དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ས་ནས་ལྷུན་གྲུབ་རྫོང་བར་གྱི་གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-26

     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བཀའ་མངག་ལྟར་ཚེས་23ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷ་ས་ནས་ལྷུན་གྲུབ་རྫོང་བར་གྱི་གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་རྣམ་གྲངས་ཀྱི་ཕུག་ལམ་གྱི་ས་ཆ་འདེམས་ཡུལ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ལྷ་ས་ནས་ལྷུན་གྲུབ་རྫོང་བར་གྱི་གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྒྲོམ་གཞིའི་དྲ་རྒྱའི་གྲུབ་ཆ་གལ་ཆེན་དང་དེ་ནི་ལྷ་ས་ནས་ལྷུན་གྲུབ་རྫོང་བར་གྱི་ཕྱོགས་བསྡུས་མདོང་དྲའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས་ལྷུན་གྲུབ་རྫོང་དང་ལྟེ་བའི་གྲོང་ཁྱེར་དབར་འབྲེལ་གཏུག་སྔར་བས་དམ་ཟབ་ཐུབ་རྒྱུ་རེད།

    བློ་བཟང་རྒྱལ་མཚན་གྱིས་ལྷ་ས་ནས་ལྷུན་གྲུབ་རྫོང་བར་གྱི་གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་གྱི་རྣམ་གྲངས་འཛུགས་སྐྲུན་བྱས་ནས་ས་ཆ་གཉིས་དབར་གྱི་དུས་ཚོད་དང་བར་སྟོང་གི་ཧེ་བག་ཐུང་དུ་ཆེས་ཆེར་འགྲོ་རྒྱུ་ཡིན་པ་དེས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་སྤྱི་འདོམས་བྱ་རྒྱུར་ཕན་ཐོགས་ཡོད་ལ་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཕན་ཐོགས་ཡོད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཚད་མཐོའི་མཐོང་ཆེན་དང་མཐོ་ས་ནས་སྐུལ་འདེད་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱིས་ཆེད་དོན་ཞིབ་འཇུག་བྱས་ནས་རྣམ་གྲངས་འཆར་འགོད་ཇུས་འགོད་སོགས་དུས་འགོའི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་མགྱོགས་སུ་བཏང་ནས་ལག་རྩལ་མི་སྣ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཇུས་འགོད་སྔར་བས་ལེགས་སུ་གཏོང་བ་དང་ཇུས་གཞི་མང་པོ་ཞིག་བཏོན་ནས་བསྡུར་བ་དང་དབྱེ་ཞིབ་བྱས་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུར་རིན་ཐང་ལྡན་པའི་དཔྱད་གཞིའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས། ས་གཤིས་རྩད་ཞིབ་ལས་དོན་ཞིབ་ཚགས་དང་གཏིང་ཟབ་སྤེལ་ཐོག་རྩད་ཞིབ་ཞིབ་འཇུག་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་གྲངས་གཞིར་བརྟེན་ནས་རྣམ་གྲངས་ཀྱི་ཇུས་གཞིར་འདེགས་སྐྱོར་བྱས་ཏེ་རྣམ་གྲངས་ལག་བསྟར་བྱ་ཆེད་རྨང་གཞི་བཟང་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།