དབུ་ཤོག>སྲིད་དོན།
  • ​ བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་བཟོ་བའི་ལས་ཀའི་སྐུལ་འདེད་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-19

    ཚེས་17ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་བཟོ་བའི་ལས་ཀའི་སྐུལ་འདེད་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་ཁག་བཟོ་བཅོས་འཐུས་ཚང་བྱུང་མིན་གྱི་གནས་ཚུལ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་སླར་ཡང་བཀོད་སྒྲིག་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་བཟོ་བའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་དོན་སྙིང་གལ་ཆེ་ལ་འགན་འཁྲི་ལྕི་པོ་ཡོད། འཆར་ཟིན་འགོད་མཁན་ཚོགས་ཆུང་གིས་ཡག་ཐོག་ཡག་བརྩེགས་དང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ་ཡོང་བ་བྱས་ཏེ་འཆར་འགོད་བཟོ་བའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མངོན་གསལ་དོད་དུ་གཏོང་བ་དང་། ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གངས་ལྗོངས་ས་མཐོར་བདེ་བླག་ངང་ལག་ལེན་བསྟར་ཐུབ་པ་དང་གཞིས་ཚུགས་ཐུབ་པ་བྱེད་དགོས།

    རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འཐབ་ཇུས་འཆར་འགོད་དང་སྦྲེལ་མཐུད་བྱེད་པ་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་འཆར་འགོད་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་ཀྱི་དམིགས་ཚད་ལས་འགན་རིགས་པས་ཁུངས་སྐྱེལ་བྱས་ཏེ་རྩེ་རིམ་ཇུས་འགོད་དང་། ཚད་ལེན་ཞིབ་རྩིས། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བཅས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཞིབ་ཕྲའི་དམིགས་ཚད་ལས་འགན་གྱི་རྩེ་རིམ་ཇུས་འགོད་ལུགས་དང་མཐུན་པ་དང་། དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ། དུས་བཀག་ཐོག་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ས་གནས་དང་གྲོང་ཁྱེར་ཁག་དང་ཐིང་དང་ཅུས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུས་ཏེ་ས་ཁུལ་དང་གྲོང་ཁྱེར་ཁག་གིས་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་འགོད་གཞིར་བཟུང་ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོ་དགོས། འཆར་ཟིན་འགོད་མཁན་ཚོགས་ཆུང་གིས་ཡང་འབད་བསྐྱར་འབད་དང་འབད་བརྩོན་ལྡབ་འགྱུར་བྱས་ཏེ་གཏན་འཁེལ་དུས་ཚོད་ཀྱི་མཚམས་ཚིགས་དང་བླང་བྱ་གཞིར་བཟུང་། སྤུས་འབོར་གཉིས་ལྡན་ངང་ལས་འགན་ཁག་ལེགས་སྒྲུབ་བྱས་ཏེ་འཆར་འགོད་བཟོ་བའི་ལས་ཀ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།