དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-10-08

    ཟླ་10ཚེས་1ནས་ཚེས་5ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་དཔའ་ཤོད་རྫོང་དང་། བྲག་གཡབ་རྫོང་། རི་བོ་ཆེ་རྫོང་། ཁ་རུབ་ཆུས། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་བཅས་སུ་བརྟག་ཞིབ་གནང་ནས་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་། དམངས་ཀྱི་འདུན་པ་གསན་པ། དམངས་འཚོའི་སྐོར་འདྲི་བ་བཅས་གནང་ནས་མང་ཚོགས་དབུལ་པོར་དབུལ་སྒྲོལ་གྱི་ཐབས་ལམ་འཚོལ་རོགས་དང་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་རོགས་གནང་བ་རེད།

    ཉིན་ལྔའི་རིང་ཀྲོང་ཡན་དང་བཅས་པས་སྟབས་བདེ་གང་ཡོང་དང་། ཉིན་མཚན་དབྱེར་མེད་ངང་ལམ་དུ་བཞུད་པ། ཤང་དང་གྲོང་རྡལ་དུ་བཞུགས་པ་བཅས་གནང་ཞིང་། ཁོང་གིས་གྲོང་གསེབ་ཏུ་ཕེབས་པ་དང་། ཞིང་ཁྱིམ་དུ་འཚམས་འདྲི་གནང་བ། དགོན་སྡེ་དང་། གླིང་ཁུལ། ཁེ་ལས། འཁོར་ཁང་བཅས་གང་དུ་ཕེབས་རིམ་བཞིན་ཞིབ་ཕྲའི་ངང་གཟིགས་པ་དང་། སྐད་ཆ་ཞིབ་ཕྲ་འདྲི་བ། ནན་ཏན་ངང་གསན་པ་བཅས་གནང་བ་རེད། རྒྱལ་སྟོན་གུང་གསེང་ནི་གཉེན་ཉེ་དང་གྲོགས་པོ་ཐུག་འཕྲད་བྱེད་པའི་དུས་སྐབས་ཡག་ཤོས་ཤིག་རེད། ཀྲོང་ཡན་གྱིས་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་དཔའ་ཤོད་རྫོང་ཐང་དཀར་གྲོང་རྡལ་ཡར་ཐང་གྲོང་ཚོའི་གཉེན་ཉེ་དབང་སྒྲོན་དང་། སྲི་ཐར། ཀརྨ་འཆི་མེད་བཅས་ཀྱི་ཁྱིམ་དུ་སྔ་རྗེས་སུ་ཕེབས་ཏེ་ཚང་མ་དང་མཉམ་དུ་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་གནང་བ་དང་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་བ་རེད། “ད་དུང་དཀའ་ངལ་ག་རེ་སེལ་རོགས་བྱེད་དགོས་སམ”ཞེས་ཀྲོང་ཡན་གྱིས་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་བ་དང་།  དབང་སྒྲོན་དང་། སྲི་ཐར། ཀརྨ་འཆི་མེད་བཅས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག“ང་ཚོ་ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ང་ཚོར་རོགས་རམ་ཆེན་པོ་གནང་བྱུང། ད་ཆ་ང་ཚོའི་འཚོ་བར་གཞི་རྩའི་ཆ་ནས་འགན་ལེན་བྱུང་ཡོད། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཞུས་པས་ཀྲོང་ཡན་ཐུགས་ཧ་ཅང་སྤྲོ་པོ་བྱུང་བ་རེད།

    དེ་རྗེས་ཀྲོང་ཡན་གྱིས་ད་དུང་ཐང་དཀར་གྲོང་རྡལ་དུ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ལས་བྱེད་པ་དང་བཞུགས་མོལ་གནང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་སྙན་སེང་གསན་པ་རེད།

    བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་གྱི་མང་ཚོགས་འཕྲིན་ལས་ཆོས་ལྡན་གྱི་ཁྱིམ་དུ་ཀྲོང་ཡན་གྱིས་ཁོང་གི་བུ་དང་བུ་མོ་གཉིས་དང་དགྱེས་ཚོར་ཆེན་པོས་གླེང་མོལ་གནང་ནས“ལོ་ག་ཚོད་ཡིན་ནམ། ལོ་རིམ་ག་ཚོད་ཡིན་ནམ། སློབ་ཚན་གོ་ཐུབ་ཀྱི་འདུག་གམ”ཅེས་བཀའ་འདྲི་གནང་བར་ལོ་དགུ་ལ་སླེབས་པའི་བློ་བཟང་ལྷག་སྒྲོན་དང་ལོ་བརྒྱད་ལ་སླེབས་པའི་བྱམས་པ་འཕྲིན་ལས་ཀྱིས་རྒྱ་སྐད་ནས་དྲི་བ་རེ་རེ་བཞིན་ལ་ལན་བཏབ་པ་རེད། བློ་བཟང་ལྷག་སྒྲོན་གྱིས་ད་དུང་ཚང་མར་གཞས་བཏང་བ་དང་སྐད་ངག་ཕྲ་བའི་གླུ་སྒྲ་དེ་ཚང་མའི་དགོད་སྒྲ་དང་ལྷན་དུ་བྲག་ཅ་ཡང་ཡང་འཁོར། ཀྲོང་ཡན་ཐུགས་ཧ་ཅང་མཉེས་པོ་བྱུང་ནས་སློབ་གསོར་བརྟེན་ནས་དབུལ་སྐྱོར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བའི་ཕན་འབྲས་དངོས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

    ཆབ་མདོ་གྲོང་ཁྱེར་ཡིང་ཏ་འཛུགས་སྐྲུན་རྒྱུ་ཆ་གསར་པ་ཀུང་སི་དང་ཅུན་ཆིང་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་སོགས་དམངས་གཉེར་ཁེ་ལས་སུ་ཀྲོང་ཡན་དང་བཅས་པས་ཕེབས་ཞོར་དུ་གཟིགས་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་བརྒྱུད་རིམ་དང་ཚོང་གཉེར་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁེ་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་ཐག་གཅོད་གནང་ནས་ཁེ་ལས་འཕེལ་རྒྱས་དང་འཚར་ལོངས་ཡོང་བར་ཐབས་འདོན་ཇུས་འགོད་གནང་བ་རེད། དེ་རྗེས་དམངས་གཉེར་ཁེ་ལས་དང་མཉམ་དུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་ཀྱིས་མ་དངུལ་འཇོག་པ་དང་སྤྱི་ཚོགས་ཀྱི་མ་དངུལ་འཇོག་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དང“འདྲ་མཉམ་གསུམ”གྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ། དངོས་ཚན་དཔལ་འབྱོར་ཆེ་རུ་དང་། ཕུལ་བྱུང་། སྟོབས་ཆེན་བཅས་བསྐྲུན་ནས་ལས་ཞུགསབསྡུ་བའི་ཆུ་རྫིང་ལྟ་བུའི་དམངས་གཉེར་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་ད་དུང་དཔའ་ཤོད་རྫོང་ཐང་དཀར་གྱི་རྒྱ་མོ་རྔུལ་ཆུའི་ཟམ་ཆེན་དུ་ཕེབས་ཏེ་དཔའ་ཤོད་རྫོང་དང་ཤང་རིམ་པ་གཉིས་ཀྱི་ཆུ་དཔོན་དང་སྤེལ་རེས་ནན་ཏན་གནང་ནས་ཆུ་དཔོན་ལམ་ལུགས་ཀྱི་འབྲེལ་ཡོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱལ་མོ་རྔུལ་ཆུ་སྲུང་སྐྱོང་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།