོང་ཡན་གྱིས་དམག་དཔུང་དང་ས་གནས་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་མཉམ་འཐབ་བྱས་ཏེ་རིན་ཡོད་ཞབས་ཞུ་མཚམས་འཇོག་གི་རྗེས་མཐུད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། གཅིག་ནས“འདུ་ཤེས་བཞི”བརྟན་པོ་འཛུགས་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུད་ཀྱི་མཛུབ་སྟོན་གལ་ཆེན་དང་། བཀོད་སྒྲིག བླང་བྱ་བཅས་ལ་མུ་མཐུད་གཞིགས་ནས་དམག་དཔུང་དང་ས་གནས་འགོ་ཁྲིད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་ནན་པོ་དང་། ལས་དོན་ཁག་ལ་དམ་འཛིན་ནན་པོ། དམ་འཛིན་ཏན་ཏིག དམ་འཛིན་ལྷོད་མེད། དམ་འཛིན་ཞིབ་ཕྲ་བཅས་བྱས་ཏེ་ལས་འགན་དུས་ཐོག་ཏུ་སྤུས་ཚད་ལྡན་པའི་ངང་ལེགས་གྲུབ་ཡོང་བར་བྱེད་དགོས། གཉིས་ནས་གནད་སྨིན་ནུས་ལྡན་ངང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། གདིང་གཞི་ཤེས་རྟོགས་གསལ་པོ་བྱེད་པ། རིན་ཡོད་ཞབས་ཞུ་མཚམས་འཇོག་གི་རྗེས་མཐུད་ལས་དོན་གྱི་གདིང་གཞིར་སླར་ཡང་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱེད་པ། རང་རེའི་ལས་དོན་ཁག་གི་རྨང་གཞིའི་དཔྱད་གཞི་དང་རྨང་གཞིའི་གྲངས་གཞི་ཡང་དག་གནད་འཁེལ་ངང་ཁོང་དུ་ཆུད་པ་བཅས་བྱེད་དགོས། གསུམ་ནས་རིན་ཡོད་ཞབས་ཞུ་མཚམས་འཇོག་གཞུང་དོན་ཁང་གིས་བཀོད་གཏོང་དང་། བཀོད་འདོམས། མཐུན་སྦྱོར། སྒྲུབ་རྒྱུར་ལྟ་སྐུལ། དོན་འཁྱོལ་བཅས་ཀྱི་ལྟེ་བའི་ནུས་པ་ཏན་ཏིག་འདོན་པ་དང་། ལས་ཀའི་སྔོན་མཐོང་རང་བཞིན་ཆེ་རུ་གཏོང་བ་དང་ལས་ཀའི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱས་ནས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། བཞི་ནས་ཁྲིམས་ཁང་གིས་སྟོབས་ཤུགས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རིན་ཡོད་ཞབས་ཞུ་མཚམས་འཇོག་རྣམ་གྲངས་ཀྱི་གྱོད་གཞི་འདྲི་གཅོད་ལས་དོན་ལ་ཁྲིམས་བཞིན་སྐུལ་འདེད་གཏོང་དགོས། ལྔ་ནས་དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་མདུན་སྐྱོད་བཀོད་འདོམས་དང་། འགན་འཁྲི་ནན་དུ་གཏོང་བ་དང་ལས་འགན་ཁ་གསལ་བཟོས་ཏེ་གཏན་ལ་འཁེལ་བའི་དམིགས་ཚད་ནུས་ཤུགས་ཡོད་རྒུས་ལེགས་གྲུབ་བྱེད་དགོས། དྲུག་ནས་ཤུགས་རྒྱག་ས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་། སྲིད་ཇུས་གསལ་འགྲེལ་དང་སྒྲོག་འགྲེལ། ཁྲིམས་སར་མ་ཐུག་གོང་ནས་འདུམ་འགྲིག་བཅས་ལ་ཤུགས་སྣོན་རྒྱག་པའི་ཐད་བཞག་སྟེ་ཁྲིམས་བཞིན་རིན་ཡོད་ཞབས་ཞུ་མཚམས་འཇོག་དང་། ཞི་མཐུན་ངང་རིན་ཡོད་ཞབས་ཞུ་མཚམས་འཇོག མཛའ་མཐུན་ངང་རིན་ཡོད་ཞབས་ཞུ་མཚམས་འཇོག་བཅས་དངོས་འབྲེལ་ཐུབ་པ་དང་། དམག་དཔུང་གི་རྒྱུ་དངོས་མི་ཤོར་བ་དང་མང་ཚོགས་ཀྱི་ཁེ་དབང་འགན་ལེན་ཐུབ་པ་བྱས་ཏེ་སྤྱི་ཚོགས་དང་དཔུང་སྡེ་གཉིས་ཀའི་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།