དབུ་ཤོག>སྲིད་དོན།
  • བོད་ལྗོངས་མང་ཚོཌ་སྒྱུ་རྩལ་ཁང་དུ“རྒྱུན་འཛིན་དང་གསར་གཏོད—གངས་ལྗོངས་ཤིན་ཧྲེང་གི་དཔར་བྲིས་རི་མོ་རྩེ་གྲའི”ཡེ་ཤིན་ཧྲེང་སྒྱུ་རྩལ་འགྲེམས་སྟོན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-25

    ཚེས་23ཉིན་གྱི་སྔ་དྲོར། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ལྗོངས་རིག་གནས་ཐིང་གིས་གཉེར་བའི་“རྒྱུན་འཛིན་དང་གསར་གཏོད——གངས་ལྗོངས་ཤིན་ཧྲེང་གི་དཔར་བྲིས་རི་མོ་རྩེ་གྲའི”ཡེ་ཤིན་ཧྲེང་སྒྱུ་རྩལ་འགྲེམས་སྟོན་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ་འགོ་ཚུགས་མཛད་སྒོར་ཕེབས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་ཤིས་ཚིག་གསུངས་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བ་ཕེབས་པ་དང་སྦྲགས་འགྲེམས་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། དེ་རྗེས། བསྟན་ཁོ་དང་། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ་བཅས་ཀྱིས་མཉམ་དུ་འགྲེམས་སྟོན་ལ་གཟིགས་པ་རེད།

    རྡོ་རྗེ་ཚེ་སྒྲུབ་ཀྱིས་ཤིས་ཚིག་ནང་བོད་ཀྱི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འགྲོ་འོང་། མཉམ་འདྲེས། སྤེལ་རེས་བཅས་ཀྱི་ཁྲོད་དཀའ་སྤྱད་འབད་བརྩོན་དང་བློ་རིག་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་རིག་གནས་སྒྱུ་རྩལ་བཏོད་པ་དང་དེས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད། སྐུ་ཞབས་ཡེ་ཤིན་ཧྲེང་1961ལོར་དམག་སྡེ་བཅོ་བརྒྱད་པའི་དམག་མི་ཡིན་པའི་ཕ་མ་དང་མཉམ་དུ་བོད་དུ་ཕེབས་ནས་བོད་ཀྱི་མཛེས་རྩལ་གསར་གཏོད་དང་། ཉར་ཚགས། ཞིབ་འཇུག་བཅས་བྱས་ནས་དུས་རབས་ཕྱེད་ཀ་ཙམ་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། ལྷག་དོན་དུ་བོད་ཀྱི་མི་རིགས་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་སྲུང་སྐྱོང་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ད་ཐེངས་ཀྱི་ཡེ་ཤིན་ཧྲེང་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོ་ནི་བོད་དུ་གང་སར་ཁྱབ་པ་དང་བོད་རིགས་མི་དམངས་ཀྱིས་གསར་གཏོད་བྱས་པའི་རྡོ་བརྐོས་མ་ཎིའི་སྒྱུ་རྩལ་དེ་ཡིན་པ་དང་སྒྱུ་རྩལ་དེ་གནའ་བོའི་དུས་ནས་དར་བ་དང་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ཡིན་པས་བོད་ཀྱི་རིག་གནས་ཤུལ་བཞག་གི་རྩ་ཆེའི་རྒྱུ་ནོར་ཞིག་རེད་ཅེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་དུས་ཡུན་ཉིན་5སྤེལ་རྒྱུ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཡེ་ཤིན་ཧྲེང་མཛེས་རྩལ་གསར་གཏོད་ཞིབ་འཇུག་ཁང་གིས་ཉེ་བའི་ལོ་གསུམ་ནང་གི་ཉར་ཚགས་དང་རི་མོ་ཟུང་འབྲེལ་བྱས་ནས། རྡོ་བརྐོས་མ་ཎི་དང་ཤིང་བརྐོས་ཀྱི་དཔར་བྲིས་དང་སྲོལ་རྒྱུན་གྱི་ཐང་ག་གཞི་གཅིག་དུ་འདུས་པའི་རྒྱ་བོད་སྒྱུ་རྩལ་མཉམ་འདྲེས་སྤེལ་རེས་དང་འབྲེལ། རྒྱུན་འཛིན་དང་འཕེལ་རྒྱས་གསར་གཏོད་བྱས་པའི་དཔར་བྲིས་རི་མོའི་སྒྱུ་རྩལ་བརྩམས་ཆོས་ཀྱང་འགྲེམས་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།